རང་སེམས་ཤོར་བའི་བུ་མོ།

图片发自简书App





༼དྭངས་གསལ་མུ་ཏིག་གི་མཆི་མ་རྡོག་པོ།༽

———སྡོང་ལོ།

༼༡༽

སྡེ་ཆེན་རྩེ་རའི་བུ་མོ་སྒྲོལ་མ།

རྨི་ལམ་བོར་བའི་མཚན་མོ་དེ་ལ།

ང་ཡི་འཕྲིན་ལ་འཕྲིན་ལན་མི་དགོས།

རང་སེམས་གསོ་བའི་བདུད་རྩའི་ཐིག་པ།

རེ་ཐག་ཆད་པའི་མཚན་མོ་དེ་ལ།

ང་ཡི་འཚོ་བ་སྐྱུར་བོ་མ་གནང།

གས་ཆགས་ཤོར་བའི་བརྩེ་བ་དྭངས་མ།

རང་སེམས་ཤོར་བའི་མི་དེ་མེད་དུས།

འདས་བའི་ལོ་ཟླ་ཕྱིར་དྲན་མ་གནང་།

ཁ་བ་འབབ་པའི་དགུན་ཟླ་རིང་མོ།

ལྗང་མྱུག་མེད་པའི་སྡོང་ལོ་སྐམ་པོ།

འཚུབ་མ་རླུང་གིས་འཁུར་འཁུར་མ་གནང་།

རྫ་རིའི་སྐེད་ཀྱི་རྔོན་པ་བོའུ་ཁུར།

དབྱར་ཟླ་དྲུག་པའི་ཤེས་ཕྲུག་སྣང་སྐྱིད།

དམར་ཆུང་སྲོག་གི་ཉེན་ཁ་མ་གཏོད།

འཚུབ་མ་རླུང་གི་བུ་ཡུག་རྒོད་པོའི།

ན་དམར་གཞུང་གི་ཆུ་ཕྲན་དྭངས་མོ།

དགུན་ཟླ་ར་བའི་ཙག་གིས་མ་བཅུམ།

མཚན་གསུམ་ཐང་གི་འུག་པ་སྐྱ་ལོག

བྱང་ཐང་ནག་པོའི་ཅག་པ་ཁེར་འགྲོའི།

རྟ་བོ་འགྱེལ་བཟུར་སློང་གི་མ་འཇུག

 ༼༢༽

འབྲོག་རིའི་བུ་མོ་སྒྲོལ་མ།།

ཁ་ཚིག་གཞན་ལ་མ་གཡར།།

བུ་ཆུང་དུང་བའི་ནང་སེམས།།

ཁྱོད་དང་ཁྱོད་ལ་གཏད་ཡོད།།

གཤོག་དྲུག་གསེར་མིག་ཉ་མོ།།

མཚོ་ཆུང་མཐའ་ལ་མ་འཁོར།།

ལྕགས་ཀྱུའི་གཟན་ལ་འཁྲེང་ན།།

རང་ལུས་དབིྱངས་ལ་དཔྱངས་འགྲོ།

དབྱར་ཟླ་ར་བའི་གཡུ་སྦྲང་།།

དུར་དུར་སྣང་བ་མ་མཐོ།།

བྱེའུ་ཆུང་ཕོ་བ་བཀྲེས་ན།།

རང་ལུས་སྲོག་གི་གཉེན་ཡིན།།

ལྷོ་ཕྱོགས་སྤྲིན་པ་དཀར་པོ།།

དགོང་གི་ཉི་མ་མ་གཡོལ།།

རླུང་བུའི་འཁྱེར་སོ་བཙན་ན།།

གནམ་སའི་མཐའ་ལ་སྤྲད་འགྲོ།

ནགས་རིའི་བེྱའུ་ཆུང་འཇོལ་མོ།།

རྒྱང་རིང་ཡུལ་ལ་མི་འཕུར།།

ལྕང་མ་གླང་མའི་བར་ནས།།

ཁུ་ལོ་སླེབས་ལ་སྒུག་ཡོད།།

ཁ་བ་འབབ་པའི་མཚན་མོ།།

རྨི་ལམ་འཁོར་བའི་ཁྱོད་ལ།།

ལབ་དང་ལབ་པའི་འཕྲིན་ལ།།

སེམས་དང་བསམ་པ་གནང་རོགས།།

༢༠༡༦ལོའི༡༡པའི་༢༥ལ།

推荐阅读更多精彩内容