2017-11-18

༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། །

གཡུང་དྲུང་ལྷ་ཡི་སྐད་དུ་ན། ལོ་སྔ་སྤུངས་སོ་སྨར་གླིང་ཁྲི་ཙེ་ཀྱེ་མ་ཧོ། གྱེར་སད་ཁྲི་སྐྱེས་ཝངས་ལ་དུན་གུ་ཧྲུན། བོད་སྐད་དུ་རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ། སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རི་རྒྱལ་ལྷུན་པོའི་ཕོ་བྲང་། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་ན་བཞུགས་ཏེ། འཁོར་གྱི་དམ་པ་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་། མེ་ལྷ་གསལ་འབར་ཞེས་བྱ་བ་དང་། སྒྲོན་ཤིང་མེ་འབར་དང་། ཁ་སྟེ་རྒྱལ་བ་དང་།  ཁ་སྟེ་མུ་ཡ་དང་། གཙུག་གཤེན་རྒྱལ་བ་དང་། ཁྲི་འདུལ་ཐང་པོ་དང་། གྲྭ་ལ་རབ་འབྱམས་དང་། ཝེར་ལ་བྱིན་སྤུངས་དང་། སད་ལ་ནི་ཝེར་དང་། བྱམས་པ་འོད་འཕྲོ་དང་། ཨ་ཁྲི་བཙད་པོ་དང་། ཡེ་གཤེན་གཙུག་ཕུད་དང་། གཉན་བོན་ཐང་ཐང་ཁྲོལ་བ་དང་། ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། ས་བདག་གི་བོན་པོ་ཐོག་ཐོག་དང་། གཏོད་ཀྱི་བོན་པོ་ཁྲི་ཝེར་དང་། མི་ཡི་བོན་པོ་ཡེ་གཤེན་རྒྱལ་བ་དང་། བྱོལ་སོང་གི་བོན་པོ་ཁྲི་སྣར་ཁུག་པ་དང་། ཡི་དྭགས་ཀྱི་བོན་པོ་ཁ་རུ་ཡུག་པ་དང་།  དམྱལ་བའི་བོན་པོ་སྣེ་རྩེ་འབར་བ་དང་། ལྷ་མ་ཡིན་གྱི་བོན་པོ་ཙཀྲ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། བྱ་ངང་པ་དང་། ངུར་པ་དང་། ཁྲུང་ཁྲུང་དང་། ཁྱིམ་བྱ་དང་། རྨ་བྱ་དང་། ནེ་ཙོ་དང་། ཁུ་བྱུག་དང་། དེ་རྣམས་ཀྱིས་ཀྱང་རྒྱ་མཚོའི་ནང་གླིང་ནས་མེ་ཏོག་པད་མ་རེ་རེ་ཁྱེར་ནས། སྟོན་པ་ལ་མཆོད་པ་ཕུལ་ལོ། །དེའི་ཚེ་ཤིང་སྟག་པ་དང་། ཤུག་པ་དང་། རྒྱ་སྟག་དང་། འོལ་མ་དང་། སྨར་མོ་དང་། པད་མོ་དང་། ཁྲི་སྣར་བ་དང་། དགུ་བརྩེགས་དང་། བདུན་འབར་དང་། སྦ་ལོ་རྒྱས་ལ་སོགས་ཏེ། ཤིང་རྣམས་ཀྱང་སྟོན་པའི་ཕྱོགས་སུ་ཁ་བལྟས་ཏེ། རང་གིས་རང་ཡང་ཕུལ་ལོ། །མེ་ཏོག་རྣམས་ནི་འདི་ལྟ་སྟེ། ཙམ་པ་ཀ་དང་། ཨུ་དུམ་འབར་བ་དང་། སྐྱ་སྣར་དང་། ཀུ་མུ་ཏ་དང་། པ་ཏྲ་དང་། པ་ལ་དང་། སྣི་རྩེ་དང་། ཀུ་ཡུག་དང་། མཛེས་ལྡན་དང་། པདྨ་དཀར་པོ་དང་། པདྨ་སེར་པོ་དང་། པདྨ་སྔོན་པོ་དང་། པདྨ་མཐིང་ག་དང་།  པདྨ་ལྗང་གུ་དང་། པདྨ་དམར་སྐྱ་དང་། པདྨ་དམར་སེར་དང་། དེ་ལ་སོགས་ཏེ་མེ་ཏོག་རྣམས་ཀྱང་རང་རང་གིས་མདངས་ཕྱུངས་ནས་སྟོན་པའི་དྲུང་དུ་སིལ་སིལ་འཐོར་རོ། །སེང་གེ་གངས་ལ་འགྱིང་བ་བརྒྱད་ཀྱིས་ཀྱང་གཡུའི་རལ་པ་སྤྲུགས་པར་བྱེད་དོ། །སྟག་ཆེན་སྡེར་མང་བཞིས་ཀྱང་ཐང་ཤིང་གི་མེ་ཏོག་འཐོར་བར་བྱེད་དོ། །གཟིག་ཆེན་ཐིག་ལེ་བཀྲ་བ་བཞིས་ཀྱང་དུང་གི་མེ་ཏོག་འཐོར་བར་བྱེད་དོ། ། གླང་པོ་ཆེ་སྣ་ལྗགས་ཅན་བཞིས་ཀྱང་ཡིད་བཞིན་གྱི་ནོར་བུ་འཐོར་བར་བྱེད་དོ། །གཞན་ཡང་་ལྷ་དད་པ་ཅན་དང་། ཀླུ་དད་པ་ཅན་དང་། གནོད་སྦྱིན་དད་པ་ཅན་དང་། དེ་ལ་སོགས་པའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་རྣམས་ཀྱིས་ཀྱང་། ལ་ལས་གསེར་གྱི་མེ་ཏོག་འཐོར་བར་བྱེད་དོ། །ལ་ལས་དར་གྱི་ཅོད་པཎ་འབུལ་བར་བྱེད་དོ། །ལ་ལས་ཤུལ་ཤམ་གྱི་ཅོད་པཎ་འབུལ་བར་བྱེད་དོ། །ལ་ལས་རོལ་མོའི་སྒྲ་རྣམས་མཆོད་པ་འབུལ་བར་བྱེད་དོ། །ལ་ལས་སྤོས་ཀྱི་གླང་པོ་འབུལ་བར་བྱེད་དོ། །ལ་ལས་རྟ་མཆོག་རིན་ཆེན་འབུལ་བར་་བྱེད་དོ། །ལ་ལས་ཨུ་དུམ་དཀར་པོ་འབུལ་བར་བྱེད་དོ། །ལ་ལས་གསེར་གྱི་གདུགས་འབུལ་བར་བྱེད་དོ། །ཀླུའི་རྒྱ་པོས་མེ་ཏོག་མན་དྷ་ར་བ་ཕུལ་ལོ། །མིའི་རྒྱལ་པོས་དུང་རུས་དཀར་པོ་ཕུལ་ལོ།  །དེའི་ཚེ་དེའི་དུས་ན། ཕྱོགས་ཕྱོགས་ཀྱི་རྒྱལ་པོ་རྣམས་ཀྱིས་ཀྱང་རང་རང་གི་བོན་ཞུ་བའི་ཆེད་དུ་མོས་ཕྱག་ཞུམ་ཞུམ་འཚལ་ནས་ཕྱོགས་ཕྱོགས་སུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་མི་བོ་ནི། ཞབས་སྐྱིལ་མོ་ཀྲུང་བཅས། མཉམ་པ་ཉིད་ཀྱི་ཕྱག་རྒྱ་བཅས་ནས། སྐུ་དྲང་པོར་བསྲངས་ཏེ། རིག་པ་རང་ཐོག་ཏུ་ཁྱེར་ནས་དབུ་ལ་རིན་པོ་ཆེའི་ཟེར་པྲོག་ནི་གསོལ། མགུལ་གྱི་བུམ་པ་ནས་ལྗགས་ཀྱི་དབང་པོ་ཕྱུངས་ཏེ།  ཐུགས་ཀྱི་སྙིང་ཁོང་ནས་འོད་ཟེར་གྱི་དྲ་བ་དབུའི་གཙུག་ཏུ་དཀྱེས་སོ། །འོད་ཟེར་དཀར་ལ་གསལ་བ། སྐར་མ་པ་ཝ་སངས་ཀྱི་མདོག་ལྟ་བུ་ཞིག་སྤྲོས་ཏེ།  ཤར་ཕྱོགས་ཀྱི་འཇིག་རྟེན་ཁམས་སུ་སྤྲོས་པས་ཀྱང་། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཞིག་སངས་རྒྱས་ཏེ་སོང་ངོ་།  །ཐུགས་ཀྱི་དཔལ་གོང་ནས་ཀྱང་འོད་ཟེར་སེར་པོ་ཤིན་ཏུ་སེར་བ། གསེར་བཙོ་མའི་མདོག་ལྟ་བུ་ཞིག་སྤྲོས་ཏེ། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་སྤྲོས་པས་ཀྱང་། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཞིག་སངས་རྒྱས་ཏེ་སོང་ངོ་། །ཐུགས་ཀྱི་དཔལ་དབྱེའི་དོང་གོང་ནས་ཀྱང་།  འོད་ཟེར་སྨུག་པོ་ཤིན་ཏུ་སྨུག་པོ་གཡུ་རྨ་ལོའི་མདོག་ལྟ་བུ་ཞིག་སྤྲོས་ཏེ། ནུབ་ཕྱོགས་ཀྱི་འཇིག་རྟེན་ཁམས་སུ་སྤྲོས་པས་ཀྱང་།  སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཞིག་སངས་རྒྱས་ཏེ་སོང་ངོ་། །སྐུའི་དཔྲལ་བའི་དབྱིངས་རུམ་གཡས་གཡོན་ནས་ཀྱང་འོད་ཟེར་དམར་པོ་ཤིན་ཏུ་དམར་བ་རྫི་དར་དབྱུག་དམར་པོའི་མདོག་ལྟ་བུ་ཞིག་སྤྲོས་ཏེ། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་སྤྲོས་པས་ཀྱང་། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཞིག་སངས་རྒྱས་ཏེ་སོང་ངོ་། །ཞབས་ཀྱི་མཐིལ་རུམ་ནས་ཀྱང་འོད་ཟེར་ནག་པོ་ཤིན་ཏུ་ནག་པོ་རྒྱ་སྣག་བཅག་པ་ལྟ་བུ་ཞིག་སྤྲོས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྤྲོས་པས་ཀྱང་། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཞིག་སངས་རྒྱས་ཏེ་སོང་ངོ་། །དེའི་ཚེ་དེའི་དུས་ན། གཤེན་འཆི་མེད་གཙུག་ཕུད་ལ་སོགས་སྟོན་པའི་སྐུ་འཁོར་ཐམས་ཅད་ཀྱིས། རྔ་གཤང་ལ་སོགས་རོལ་མོ་བསྒྱུར། མཆོད་པ་སྟོང་རྩ་གཅིག་ཕུལ་ནས། བསྐོར་བ་བྱས་ཤིང་ལྷ་ཕྱག་འཚལ། །དར་གྱི་ལྡ་ལྡི་ནམ་མཁར་ཕྱར། །གསེར་གྱི་ཕྱེ་མ་ས་གཞིར་བདལ། །མེ་ཏོག་མཛེས་པ་གཅལ་དུ་བཀྲམ། །རོལ་མོའི་མཆོད་པ་རྒྱན་དུ་ཕུལ། །དེ་ཡི་ཡོན་ཏན་དངོས་སུ་ཤར། །འཇིག་རྟེན་ཁམས་ཀྱང་གཡོ་ཞིང་འགུལ། །འུར་ཐུག་རབ་ཏུ་ཆེམས་པར་འགྱུར། །མཁའ་ལ་གསལ་བའི་འོད་ཤར་ཞིང་། །ས་གཞིར་མཛེས་པའི་མེ་ཏོག་སྐྱེས། །སྙན་པའི་སྒྲ་ཡང་ཀུན་ཏུ་གྲགས། །དེར་ཚོགས་སེམས་ཅན་སྤྲོ་བ་སྐྱེས། །བཞུགས་ཁང་སྟེང་གི་ནམ་མཁའ་ལ། །འཇའ་ཚོན་ཁུག་པ་བཞི་རུ་བྱུང་། །སྐུ་བཞིའི་འཁོར་དང་བཅས་པ་གསལ། །འདི་ལྟར་སྣང་སྲིད་སྣོད་བཅུད་ཀུན། །ལྷ་ཡི་གཞལ་ཡས་ཁང་དུ་གྱུར། །དབྱིངས་ཀྱི་ཡུམ་གྱི་ཐུགས་ཀ་ནས། །སྐྱེ་མེད་ཡི་གེ་ཨཿཞིག་སྤྲོས། །ཡེ་ཤེས་ལྷ་ཡི་ཐུགས་ཀ་ནས། །འོད་དཀར་གསལ་བ་མདའ་གང་སྤྲོས། །ཐབས་ཀྱི་མཆོག་གི་ཐུགས་ཀ་ནས། །གཡུ་ཡི་དུ་བ་མདུང་ཙམ་སྤྲོས། །ཤེས་རབ་ཕུལ་གྱི་ཐུགས་ཀ་ནས། །མྱུར་མགྱོགས་མེ་སྒྲོན་གློག་ཙམ་འགྱུ། །དད་པ་ཅན་གྱི་འཁོར་རྣམས་ཀྱང་། །གསལ་བའི་སྒྲོན་མ་ལམ་གྱི་ཐལ། །གཡས་པར་ཉི་མའི་འཁོར་ལོ་ལས། །ཡེ་ཤེས་གསལ་བའི་མེ་བྱུང་བས། །ཀུན་གཞིའི་བག་ཆགས་ངན་པ་ནི། །ཡེ་ཤེས་མེ་ཡིས་བཅོམ་གྱིན་སྲེག །གཡོན་པ་ཟླ་བའི་འཁོར་ལོ་ལས། །བདུད་རྩི་གསོ་བའི་ཆུ་བྱུང་བས། །ཀུན་གཞི་བག་ཆགས་ངན་པ་ནི། །ཐར་པར་འགྲོ་བ་ཆུ་ཡིས་གསོ། །སྤྱི་བོའི་འཕྲོ་འདུ་ལྔ་པོ་ནི། །ལྷ་ལྔ་ཡེ་ཤེས་ལྔ་རུ་གསལ། །ཡེ་ཤེས་ལྔ་ཡིས་དུག་ལྔ་བཅོམ། །སེམས་ཅན་འཁོར་བའི་ས་གཞི་ཡང་། །པདྨ་སྟོང་དུ་རྒྱས་པར་སྐྱེས། །བདེ་གཤེགས་རྣམས་ལ་མཆོད་པ་འབུལ། །དྲི་དང་མེ་ཏོག་རྣམ་ལྔ་ཡང་། །འདོད་པ་རྣམ་ལྔ་སོ་སོར་བསྔོས། །སེམས་ཅན་རྣམས་ལ་སྦྱིན་པ་གཏོང་། །མཆོད་པས་མཉེས་ཤིང་སྦྱིན་པས་ཚིམ། །མེ་ཏོག་རྣམས་ཀྱང་སྦྱིན་པར་བྱིན། །མདངས་ལ་དགའ་བས་མེ་ཏོག་ཁྱེར། །གཟུགས་ལ་དགའ་བས་མར་མེ་ཁྱེར། །བཅུད་ལ་དགའ་བས་བདུད་རྩི་ཁྱེར། །དྲི་ལ་དགའ་བས་སྤོས་མེ་ཁྱེར། །འདོད་ལ་དགའ་བས་ལྷ་བཤོས་ཁྱེར། །སྐུ་ལྔ་དག་ལ་མཆོད་པ་འབུལ། །ཡུལ་ལྔ་དག་ལ་དབྱིངས་སུ་སྦྱོང་། །ཚོགས་དྲུག་རྣམ་ཤེས་དྲུག་དང་སྦྱར། །མྱ་ངན་འདས་ཀྱང་ལྷ་ཞལ་མཐོང་། །ཐ་དད་སེམས་ཅན་མ་ལུས་ཀུན། །བོན་གྱིས་འདོད་པ་ཚིམ་པར་ཤོག། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །བག་ཆགས་དྲི་མ་བྱང་བར་ཤོག །བོན་ལ་དད་པའི་སེམས་ཅན་རྣམས། །ཡེ་ཤེས་ལྷ་དང་ལྷ་མོར་ཤོག །སྟོན་པས་སྨོན་ལམ་དེ་སྐད་བཏབ། །དེར་འདུས་སེམས་ཅན་ཐམས་ཅད་ཀྱང་། །མངོན་པར་རྫོགས་པར་སངས་རྒྱས་སོ། །གླིང་གཞིའི་ལེའུ་སྟེ་དང་པོའོ།།  །།དེའི་ཚེ་དེའི་དུས་ན། གཤེན་ཚངས་པ་གཙུག་ཕུད་ཀྱིས་ཞུས་པ། གཤེན་རབ་ལགས། སྔ་རབས་ཀྱི་སེམས་ཅན་སངས་རྒྱས་ཀྱང་། ཕྱི་རབས་ཀྱི་སེམས་ཅན་ཐར་པར་འདྲེན་པའི་བོན་ཞིག་ཞུ། ཞེས་གསོལ་ཏོ། །གཤེན་རབ་ཀྱིས། གཤེན་ཚངས་པ་གཙུག་ཕུད་ལ་བཀའ་སྩལ་པ། ཕྱི་རབས་ཀྱི་སེམས་ཅན་རྣམས་འདྲེན་པར་འདོད་ན། རིགས་དྲུག་ཐར་ལམ་གྱི་མདོ་ཡིས་དྲང་བར་འགྱུར་རོ། །ཞེས་གསུངས་སོ། །ཡང་ཡིད་ཀྱི་ཁྱེའུ་ཆུང་གིས་ཞུས་པ། སྟོན་པ་ལགས། རིགས་དྲུག་གི་སེམས་ཅན་ཐར་པར་འདྲེན་པའི་མདོ་གང་ལགས། ཞེས་སྟོན་པ་ལ་ཞུས་སོ། །སྟོན་པས་ཡིད་ཀྱི་ཁྱེའུ་ཆུང་ལ་བཀའ་སྩལ་པ། མདོ་སྡེ་ལེའུ་དགུ་པ་ཞེས་བྱ་བ་ཞིག་ཡོད་དོ། །དེས་ཀྱང་སེམས་ཅན་ཐར་པར་དྲང་བར་མི་འགྱུར་རོ། །ཡང་གཤེན་ཚངས་པ་གཙུག་ཕུད་ཀྱིས་ཞུས་པ། སྟོན་པ་ལགས། མདོ་སྡེ་ལེའུ་དགུ་པས་སེམས་ཅན་ཅིའི་ཕྱིར་མི་འདྲེན། ཞེས་ཞུས་པ་དང་། དེ་ལ་སྟོན་པས་བཀའ་སྩལ་པ། དེ་ནི་གཤེན་རབ་སྲེག་སྦྱོང་གི་བོན་ལགས་པས། ཕྱི་རབས་འདུལ་གཤེན་གྱི་བོན་དུ་མི་ཉན། ཞེས་བཀའ་སྩལ་ཏོ། ། ཡང་ཡིད་ཀྱི་ཁྱེའུ་ཆུང་གིས་ཞུས་པ། དུག་ལྔ་མྱུར་དུ་འཇོམས་པ་ཡི། བདལ་བ་ཉི་ཟེར་གྱི་བོན་ཞིག་ཞུ། ཞེས་གསོལ་ཏེ།  སྐོར་བ་ལན་གསུམ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ལ་སྟོན་པས་གསུངས་པ། དེ་ནི་ལྟ་བ་གཅིག་ཆོད་ཀྱི་བོན་ཡིན་པས་མྱུར་དུ་གོ་དཀའོ། །ཞེས་བཀའ་བསྩལ་ཏོ། །ཡང་གཤེན་ཚངས་པ་གཙུག་ཕུད་ཀྱིས་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་ཞིག་སྟོན་པ་ལ་ཕུལ་ནས་ཞུས་པ། སེམས་ཅན་ཐར་བར་འདྲེན་པའི་བོན་ཞིག་བདག་ལ་བཤད་དུ་གསོལ། དེ་ལ་སྟོན་པས་བཀའ་སྩལ་པ། སེམས་ཅན་བཀྲིད་དྲང་གི་བོན་ཞིག་ཞུའམ། ཐར་ལམ་བདེ་འབྱེད་ཀྱི་བོན་ཞིག་ཞུའམ། ལྟ་བ་གཅིག་ཆོད་རང་སེམས་ཀྱི་བོན་ཞིག་ཞུ། ཞེས་བཀའ་བསྩལ་ཏོ། །ཡང་གཤེན་ཚངས་པ་གཙུག་ཕུད་ཀྱིས་ཞུས་པ། གཤེན་རབ་ལགས། ལྟ་བ་གཅིག་ཆོད་ཀྱི་བོན་གྱིས་མི་གཅིག་སངས་རྒྱས་པ་ལགས། འཁོར་བ་བཀྲིད་དྲང་གི་བོན་གྱིས་ཡུལ་ཁམས་གཅིག་སངས་རྒྱས་པ་ལགས། རིགས་དྲུག་ཐར་ལམ་གྱི་བོན་གྱིས་རིགས་དྲུག་གི་སེམས་ཅན་སྒྲ་ཐོས་པ་ཐམས་ཅད་སངས་རྒྱས་པར་བྱེད་པ་ལགས་སོ། །སྐྱིད་སྡུག་ལེགས་ཉེས་ཀྱི་ལྟ་བ་དག་ཀྱང་དེའི་ནང་དུ་ཡོད་པ་ལགས་སོ། །ཞེས་ལྷ་ཕྱག་ལན་གསུམ་འཚལ་ཏེ། རྫུ་འཕྲུལ་ཤུགས་ཀྱི་རྟ་ཕོ་ལ། རིན་པོ་ཆེ་གཡུ་ཡི་སྒ་བསྟད་པ་ཞིག་ཕུལ་ནས། སྟོན་པ་ལ་བསྟོད་པ། མ་རྨོངས་ཐུགས་ལ་གསལ་བའི་གཤེན་རབ་ནི། །སྐུ་ཆེ་ཡན་ལག་རགས་པས་ཁྱད་པར་འཕགས། །སྐྱེ་བ་མེད་པས་བོན་ཉིད་དབྱིངས་ན་བཞུགས། །འགག་པ་མེད་པས་སེམས་ཅན་འགྲོ་དོན་མཛད། །འཁྲུལ་བ་མེད་པས་རིགས་དྲུག་ཐར་ལམ་འབྱེད། །སྒྲིབ་པ་མེད་པས་པདྨའི་གདན་ལ་བཞུགས། །སྐྱོད་པ་མེད་པས་སེང་གེའི་གདན་ལ་བཞུགས། །ཆགས་པ་མེད་པས་གསེར་གྱི་སྙན་ཆས་བརྒྱན། །རིགས་དྲུག་གསལ་བས་གསེར་གྱི་ཟེ་པྲོག་གསོལ། །ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་ལ། །གུས་པས་ཕྱག་འཚལ་གནོང་བས་སྡིག་པ་བཤགས། །རིགས་དྲུག་ཐར་ལམ་འདྲེན་པའི་བོན་ཞིག་ཞུ། །ཞེས་གསོལ་ནས་ཕྱོགས་གཅིག་ཏུ་འདུག་གོ །སྟོན་པས་ཀྱང། ལེགས་སོ། །ལེགས་སོ། །ཞེས་བྱ་བ་བྱིན་ནས། རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བདག་གིས་བཤད་ཀྱིས། གུས་པས་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་བཀའ་བསྩལ་ཏོ། །སེམས་ཅན་དོན་ལ་བརྩོན་པ་ཡི། །གཤེན་ཚངས་པ་གཙུག་ཕུད་རབ་ཏུ་ཉོན། །རིགས་དྲུག་ཐར་བར་འདྲེན་པ་ཡི། །བོན་བཤད་ང་ཡིས་ལེགས་པར་གསུངས། །ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན། །གཙོ་བོ་བཞི་ལ་ཕྱག་ཀྱང་འཚོལ། །དཀྱིལ་འཁོར་གྲུ་བཞི་ལྡན་པ་ལ། །དབུས་སུ་པདྨ་འདབ་བཞིར་བྲི། །སྒོ་བཞིར་མུ་ཁྱུད་ལྡན་པར་བྱ། །དབུས་སུ་གསེར་གྱི་བུམ་པ་བཞག །བདེ་གཤེགས་གཙོ་བཞི་བསྒོམ་པར་བྱ། །བདེ་གཤེགས་སྟོང་གི་མཚན་རྣམས་བརྗོད། །སྡིག་བཤགས་མཆོད་པ་རྣམ་ལྔ་འབུལ། །རིགས་དྲུག་གཤེན་དྲུག་མཚན་རྣམས་བརྗོད། །སྐུ་མདོག་ཕྱག་མཚན་ལྡན་པ་ནི། །རིགས་དྲུག་འདུལ་བའི་བོན་དུ་བསྒོམ། །མཚན་ཕྱག་འཚལ་གྱིན་སྡིག་པ་བཤགས། །རིགས་དྲུག་ཐར་བ་ཐོབ་པར་ངེས། །མཆོད་སྦྱིན་དུས་དང་རྟག་ཏུ་བཏང་། །ཉོན་མོངས་ལན་ཆགས་བྲལ་བར་འགྱུར། །མ་རིག་མུན་པ་སེལ་བར་འགྱུར། །དུག་ལྔ་གཏིང་ནས་འཇོམས་པར་འགྱུར། །རིགས་དྲུག་ཐར་བ་ཐོབ་པར་འགྱུར། །ཞེས་སྟོན་པས་བཀའ་བསྩལ་ཏོ། །གཤེན་ཚངས་པ་གཙུག་ཕུད་ཀྱིས་ལྷ་ཕྱག་ལན་གསུམ་འཚལ་ལོ། །སྟོན་པས་རིགས་དྲུག་སེམས་ཅན་ཐར་པར་འདྲེན་པའི་མདོ་སྒོ་ཕྱེས་ནས་གསུངས་པའི་ལེའུ་སྟེ་གཉིས་པའོ།།  །།གཡུང་དྲུང་ལྷ་ཡི་སྐད་དུ་ན། སད་སྔ་གྱེར་ལ་ཏན་ཏྲ་ཧོ།    བོད་སྐད་དུ།  སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལེའུ་སྟེ། གཤེན་འཆི་མེད་གཙུག་ཕུག་ལ་ཕྱག་འཚལ་ལོ། །དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་མི་བོ་ནི། རི་བོ་འདུས་པ་ན་བཞུགས་ཏེ། འཁོར་གྱི་དམ་པ་ལྷ་གཤེན་བརྒྱ་དང་། ལྷ་མོ་སུམ་བརྒྱ་དང་། ཡིད་ཀྱི་ཁྱེའུ་ཆུང་བཞི་དང་། རིགས་དྲུག་འདུལ་བའི་གཤེན་དྲུག་ད་ང། གཞན་ཡང་ལྷ་དད་པ་ཅན་དང་། ཀླུ་དད་པ་ཅན་དང་། ལྷ་མ་ཡིན་དད་པ་ཅན་དང་། མི་དད་པ་ཅན་དང་། རྒྱལ་པོ་ཁུ་བྱུག་གསུང་སྙན་ལ་སོགས་ཏེ་འཁོར་དུ་གཏོགས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གཤེན་ཚངས་པ་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། རིགས་དྲུག་གི་ནང་ན་སྡིག་ཆེ་བའི་ཞེ་སྡང་རྣམ་སྨིན་ཆ་རགས་པའི་དམྱལ་བ་རང་རྒྱུད་བསྲེགས་པ་ཡི། སེམས་ཅན་ཐར་པར་དྲང་དུ་གསོལ། ཅེས་གུས་ཕྱག་ལན་གསུམ་འཚལ་ནས་སྟོན་པ་ལ་ཞུས་སོ། །དེ་ལ་སྟོན་པས་བཀའ་སྩལ་པ། གཤེན་འཆི་མེད་གཙུག་ཕུད་ལ་སོགས་ཏེ། འཁོར་དུ་གཏོགས་པ་ཀུན་ཀྱང་ཉོན། རིགས་དྲུག་འདུལ་བའི་ནང་ནས་དམྱལ་བ་འདུལ་འདོད་ན། དམྱལ་བ་འདུལ་བའི་ལྷ་སྒོམ་པ་ནི། སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་ནག་པོ་དུད་ཁ་བ། །དུད་ལས་གྲུབ་པའི་གཤེན་རབ་ནི། །དུད་ཡུག་དཀར་པོ་ཞེས་བྱ་བ། །གཡས་པས་ཤེས་རབ་རལ་གྲི་བསྣམས། །གཡོན་པས་ལྕགས་ཀྱི་ཐོ་ཆེན་བསྒྲིལ། །སྐུ་ལ་གཡུ་ཡི་སླག་པ་མནབས། །ཞལ་ནས་སྔགས་ཀྱི་འོད་ཟེར་འཕྲོ། །ཞབས་གཉིས་ཁྲོ་བོའི་སྟབས་སུ་བཞུགས། །རལ་གྲིས་གཏུབ་ཅིང་ཐོ་བས་བརྡུང་། །སྙིང་པོ་སྔགས་ཀྱི་གཟེར་ཡང་འདེབས། །སྔགས་ཀྱི་འོད་ཟེར་ཀུན་ཏུ་འཕྲོས། །ཨཱོཾ་བསྭོ་དུ་ཏྲི་བཾ་ཡ་ཐར་ལམ་ཞི་ཞི་སྭཱ་ཧཱ། དེ་སྐད་ཅེས་བརྗོད་པས། དམྱལ་བ་ཐམས་ཅད་ཐར་པ་ཐོབ་པར་འགྱུར་རོ། །ངོ་མཚར་རྨད་དུ་བྱུང་བ་ཡི། །ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །དགུང་སྔོན་མཐོན་པོར་བོན་ཉིད་དབྱིངས་ནས་བདལ། །ཐུགས་རྗེའི་སྤྲིན་དཔུང་སྟོན་པའི་སྐུ་ལ་འདུས། །བྱིན་རླབས་ཆར་པས་འགྲོ་དྲུག་ཚིམ་པར་བྱེད། །སྲིད་གསུམ་རྫིང་བུ་ལས་འཕྲོ་ཅན་ལ་འཁྱིལ། །ས་གཞི་སྐོམ་པོ་དད་པ་ཅན་རྣམས་སྦངས།  །ཡོན་ཏན་འབྲུ་བཅུད་སྦྱིན་པ་ཅན་གྱིས་བརྔས། །དེ་ལྟར་ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདིས། །དེང་གི་རྒྱུ་སྦྱོར་ཡོན་བདག་དང་། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མི་གཙང་དྲི་མ་དག་པར་ཤོག། །དམྱལ་བའི་སྡུག་བསྔལ་ཞི་བར་ཤོག །ཅེས་བརྗོད་དོ། །ཕྱག་རྒྱ་ཐར་སྦྱོར་ཐུགས་ཀར་གཏད་ནས་སྔགས་འདི་བརྗོད།  བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །ཨཱོྃ་བདག་གི་ཏིང་འཛིན་སྤྲུལ་པ་དང་། །སྟོན་པ་གཤེན་རབ་ཐུགས་རྗེ་དང་། །གཙོ་བོ་བཞི་ཡི་བྱིན་རླབས་ཀྱིས། །དམྱལ་བའི་སེམས་ཅན་རྒྱུན་ཆད་ཤོག །བསྭོ་ཕུར་ཡ་ཙ་རཀྵ་ཕཊཿ  ཁྲུས་དང་མཚམས་གཅོད་ཀྱི་ལེའུ་སྟེ་གསུམ་པའོ།།  །།ད་ནི་བསྟོད་ཕྱག་བྱ་བ་ནི། དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ། །ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ། །བདེ་གཤེགས་སྟོང་དང་རྩ་བརྒྱད་ལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །ཉོན་མོངས་བག་ཆགས་སྡིག་སྒྲིབ་རྣམས། །ཐུགས་རྗེས་དམྱལ་བ་སྦྱོང་བའི་ཕྱིར། །སྐུ་མདོག་ཕྱག་མཚན་གདན་ཁྲིར་བསྟན། །བྱིན་རླབས་ཐུགས་རྗེའི་སྤྲུལ་པ་དང་། །འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་བཀྱེ། །བདེ་གཤེགས་སྟོང་གི་སྐུ་རུ་བྱུང་། །བདེ་གཤེགས་སྟོང་དང་རྩ་བཞི་ལ། ། བདག་དང་མཐའ་ཡས་སེམས་ཅན་དང་།  ། དེང་གི་སེམས་ཅན་ཉོན་མོངས་ཀྱིས། །ལུས་ངག་ཡིད་གསུམ་ཐང་བཅད་ནས། །དྭངས་བའི་སེམས་ཀྱིས་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་རྣམས་ལ་ཕྱག་འཚལ་བ་དང་། སྙིང་པོ་བརྗོད་པ་ནི།  ཡཾ་རྃཁྃ་དུ་ཏྲི་ཤག ཞེ་སྡང་ཚལ་པ་ཐུམ་རིལ་ཕཊཿ དུག་ལྔ་མྱུར་དུ་འཇོམས་པ་ཡི། །གཉེན་པོ་ཡེ་ཤེས་ལྔ་ཤར་བའི་ཚེ། དམྱལ་བ་རྣམས་ཞི་བར་གྱུར་ཅིག མེད་པར་གྱུར་ཅིིག སྟོང་པར་གྱུར་ཅིག དམྱལ་བ་འདུལ་བའི་ལྷ་ཡེ་འབུམ་རྒྱལ་པོ་ལ་ཕྱག་འཚལ་ལོ།  དམྱལ་བ་འདུལ་བའི་ལྷ་ཡེ་སངས་རྒྱལ་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་ཡེ་ཁྱབ་ཆེན་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་ཡེ་བདལ་ཆེན་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་ཡེ་ཡོད་རྒྱལ་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་ཡེ་ཤེས་རྒྱལ་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་ཡེ་སྲིད་རྒྱལ་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་ཡེ་འབྱུང་རྒྱལ་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་ཡེ་གསལ་རྒྱལ་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་ཡེ་དག་རྒྱལ་པོ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་ལྡན་ལ་ཕྱག་འཚལ་ལོ། ། དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་རིག་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་ཤེས་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་བསྒྲོད་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་ཁྱབ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་འདུལ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་འདྲེན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་སྙོམས་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཁྱབ་བདལ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་གཤེན་བྱམས་པ་ཀུན་དྲངས་ལ་ཕྱག་འཚལ་ལོ། །དེ་ནས་དམྱལ་བ་འདུལ་བའི་ལྷ་མོ་རྣམས་ལ་ཕྱག་འཚལ་བ་ནི། དམྱལ་བ་འདུལ་བའི་ལྷ་མོ་དབྱིངས་ཀྱི་བདེར་གྲུབ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་གསལ་ཁྱབ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཀུན་ཤེས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་དོན་གྲུབ་་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཐོགས་མེད་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་དྲག་པོའི་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཞི་བའི་ངང་ཚུལ་ཅན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་གྲུབ་པའི་གཟི་བརྗིད་ཅན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་འདྲེན་པའི་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་སྟོབས་ཀྱི་ཕྱག་རྒྱ་ཅན་ལ་ཕྱག་འཚལ་ལོ།  །དམྱལ་བ་འདུལ་བའི་ལྷ་མོ་ཤུགས་ཀྱི་དབྱིངས་སྒྲོལ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཡིད་ཀྱི་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་བདལ་པའི་ཀུན་ཁྱབ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་བསྒྲུབས་པའི་ཀུན་གྲུབ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་གསོས་པའི་ཡོངས་འཚོ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་སོས་པའི་ཀུན་འཁོར་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་གྲུབ་པའི་གཏེར་ལྡན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་མན་ངག་ཀློང་རྟོགས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་གཡོ་མེད་ཞི་བ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཀློང་ལྔ་ཅིར་སྤྲུལ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཁ་དོག་དངོས་མེད་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་དབྱིབས་ཀྱི་གཟུགས་མེད་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཚིག་གི་མཐའ་འདས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་དོན་གྱི་དབྱིངས་གྲུབ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ནམ་མཁའ་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་གསལ་བ་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཀུན་འབུམ་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་འོད་འབར་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་འོད་ཀྱི་ཟེར་འཕྲོ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་སྒྲོན་མེ་ཅན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཀུན་ཤེས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཡོངས་སུ་ཁྱབ་པ་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཀུན་ཤེས་གོ་འབྱེད་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་མཐོ་གཅོད་བློ་ལྡན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་འཇིག་རྟེན་གདོས་མཁྱེན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་སྲིད་པའི་རྩིས་མཁྱེན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་བསྐལ་བའི་གྲངས་མཁྱེན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་འབྱུང་བའི་རྡུལ་མཁྱེན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་སེམས་ཅན་གྱི་སེམས་མཁྱེན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་མུན་པའི་ཚོགས་འཇོམས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་འཇིག་རྟེན་གོ་འབྱེད་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་མཐོ་རིས་སྐས་འཛུགས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཐར་བའི་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཚོགས་ཀྱི་དགྲ་འཇོམས་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་འོད་ཟེར་འབུམ་ཕྲག་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཐུགས་རྗེས་སྙོམས་མཛད་མ་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་སྒྲ་ཡི་བྱེ་བྲག་ཅན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་གཟུགས་ཀྱི་ཆོ་འཕྲུལ་ཅན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ལྷ་མོ་ཐབས་ཀྱིས་ཅིར་མཁྱེན་མ་ལ་ཕྱག་འཚལ་ལོ། །དམྱལ་བ་རེ་རེས་ཀྱང་ལྷ་ཕྱག་རེ་རེ་འཚལ་བས། དམྱལ་བ་ཕྱི་ཡི་ཡུལ་རྣམས་འགྱུར་རོ། །ནང་གི་སེམས་རྣམས་ཞིའོ། །ད་ནི་དམྱལ་བའི་བཤགས་པ་འབུལ་ཏེ། དར་དཀར་ལག་ཏུ་ཐོགས་ལ་འདི་སྐད་དོ། །སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས། །ད་ལྟ་འཁོར་བའི་ཞེ་སྡང་རྒྱུན་བཅད་ནས། །མི་འཁོར་བྱམས་པ་ཆེན་པོའི་སྟོབས་ལྡན་ཏེ། །བོན་ཉིད་དབྱིངས་ནས་ཐུགས་ཉིད་མཉམ་པའི་ལྷ། །འོད་དཀར་གནས་འཛིན་དབྱིངས་སུ་ཐིམ་གྱུར་ཅིག །སེམས་ཅན་དམྱལ་བའི་སྡུག་བསྔལ་ལུས་བླངས་འདི། འཁོར་བ་ཐོག་མ་མེད་པ་ནས། རྒྱུ་ཞེས་སྡང་གི་ཤས་ཆེ་ཞིང་། རྐྱེན་བསད་བཅད་ཀྱི་སྡིག་སྒྲིབ་མཐོལ་ལོ་བཤགས་སོ། །ཕྱག་འཚལ་བ་དང་བཤགས་པ་ཕུལ་བའི་ལེའུ་སྟེ་བཞི་པའོ།།  །།སྟོན་པ་གཤེན་རབ་མི་བོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག །རལ་བ་སྨུག་ནག་གྱེན་དུ་འཁྱིལ། །ཕྱག་གཉིས་བདུད་རྩིའི་བུམ་པ་བསྣམས། །དམྱལ་བ་ཐམས་ཅད་ཞི་བར་བྱེད། །ཕྱག་འཚལ་སྡིག་བཤགས་མཆོད་པ་འབུལ། །དམྱལ་བའི་སྡུག་བསྔལ་ཞི་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །གསལ་བ་འོད་ཀྱི་མར་མེ་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལས་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱིས། །སྐྱོན་གྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །གསལ་བའི་མར་མེའི་མཆོད་པ་བཞེས། །ཨ་དཀར་ཡང་འབར་ཕྱོད་ལྃ་གསལ། །ཨ་དཀར་ཡང་འབར་ཕྱོད་ལྃ་གསལ། །ཨ་དཀར་ཡང་འབར་ཕྱོད་ལྃ་གསལ། །ཨ་དཀར་ཡང་འབར་ཕྱོད་ལྃ་གསལ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །ཞེ་སྡང་ལས་ཀྱིས་འཕྲོ་མཐུད་དབང་བཙན་པའི། །དམྱལ་བ་ཚ་གྲང་གནས་ནས་ཐར་བར་ཤོག །མར་ཁུའི་རྒྱུན་གྱིས་ཚ་བའི་དམྱལ་བ་བསིལ། །སྡོང་བུའི་འོད་ཀྱིས་གྲང་བའི་དམྱལ་བ་དྲོས། །མེ་ལྕེའི་སྒྲོན་མེས་དམྱལ་བའི་མུན་པ་སེལ། །གསལ་བའི་འོད་ཀྱིས་དབྱིངས་སུ་ཤུགས་དྲངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །གར་གསས་བཙན་པོ་བཞུགས་པའི་སྤྱན་ལམ་དུ། །དམྱལ་བ་རྣམས་ཀྱང་ལྷ་ཡི་སྤྱན་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །མུན་པ་གཏིབས་ནས་ལས་ཀྱིས་སྦྱོང་བ་ལ། །གསལ་བའི་སྒྲོན་མེའི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས་སྔགས་འདི་བརྗོད། །ཨཱོྃ་དུ་ལིང་དུ་ཏྲི་ཐིམ་ཐིམ་སྭཱ་ཧཱ། ད་ནི་ཚིག་བཤད་ལ། ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་། །ལྷ་གཤེན་ཉི་ཤུའི་ཐུགས་རྗེ་དང་། །ལྷ་མོ་ལྔ་བཅུའི་བྱིན་རླབས་དང་། །སྙིང་པོ་སྔགས་ཀྱི་ནུས་མཐུ་དང་། །ཡོན་བདག་བསམ་པ་དག་པ་དང་། །དམྱལ་བ་ཉིད་ཀྱི་བསོད་ནམས་ཀྱིས། །འདོད་པ་ལྔ་ཡི་ཡས་སྟགས་འདི། །དམྱལ་བའི་གནས་སུ་ཕྱིན་པར་ཤོག །ཚ་གྲང་སྡུག་བསྔལ་ཞི་བར་ཤོག  །རིགས་དྲུག་ཐར་པ་ཐོབ་པར་ཤོག །མཆོད་སྦྱིན་རྒྱས་པའི་བྱིན་རླབས་ཀྱིས། །བར་དོ་ལེ་ལོའི་དམྱལ་བ་རྣམས། །གནས་ངན་ལེན་པའི་སྒོ་ཆོད་ནས། །མི་ལུས་གཙང་མར་སྐྱེ་བར་ཤོག།།དེ་སྐད་ཅེས་གསུངས་ནས། གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། བདག་གིས་ནི་མཆོད་སྦྱིན་མ་གཏོང་ཡང་། དམྱལ་བའི་སེམས་ཅན་དྲང་ནུས་ཀྱང་། ཕྱི་རབས་ཀྱི་དོན་དུ་དེ་ལྟར་བསྟན་པས། འཁོར་རྣམས་དེ་ལྟར་ཤེས་པར་གྱིས་ཤིག ཅེས་གསུངས་ནས་དམྱལ་བའི་སེམས་ཅན་སྡིག་པོ་ཆེ་འདི་རྣམས་ཞེ་སྡང་གི་རྒྱུ་ལ་བསད་བཅད་ཀྱི་རྐྱེན་གྱིས་དམྱལ་བའི་གནས་སུ་སྐྱེས་སམ། སྐྱེ་ཀ་མ་གྱུར་པའི་དམྱལ་བ་དང་། སོག་ལེ་ཅན་དང་། སྤུ་གྲི་ཅན་དང་། རལ་གྲི་ཅན་དང་། ཆུ་གྲི་ཅན་དང་།  ཤང་ལང་ཅན་དང་། དགྲ་སྟ་ཅན་དང་། གྲི་དང་། ཐེལ་དང་། མདའ་དང་། མདུང་སོགས་མཚོན་ཆ་སྣ་ཚོགས་ཐོགས་པའི་གཤིན་རྗེ་དང་། ཞགས་པ་ཅན་དང་། ལྕགས་ཀྱུ་བྱ་སྒྲོམ་ཅན་དང་། རྟ་མགོ  གླང་མགོ  སྟག་མགོ  གཟིག་མགོ    དོམ་མགོ  དྲེད་མགོ  ཟ་བྱེད་འཕར་སྤྱང་མགོ་ཅན་རྣམས་ཀྱིས་ཐོགས་ཤིང་རྒྱུག་གོ  དེ་ནས་སྟོན་པའི་ཞལ་ནས་སྨོན་ལམ་བཏབ་ཅིང་སྔགས་བརྗོད་པ། དུ་ཏྲི་ནག་པོ་ཞི་ཞི་མལ་མལ་སྭཱ་ཧཱ། དམྱལ་བ་ཕྱི་ཡི་ཡུལ་རྣམས་འགྱུར་བར་ཤོག །ནང་གི་སེམས་རྣམས་ཞི་བར་ཤོག །ལྕགས་ཀྱི་ཁང་པ་འབར་བ་ན། །རིན་པོ་ཆེ་ཡི་མཁར་དུ་ཤོག །མེ་མ་མུར་གྱི་འོབ་ཆེན་ནི། །རིན་པོ་ཆེའི་གྲམ་པར་ཤོག །ཤལ་མ་རི་ཡི་སྡོང་པོ་ནི། །རིན་ཆེན་བསྐྱེད་པའི་ཤིང་དུ་ཤོག །རལ་གྲིའི་ལོ་མའི་ནགས་ཚལ་ནི། །རིན་ཆེན་མེ་ཏོག་ཚལ་དུ་ཤོག །ཐལ་ཚན་ཆུ་བོ་རབ་མེད་ནི། །རིན་པོ་ཆེ་ཡི་གླིང་དུ་ཤོག །རོ་མྱག་འདམ་དོང་ནག་པོ་ནི། །རིན་ཆེན་ཁྲུས་ཀྱི་རྫིང་བུར་ཤོག །དམྱལ་ཟངས་བརྒྱ་ཤོང་ཁ་སྤྲོད་ནི། །རིན་ཆེན་འོད་དུ་འབར་བར་ཤོག །ལྕགས་ཀྱི་ཞགས་པ་འདོམ་དགུ་ནི། །ཐུགས་རྗེས་འདྲེན་པའི་ལྕགས་ཀྱུར་ཤོག །འབར་བའི་ལྕགས་ཀྱུ་ཁ་བརྒྱད་ནི། །མཐོ་རིས་ཐར་བའི་སྐས་སུ་ཤོག །ལྕགས་ཀྱི་དྲ་བ་མིག་དགུ་ནི། །མེ་ཏོག་པདྨའི་གླིང་དགུར་ཤོག །གཤེན་གྱིས་སྨོན་ལམ་བཏབ་པ་ལྟར། །དམྱལ་བའི་སེམས་ཅན་ཐར་པར་ཤོག །སྦྱོང་བའི་གཤིན་རྗེ་སྨྲིག་པ་ཡང་། །ཡེ་གཤེན་འཕྲུལ་གྱི་བོན་པོར་ཤོག །གཅིག་ཤ་གཅིག་གིས་ཟ་བ་ཡང་། །ལྷ་ཕྲན་སྨན་ཕྲན་མང་པོར་ཤོག །ཚ་བའི་དམྱལ་བ་བརྒྱད་པོ་ཡང་། །གྲང་བའི་བསིལ་གྱིས་རྒྱུན་ཆད་ཤོག །གྲང་བའི་དམྱལ་བ་བརྒྱད་པོ་ཡང་། །ཚ་བའི་དྲོད་ཀྱིས་རྒྱུན་ཆད་ཤོག །ཉི་ཚེ་བ་ཡི་དམྱལ་བ་རྣམས། །བདེ་གནས་རྙེད་ནས་རྒྱུན་ཆད་ཤོག །ཉི་འཁོར་བ་ཡི་དམྱལ་བ་རྣམས། །ཐར་ལམ་རྙེད་ནས་རྒྱུན་ཆད་ཤོག །དམྱལ་བར་སྐྱེ་བའི་སྒོ་ཆོད་ནས། །ཐར་ལམ་སྟོན་པས་དྲང་པར་ཤོག །དེ་སྐད་ཅེས་སྨོན་ལམ་བཏབ་བོ། །དེ་ནས་དམྱལ་བ་རྣམས་ཀྱིས་སྟོན་པ་ལ་བསྟོད་པ། ཐམས་ཅད་འདྲེན་པའི་དཔལ། །སྟོན་པའི་སྒྲོན་མ་ལ། །གུས་པས་ཕྱག་འཚལ་ལོ། །འབུམ་སྡེ་ཐུགས་ལ་གསལ། །མཚན་དང་རབ་ལྡན་པའི། །གཏོ་བུ་འབུམ་སངས་ལ། །གུས་པས་ཕྱག་འཚལ་ལོ། །ཐུགས་རྗེའི་སྟོབས་དང་ལྡན། །མཚན་དང་རབ་ལྡན་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ། །གུས་པས་ཕྱག་འཚལ་ལོ། །བྱམས་པའི་བློ་མྱུར་མཆོག །མཚན་དང་རབ་ལྡན་པའི། །སྲས་བུ་རྨ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །མི་ཡེངས་དོན་ལ་བརྩོན། །མཚན་དང་རབ་ལྡན་པའི། །སྲས་བུ་གཡུ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །དམྱལ་བའི་སེམས་ཅན་སྟོང་གསུམ་གྱི་སྟོང་འདི་སྟོང་པ་ཙམ་ཞིག་སངས་རྒྱས་ཏེ་སོང་ངོ་། །དམྱལ་བ་འདུལ་བའི་ལེའུ་སྟེ་ལྔ་པའོ། །བམ་པོ་གཉིས་པའོ།།  །།གཡུང་དྲུང་ལྷ་ཡི་སྐད་དུ་ན། སད་ལ་གྱེར་ཞི་སྨར་རོ། །བོད་སྐད་དུ་སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། ཡི་དྭགས་འདུལ་བའི་ལེའུ་སྟེ། གཤེན་འཆི་མེད་གཙུག་ཕུད་སྐུ་ལ་ཕྱག་འཚལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་མི་བོ་ནི། རིན་པོ་ཆེའི་གྲམ་པ་སྤུང་ན་བཞུགས་ཏེ། འཁོར་གྱི་དམ་པ་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་། ཡིད་ཀྱི་ཁྱེའུ་ཆུང་བཞི་དང་། རིགས་དྲུག་འདུལ་བའི་གཤེན་དྲུག་དང་། གཞན་ཡང་ལྷ་དད་པ་ཅན་དང་། ཀླུ་དད་པ་ཅན་དང་། ལྷ་མ་ཡིན་དད་པ་ཅན་དང་། མིའི་རྒྱལ་པོ་ཀྱེ་ཤ་དང་། འབངས་དད་པ་ཅན་བསམ་གྱི་མི་ཁྱབ་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། རིགས་དྲུག་གི་ནང་ནས་སྡིག་ཆེ་ལ། ཤིན་ཏུ་སྡུག་བསྔལ་ཞིང་། ལས་ངན་པའི་ཡི་དྭགས་རང་རྒྱུད་པ་འདི། ཁྱེད་ཀྱི་ཐུགས་རྗེས་དྲང་བའི་ཕྱིར། སྟོན་པའི་སྐུ་ལ་སྐྱབས་སུ་མཆི། །ཡི་དྭགས་སེམས་ཅན་དྲང་དུ་གསོལ། །ཅེས་གུས་པས་ཕྱག་ལན་གསུམ་འཚལ་ནས། ཤེལ་གྱི་སེང་གེ་བཞི་གཉིས་བརྒྱད་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། རིགས་དྲུག་འདུལ་བའི་ནང་ནས། ཡི་དྭགས་འདུལ་བར་འདོད་ན། སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་དམར་སྨུག་རལ་པ་ཅན། །གཡས་པས་ལྗོན་ཤིང་གའུ་བསྣམས། །གཡོན་པས་བདུད་རྩིའི་བུམ་པ་བསྣམས། །ཡི་དྭགས་ཐམས་ཅད་ཚིམ་པར་བྱེད། །ཞལ་ནས་ཡི་དྭགས་འདུལ་བའི་སྙིང་པོ་བརྗོད། །ཨཱོྃ་ཏྲི་དུ་ནག་པོ་ཞི་ཞི་སྨར་ཡང་ཧོ་སྭཱ་ཧཱ། དེ་སྐད་ཅེས་བརྗོད་པས། ཡི་དྭགས་ཐམས་ཅད་ཐར་པ་ཐོབ་པར་འགྱུར་རོ། །ངོ་མཚར་རྨད་དུ་བྱུང་བ་ཡི། །ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །དགུང་སྔོན་མཐོན་པོ་བོན་ཉིད་དབྱིངས་ན་བདལ། །ཐུགས་རྗེའི་སྤྲིན་སྤུངས་སྟོན་པའི་སྐུ་ལ་འདུས། །བྱིན་རླབས་ཆར་པས་འགྲོ་དྲུག་ཚིམ་པར་བྱེད། །སྲིད་གསུམ་རྫིང་བུ་ལས་འཕྲོ་ཅན་ལ་འཁྱིལ། །ས་གཞི་སྐོམ་པོ་དད་པ་ཅན་རྣམས་སྦངས། །ཡོན་ཏན་འབྲུ་བཅུད་སྦྱིན་པ་ཅན་གྱིས་བརྔས། །དེ་ལྟར་ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདིས། །དེང་གི་རྒྱུ་སྦྱོར་ཡོན་བདག་དང་། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མི་གཙང་དྲི་མ་དག་པར་ཤོག །ཡི་དྭགས་སྡུག་བསྔལ་ཞི་བར་ཤོག །ཅེས་བརྗོད་དོ། །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ལ་སྔགས་འདི་བརྗོད། བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། ། ཨཱོྃ་བདག་གི་ཏིང་འཛིན་སྤྲུལ་པ་དང་། །སྟོན་པ་གཤེན་རབ་ཐུགས་རྗེ་དང་། །གཙོ་བོ་བཞི་ཡི་བྱིན་རླབས་ཀྱིས། །ཡི་དྭགས་སེམས་ཅན་རྒྱུན་ཆད་ཤོག །བསྭོ་ཨཱོྃ་ཏྲི་དུ་ཨ་པར་ཤག་ཕཊ་སྭཱ་ཧཱ། ཁྲུས་དང་མཚམས་བཅད་ཀྱི་ལེའུ་སྟེ་དྲུག་པའོ།།  །།ད་ནི་བསྟོད་ཕྱག་བྱ་བ་ནི། དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ། །ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །ཉོན་མོངས་བག་ཆགས་སྡིག་སྒྲིབ་རྣམས། །ཐུགས་རྗེས་ཡི་དྭགས་སྦྱོང་བའི་ཕྱིར། །སྐུ་མདོག་ཕྱག་མཚན་གདན་ཁྲིར་བསྟན། །བྱིན་རླབས་ཐུགས་རྗེ་སྤྲུལ་པ་དང་། །འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་བཀྱེ། །བདེ་གཤེགས་སྟོང་གི་སྐུ་རུ་བྱུང་། །བདེ་གཤེགས་སྟོང་དང་རྩ་བཞི་ལ། །བདག་དང་མཐའ་ཡས་སེམས་དང་། །དེང་གི་སེམས་ཅན་ཉོན་མོངས་ཀྱི། །ལུས་ངག་ཡིད་གསུམ་ཐང་བཅད་ནས། །དྭངས་བའི་སེམས་ཀྱིས་ཕྱག་འཚལ་ལོ། །ད་ནི་ཡི་དྭགས་འདུལ་བའི་ལྷ་རྣམས་ལ་ཕྱག་འཚལ་བ་དང་སྙིང་པོ་བརྗོད་པ་ནི། །བསྭོ་ཨཱོྃ་ཏྲི་ཤ་ཀུ་རུ་ཕཊ་སྭཱ་ཧཱ། དུག་ལྔ་མྱུར་དུ་འཇོམས་པ་ཡི། གཉེན་པོ་ཡེ་ཤེས་ལྔ་ཤར་བའི་ཚེ།    ཡི་དྭགས་རྣམས་ཞི་བར་གྱུར་ཅིག མེད་པར་གྱུར་ཅིག སྟོང་པར་གྱུར་ཅིག ཡི་དྭགས་འདུལ་བའི་ལྷ་མཁའ་འགྱིང་དཀར་པོ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་ཁྲི་འོད་དཀ་ར་པོ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་ཁྲི་རྒྱལ་ཁུག་པ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་ཁྲི་འོད་གསལ་འབར་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མུ་ཡངས་དེ་བ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མུ་རྒྱུང་མཐའ་ཡས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མུ་སངས་གུང་རྒྱལ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མུ་མེད་མཐའ་ཡས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་ཀུན་འོད་སྒྲོན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་ཀུན་སྒྲོལ་དབྱིངས་ཕྱུག་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་པ་ཤུགས་ལྡན་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་གཏོང་ཐོགས་མེད་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་པ་དམིགས་མེད་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་པ་མཐར་ཕྱིན་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་པ་སྟོབས་ཆེན་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་པ་ཀུན་ཚིམས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་པ་མཁའ་ཤེས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་པ་དབྱིངས་རྟོགས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་གཏོང་མཉམ་པ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་གཤེན་སྦྱིན་པ་ཡོངས་སུ་སྙོམས་པ་ལ་ཕྱག་འཚལ་ལོ། །དེ་ནས་ཡི་དྭགས་འདུལ་བའི་ལྷ་མོ་རྣམས་ལ་ཕྱག་འཚལ་བ་ནི། ཡི་དྭགས་འདུལ་བའི་ལྷ་མོ་སྦྱིན་པ་བྱམས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བདལ་པའི་ཡོངས་རྒྱས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བསྒྲུབས་པའི་ཀུན་གྲུབ་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་འདུས་པའི་ཀུན་ཚང་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མཉམ་པའི་དབྱེར་མེད་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བདལ་པའི་ཕྱོགས་མེད་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བསྡུས་པའི་རིས་མེད་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཚོགས་པའི་ཀུན་ཚང་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བསྐྱེད་པའི་ཀུན་འབྱུང་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་གསལ་བའི་ཀུན་གཟིགས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བརྗིད་པའི་མཚན་ལྡན་མ་ལ་ཕྱག་འཚལ་ལོ།  །ཡི་དྭགས་འདུལ་བའི་ལྷ་མོ་མཚན་མ་ཅིར་མི་སྤྲུལ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་རྣམ་རྟོག་མཚན་མ་མེད་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མཚན་མ་ཡོངས་དང་བྲལ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཀློང་ཤེས་བདེ་ལྡན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་རིག་པ་ཀློང་ན་གནས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མི་གཡོ་བསམ་གཏན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བྱང་ཆུབ་སེམས་དཔའ་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་གཡུང་དྲུང་འགྱུར་མེད་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཡེ་ཤེས་ཟང་ཐལ་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཐུགས་རྗེས་ཁྱབ་བདལ་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཅིར་སྤྲུལ་ཐོགས་མེད་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་གར་གཤེགས་སྟོབས་ལྡན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མན་ངག་ཀློང་ན་སྒོམ་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མི་ཡེངས་མན་ངག་རྟོགས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མི་དམིགས་ཤེས་རབ་ལྡན་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ནམ་མཁའི་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་འོད་ཀྱི་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཟེར་གྱི་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་སྨན་གྱི་ཆ་སྙོམས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་སྨྲིག་གི་རྒྱུད་འདྲེན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བསྐལ་བའི་གྲངས་སྙོམས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་སྲིད་པའི་གཞི་སྙོམས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་འབྱུང་བའི་ཆ་སྙོམས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་སེམས་ཅན་ཀུན་སྙོམས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཡེ་ཤེས་སྤྱན་གྱིས་ཀུན་གཟིགས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་སྤྲུལ་པའི་སྐུས་སྣང་སྲིད་འདུལ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བྱིན་རླབས་སྟོབས་ཀྱིས་མཐའ་བཞི་གནོན་ལ་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བདེན་པའི་ཚིག་གིས་ངེས་པའི་དོན་རྣམས་སྟོན་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་བདུད་རྩིའི་རྒྱ་མཚོས་སེམས་ཅན་འདོད་པ་སྐོང་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་འདྲེན་པའི་ཆུ་བོ་ཐུགས་རྗེས་རྒྱུན་དུ་སྤེལ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཉི་མའི་འོད་ཟེར་གྱིས་སེམས་ཅན་མཉམ་པར་སྙོམས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་དཔག་མེད་ཀྱི་ནམ་མཁའི་ཀློང་དུ་སྙོམས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཅི་ཡང་མི་འབྱེད་མཉམ་པའི་ཆ་ལ་གནས་པ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་དབུས་དང་མཐའ་མེད་མཉམ་པའི་ཐུགས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་ཅིར་ཡང་མ་གྲུབ་ཅིང་ཅིར་ཡང་མི་གནས་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མི་ཆགས་བརྟུལ་ཞུགས་བློ་ལྡན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མི་ཡེངས་མན་ངག་ཏིང་འཛིན་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མི་འགག་ཀུན་གྱི་སྒོ་གསལ་མ་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མི་སྤྲུལ་ཀློང་ན་གནས་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ལྷ་མོ་མི་འགྱུར་ཀློང་ན་བརྟན་ལ་ཕྱག་འཚལ་ལོ། །ཡི་དྭགས་རེ་རེས་ཀྱང་ལྷ་ཕྱག་རེ་རེ་འཚལ་བས། ཡི་དྭགས་ཕྱིའི་ཡུལ་རྣམས་འགྱུར་རོ། །ནང་གི་སེམས་རྣམས་ཞིའོ། །ད་ནི་འདོད་ཆགས་ཀྱི་བཤགས་པ་ལ། དར་དཀར་ལག་ཏུ་ཐོགས་ལ་འདི་སྐད་དོ། །སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས། །ད་ལྟ་འཁོར་བའི་འདོད་ཆགས་རྒྱུན་བཅད་ནས། །མི་འཁོར་སྦྱིན་པ་ཆེན་པོའི་སྟོབས་ལྡན་ཏེ། །བོན་ཉིད་དབྱིངས་ནས་ཐུགས་ཉིད་མཉམ་པའི་ལྷ། །གར་གསས་བཙན་པོའི་དབྱིངས་སུ་ཐིམ་གྱུར་ཅིག སེམས་ཅན་ཡི་དྭགས་སྡུག་བསྔལ་ལུས་བླངས་འདིར། འཁོར་བ་ཐོགས་མ་མེད་པ་ནས། རྒྱུ་འདོད་ཆགས་ཀྱི་ཤས་ཆེ་ཞིང་། རྐྱེན་སེར་སྣའི་སྡིག་སྒྲིབ་མཐོལ་ལོ་བཤགས་སོ། །ཕྱག་འཚལ་བ་དང་བཤགས་པ་ཕུལ་བའི་ལེའུ་སྟེ་བདུན་པའོ།།  །།སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་དམར་སྨུག་རལ་པ་ཅན། །གཡས་པས་ལྗོན་ཤིང་གའུ་བསྣམས། །གཡོན་པས་བདུད་རྩིའི་བུམ་པ་བསྣམས། །ཡི་དྭགས་ཐམས་ཅད་ཚིམ་པར་བྱེད།  །ཕྱག་འཚལ་སྡིག་བཤགས་མཆོད་པ་འབུལ། །ཡི་དྭགས་སྡུག་བསྔལ་ཞི་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །དྲི་བདའ་སྤོས་ཀྱི་དུད་པ་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལས་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །དྲི་བདའི་སྤོས་དུད་མཆོད་པ་བཞེས། །འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། །འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། །འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། །འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །འདོད་ཆགས་ལས་ཀྱིས་འཕྲོ་མཐུད་དབང་བཙན་པའི། །ཡི་དྭགས་བཀྲེས་སྐོམ་གནས་ནས་ཐར་བར་ཤོག །སྦྱར་སྤོས་དཔུང་གིས་ཡི་དྭགས་བཀྲེས་པ་ཚིམ། །དྲི་མཆོག་ཞིམ་པས་ཡི་དྭགས་སྐོམ་པ་ངོམ། །མེ་མདངས་འོད་ཀྱིས་མ་རིག་མུན་པ་སེལ། །དུད་པའི་རྒྱུན་གྱིས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །རྒོད་གསས་ཁམ་པ་བཞུགས་པའི་སྤྱན་ལམ་དུ། །ཡི་དྭགས་ལྷ་ཡི་དྲི་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །འདོད་པས་གདུང་ནས་ལས་ཀྱིས་སྦྱོང་བ་ལ། །དྲི་བདའ་སྤོས་ཀྱི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས་སྔགས་འདི་བརྗོད། །ཨཱོྃ་ཏྲི་དུ་མེ་ལོང་ཐིམ་ཐིམ་ཡེ་སྭཱ་ཧཱ། ད་ནི་ཚིག་བཤད་ལ། ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་། །ལྷ་གཤེན་ཉི་ཤུའི་ཐུགས་རྗེ་དང། །ལྷ་མོ་ལྔ་བཅུའི་བྱིན་རླབས་དང་། །སྙིང་པོ་སྔགས་ཀྱི་ནུས་མཐུ་དང་། །ཡོན་བདག་བསམ་པ་དག་པ་དང་། །ཡི་དྭགས་ཉིད་ཀྱི་བསོད་ནམས་ཀྱིས། །འདོད་པ་ལྔ་ཡི་ཡས་སྟགས་འདི། །ཡི་དྭགས་གནས་སུ་ཕྱིན་པར་ཤོག །བཀྲེས་སྐོམ་སྡུག་བསྔལ་ཞི་བར་ཤོག །རིགས་དྲུག་ཐར་པ་ཐོབ་པར་ཤོག།།མཆོད་སྦྱིན་རྒྱས་པའི་བྱིན་རླབས་ཀྱིས། །བར་དོ་ལེ་ལོའི་ཡི་དྭགས་རྣམས། །གནས་ངན་ལེན་པའི་སྒོ་ཆོད་ནས། །མི་ལུས་གཙང་མར་སྐྱེ་བར་ཤོག །དེ་སྐད་ཅེས་གསུངས་ནས། གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། བདག་གིས་ནི་མཆོད་སྦྱིན་མ་གཏོང་ཡང་། ཡི་དྭགས་ཀྱི་སེམས་ཅན་རྣམས་དྲངས་ཏེ། ཕྱི་རབས་ཀྱི་དོན་དུ་དེ་ལྟར་བསྟན་པས། འཁོར་རྣམས་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག ཅེས་གསུངས་ནས། ཡི་དྭགས་ཀྱི་སེམས་ཅན་སྡིག་པོ་ཆེ་འདི། འདོད་ཆགས་ཀྱི་རྒྱུ་སེར་སྣའི་རྐྱེན་གྱིས། ཡི་དྭགས་ཀྱི་གནས་སུ་སྐྱེས་སམ་སྐྱེ་ཀ་མ་གྱུར་པའི་ཡི་དྭགས་དང་། ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང། སྲིན་པོའི་མགོ་ཅན་དང་།  པྲེང་རྒྱུད་སྐེ་ཅན་དང་། བྱང་འབྲོག་ལྟོ་ཅན་དང་། དར་སྐུད་རྐང་ཅན་དང་། སོག་མའི་ཚིགས་ཅན་དང་། མེ་ལྕེའི་འཁོར་ལོ་ཅན་དང་། ཤིང་རྟའི་ཁྲོལ་སྐད་ཅན་དང་། རྩི་མཆོག་གི་མེ་ཏོག་ཅན་དང་། ཁ་ཟེད་ལག་ཟེད་སོ་གཙིགས་ཅན་དང་། མིག་ལྟ་རྣ་ཉན་སྣ་སྣོམ་ཅན་དང་། སྡེ་བོ་ཆེ་དང་། ལྟོ་བོ་ཆེ་དང་། ཡིད་ལ་ཟ་འདོད་ཡི་དྭགས་དང་། འདོད་པ་མང་བའི་ཡི་དྭགས་དེ་རྣམས་ལ། སྟོན་པའི་ཞལ་ནས་སྔགས་བརྗོད་ཅིང་སྨོན་ལམ་བཏབ་པར། ཨཱོྃ་ཏྲི་དུ་ཏྲི་པར་ཞི་ཞི་སྭཱ་ཧཱ། ཡི་དྭགས་ཕྱི་ཡི་ཡུལ་རྣམས་འགྱུར་བར་ཤོག །ནང་གི་སེམས་རྣམས་ཞི་བར་ཤོག །ཡི་དྭགས་ཕྱི་ཡི་སྒྲིབ་པ་ཅན། །ཐར་པ་་མངོན་སངས་རྒྱས་པར་ཤོག །ཡི་དྭགས་ནང་གི་སྒྲིབ་པ་ཅན། །འདོད་པའི་ཟས་དང་འཕྲད་པར་ཤོག །ཡི་དྭགས་སྲིན་པོའི་མགོ་ཅན་ནི། །བདུད་རྩིའི་བཅུད་ཀྱིས་ཁེངས་པར་ཤོག །ཡི་དྭགས་པྲེང་རྒྱུད་སྐེ་ཅན་ནི། །ཉི་ཟེར་ཞགས་པས་ཟིན་པར་ཤོག།།ཡི་དྭགས་བྱང་འབྲོག་ལྟོ་ཅན་ནི། །བདུད་རྩིའི་རྒྱུན་ལ་སྤྱོད་པར་ཤོག །ཡི་དྭགས་དར་སྐུད་རྐང་ཅན་ནི། །སྟོབས་ཆེན་གྱད་དང་ལྡན་པར་ཤོག །ཡི་དྭགས་སོག་མའི་ཚིགས་ཅན་ནི། །རིན་ཆེན་ཁྲི་དང་ལྡན་པར་ཤོག །ཡི་དྭགས་མེ་ལྕེའི་འཁོར་ལོ་ཅན། །དྲི་མེད་འོད་དང་ལྡན་པར་ཤོག། ཡི་དྭགས་ཤིང་རྟའི་ཁྲོལ་སྐད་ཅན། །པདྨའི་གླིང་ལ་སྤྱོད་པར་ཤོག །ཡི་དྭགས་རྩི་མཆོག་མེ་ཏོག་ཅན། །མཆོད་་སྦྱིན་རྫས་ཀྱིས་ཚིམ་པར་ཤོག །ཁ་ཟེད་ལག་ཟེད་སོ་གཙིགས་རྣམས། །འདོད་པའི་ཐར་པ་ཐོབ་པར་ཤོག །མིག་ལྟ་རྣ་ཉན་སྣ་སྣོམ་རྣམས། །དྲི་མཆོག་བཅུད་དང་ལྡན་པར་ཤོག །སྡེ་བོ་ཆེ་དང་ལྟོ་བོ་ཆེ། །ཡིད་ལ་ཟ་འདོད་ཡི་དྭགས་རྣམས། །རིན་ཆེན་གླིང་དུ་སྐྱེ་བར་ཤོག །འདོད་པ་མང་བའི་ཡི་དྭགས་རྣམས་། །སྦྱིན་པའི་སྟོབས་ཀྱིས་ཐར་བར་ཤོག །ཡི་དྭགས་སྐྱེ་བའི་སྒོ་ཆོད་ནས། །ཐར་ལམ་སྟོན་པས་དྲང་བར་ཤོག །དེ་སྐད་ཅེས་སྟོན་པས་སྨོན་ལམ་བཏབ་བོ། །དེ་ནས་ཡི་དྭགས་རྣམས་ཀྱིས་སྟོན་པ་ལ་བསྟོད་པ། ཐམས་ཅད་འདྲེན་པའི་དཔལ། །སྟོན་པའི་སྒྲོན་མ་ལ། །གུས་པས་ཕྱག་འཚལ་ལོ། །འབུམ་སྡེ་ཐུགས་ལ་གསལ། །མཚན་དང་རབ་ལྡན་པའི། །གཏོ་བུ་འབུམ་སངས་ལ། །གུས་པས་ཕྱག་འཚལ་ལོ། །ཐུགས་རྗེའི་སྟོབས་དང་ལྡན། །མཚན་དང་རབ་ལྡན་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ། །གུས་པས་ཕྱག་འཚལ་ལོ། །བྱམས་པའི་བློ་མྱུར་མཆོག ། མཚན་དང་རབ་ལྡན་པའི། །སྲས་བུ་རྨ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །མི་ཡེངས་དོན་ལ་བརྩོན། །མཚན་དང་རབ་ལྡན་པའི། །སྲས་བུ་གཡུ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །ཡི་དྭགས་ཀྱི་སེམས་ཅན་སྟོང་གསུམ་གྱི་སྟོང་འདི་སྟོང་པ་ཙམ་ཞིག་སངས་རྒྱས་ཏེ་སོང་ངོ་། །ཡི་དྭགས་ཀྱི་ལེའུ་སྟེ་བརྒྱད་པའོ། །བམ་པོ་གསུམ་པའོ།།    །།གཡུང་དྲུང་ལྷ་ཡི་སྐད་དུ་ན། མུ་ཏེ་གྱེར་ཞི་ལོ་སྔ་སད་ཝེར་ཧྲང་ལ་དེ་རྒྱ་ཧོ། བོད་སྐད་དུ། བྱོལ་སོང་འདུལ་བའི་ལེའུ་འོ། །སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །གཤེན་འཆི་མེད་གཙུག་ཕུད་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། ཡུལ་རྩེ་དྲུག་ལྷུན་སྒང་ལ་བཞུགས་སོ། །དེའི་ཚེ་དེའི་དུས་ན། འཁོར་གྱི་དམ་པ་གཤེན་འཆི་མེད་གཙུག་ཕུད་དང་། ཚངས་པ་གཙུག་ཕུད་དང་། རྨ་ལོ་གཙུག་ཕུད་དང་། གཡུ་ལོ་གཙུག་ཕུད་དང་། དགའ་འགྱུར་གཙུག་ཕུད་དང་། འཕྲུལ་དགའ་གཙུག་ཕུད་དང་། ཡེ་གཤེན་གཙུག་ཕུད་དང་། སྨོན་ལམ་གཙུག་ཕུད་དང་། ལྷའི་རྒྱལ་པོ་སད་ལ་ནི་ཝིར་དང་།  ལྷ་མ་ཡིན་གྱི་རྒྱལ་པོ་པར་ཏི་ཁུག་པ་དང་། མིའི་རྒྱལ་པོ་གྲ་བྱིན་སྤུངས་པ་དང་། བྱོལ་སོང་གི་རྒྱལ་པོ་ཏི་སངས་རང་ཞི་དང་། ཡི་དྭགས་ཀྱི་རྒྱལ་པོ་སྦྱིན་པ་གློག་འགྱུར་དང་།  དམྱལ་བའི་རྒྱལ་པོ་འཕྲུལ་རྒྱལ་ཁུག་པ་དང་།  དེ་ལ་སོགས་པའི་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་། ལྷ་མོ་ཨུ་མ་དཱེ་བི་དང་། ཡི་མུན་དང་། འཕྲུལ་དགའ་མ་དང་། འཕྲུལ་འགྱུར་མ་དང་། གཟུགས་ཀྱི་ལྷ་མོ་དང་། སྒྲའི་ལྷ་མོ་དང་། དྲིའི་ལྷ་མོ་དང་། རོའི་ལྷ་མོ་དང་། རེག་བྱའི་ལྷ་མོ་དང་། ཡིད་དང་བོན་ལ་དབང་བསྒྱུར་བའི་ལྷ་མོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གཤེན་ཚངས་པ་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། རིགས་དྲུག་གི་སེམས་ཅན་ཐར་པར་དྲངས་ཀྱང་། བྱོལ་སོང་གི་གླིང་རྣམས་ཐར་པར་མ་དྲངས་པས། བྱོལ་སོང་འདྲེན་པའི་བོན་ཞིག་ཞུ། ཞེས་ཞུས་པས། གསེར་གྱི་གདུགས་ཆེན་པོ་བཅོ་བརྒྱད་ལ་གཡུའི་དར་ཤམ་གྱིས་བརྒྱན་ནས་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས། གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། རིགས་དྲུག་འདུལ་བའི་ནང་ནས་བྱོལ་སོང་འདུལ་བར་འདོད་ན། སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་སེར་པོ་གསེར་འོད་འབར། །སྐུ་ལ་ཤེལ་གྱི་སླག་པ་མནབས། །གཡས་པས་མེ་ཡི་རྒྱལ་མཚན་བསྣམས། །གཡོན་པས་ཤེལ་གྱི་འཕྲེང་བ་འདྲེན། །སྟོབས་ཆེན་གླང་པོའི་གདན་ལ་བཞུགས། །ཞལ་ནས་བྱོལ་སོང་འདུལ་བའི་སྙིང་པོ་བརྗོད། །ཨཱོྃ་སུ་ཏྲི་པྲི་མ་ཙ་ཧ་ཏི་ནག་པོ་ཞི་ཞི་སྭཱ་ཧཱ། དེ་སྐད་ཅེས་བརྗོད་པས། བྱོལ་སོང་ཐམས་ཅད་ཐར་པ་ཐོབ་པར་འགྱུར་རོ། །ངོ་མཚར་རྨད་དུ་བྱུང་བ་ཡི། །ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །དགུང་སྔོན་མཐོན་པོ་བོད་ཉིད་དབྱིངས་ནས་བདལ། །ཐུགས་རྗེའི་སྤྲིན་སྤུངས་སྟོན་པའི་སྐུ་ལ་འདུས། །བྱིན་རླབས་ཆར་བས་འགྲོ་དྲུག་ཚིམ་པར་བྱེད། །སྲིད་གསུམ་རྫིང་བུ་ལས་འཕྲོ་ཅན་ལ་འཁྱིལ། །ས་གཞི་སྐོམ་པོ་དད་པ་ཅན་རྣམས་སྦངས། །ཡོན་ཏན་འབྲུ་བཅུད་སྦྱིན་པ་ཅན་གྱིས་བརྔས། །དེ་ལྟར་ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདིས། །དེང་གི་རྒྱུ་སྦྱོར་ཡོན་བདག་དང་། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མི་གཙང་དྲི་མ་དག་པར་ཤོག །བྱོལ་སོང་སྡུག་བསྔལ་ཞི་བར་ཤོག །ཅེས་བརྗོད་དོ། །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ལ་སྔགས་འདི་བརྗོད་དོ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རྃ་ལྃ། །ཨཱོྃ་བདག་གི་ཏིང་འཛིན་སྤྲུལ་པ་དང་། །སྟོན་པ་གཤེན་རབ་ཐུགས་རྗེ་དང་། །གཙོ་བོ་བཞི་ཡི་བྱིན་རླབས་ཀྱིས། །བྱོལ་སོང་གླེན་ལྐུགས་རྒྱུན་ཆད་ཤོག །བསྭོ་སུམ་ཏྲི་ཨ་པར་ཤག་སྭཱ་ཧཱ། །ཁྲུས་དང་མཚམས་བཅད་ཀྱི་ལེའུ་སྟེ་དགུ་པའོ།།  །།ད་ནི་བསྟོད་ཕྱག་བྱ་བ་ནི། དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ། །ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །ཉོན་མོངས་བག་ཆགས་སྡིག་སྒྲིབ་རྣམས། །ཐུགས་རྗེས་བྱོལ་སོང་དྲང་བའི་ཕྱིར། །སྐུ་མདོག་ཕྱག་མཚན་གདན་ཁྲིར་བསྟན། །བྱིན་རླབས་ཐུགས་རྗེ་སྤྲུལ་པ་དང་། །འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་བཀྱེ། །བདེ་གཤེགས་སྟོང་གི་སྐུ་རུ་བྱུང་། །བདེ་གཤེགས་སྟོང་དང་རྩ་བཞི་ལ། །བདག་དང་མཐའ་ཡས་སེམས་ཅན་དང་། །དེང་གི་སེམས་ཅན་ཉོན་མོངས་ཀྱི། །ལུས་ངག་ཡིད་གསུམ་ཐང་བཅད་ནས། །དྭངས་བའི་སེམས་ཀྱིས་ཕྱག་འཚལ་ལོ། །ད་ནི་བྱོལ་སོང་འདུལ་བའི་ལྷ་རྣམས་ལ་ཕྱག་འཚལ་བ་དང་སྙིང་པོ་བརྗོད་པ་ནི།  སུྃ་ཡང་འོད་འབར་ལྃ་གསལ་སྭཱ་ཧཱ། ། དུག་ལྔ་མྱུར་དུ་འཇོམས་པ་ཡི། །གཉེན་པོ་ཡེ་ཤེས་ལྔ་ཤར་བའི་ཚེ། གཏི་མུག་མུན་པ་ཞི་བར་གྱུར་ཅིག མེད་པར་གྱུར་ཅིག སྟོང་པར་གྱུར་ཅིག བྱོལ་སོང་འདུལ་བའི་ལྷ་གཤེན་ལྷ་འོད་དཀར་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་ཤེལ་ལྕགས་སྔོན་པོ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་གར་གསས་བཙན་པོ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་གར་བུ་ཤངས་རྒྱལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་རྒོད་གསས་ཁམ་པ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་རྒོད་བུ་འཕར་དྲག་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་གསས་རྗེ་རྨང་པོ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་གསས་བུ་ཚོན་གང་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་གནམ་གསས་དབྱིངས་རུམ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་གནམ་བུ་ཕྱོད་པ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཀྱི་སྒྲོན་མེ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཆེན་པོ་ཟང་ཐལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཆེན་པོ་གསལ་འབར་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཆེན་པོ་ཁྱབ་བདལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཆེན་པོ་འགྲོ་བ་འདྲེན་མཛད་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཀྱི་སྒྲོལ་མཛད་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཀྱི་བདུད་རྩི་ཅན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཉི་མའི་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་ཟླ་བའི་གུར་ཁྱིམ་ཅན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་གཤེན་ཡེ་ཤེས་དྲག་པོའི་ཐོག་མདའ་ཅན་ལ་ཕྱག་འཚལ་ལོ། །དེ་ནས་བྱོལ་སོང་འདུལ་བའི་ལྷ་མོ་རྣམས་ལ་ཕྱག་འཚལ་བ་ནི། བྱོལ་སོང་འདུལ་བའི་ལྷ་མོ་ནམ་མཁའི་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་སྲིད་པ་ཀུན་སྐྱོང་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་འབྱུང་བའི་ཀློང་བསྐྱེད་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཡངས་པ་འདེགས་བྱེད་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གསལ་བའི་དྲོད་སྙོམས་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་བདུད་རྩི་ཀུན་སྡུད་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་སྲ་བརྟན་ཚིག་འཛིན་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཡུམ་ཆེན་ཐུགས་རྗེ་བྱམས་མའི་གཙོ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་མ་གཅིག་འགྱིང་མ་འོད་མཚོ་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་རྒོད་ལྕམ་གཙུག་གི་དོན་འབར་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཡུམ་ཆེན་ས་འཛིན་འོད་སངས་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གར་ལྕམ་རོན་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་རྒོད་ལྕམ་ལེའུ་འབར་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གསས་ལྕམ་དྲ་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གནམ་ལྕམ་དབྱིངས་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་དབང་གི་གནས་དཀར་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གཟི་བརྗིད་འབར་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཉི་མ་འོད་དུ་སྙོམས་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་འོད་ཟེར་སྨུག་ནག་བདུད་འདུལ་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་འོད་ཟེར་དམར་ནག་དམུ་བདུད་འདུལ་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་མེ་སྒྲོན་གློག་འགྱུར་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་སེར་མོ་ལྗང་སྨུག་ཞི་བ་སྐྱོང་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་འོད་ཟེར་ཚྭ་ཚྭ་སའི་སྲི་ཅན་འདུལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་དྲག་པོའི་དཔུང་གིས་དམར་པོའི་བཙན་ཁམས་སྐྱོང་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གནམ་ཕྱི་གུང་རྒྱལ་བདུད་རྩི་དངོས་གྲུབ་ཅན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ལྷ་ཕྱི་གུང་རྒྱལ་ལྷ་གསས་མཐུ་རྟགས་ཅན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཡེ་ཕྱི་གུང་རྒྱལ་ཡེ་ཤེས་སྒྲོན་མ་ཅན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་སྨན་ཕྱི་གུང་རྒྱལ་སྨན་ཕྲན་འབུམ་སྡུད་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་བདུད་བཞི་ཟིལ་གྱིས་གནོན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་སྐར་མའི་གཟའ་བདུད་འདུལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཉི་མའི་རླུང་བདུད་འདུལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཟླ་བའི་ཉ་བདུད་འདུལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་དམུ་དག་དགུ་འཕྲོ་ཆུང་ནས་སྐྱེ་འགྲོ་གསོས་ཀྱིས་གསོ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་བར་ཆད་དགྲ་བགེགས་འདུལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་དྲག་པོ་ཐོག་འབར་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་འབྲུག་སྒྲ་ཅན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཐོག་མདའ་དམར་པོ་གནོད་སྦྱིན་འདུལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་སྤྲིན་བཟང་བདུད་རྩིའི་ཆར་འབེབས་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གངས་ཀྱི་མཐུ་མོ་ཆེ་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གཡུའི་མཐིང་ཤག་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གཟི་མདངས་སྐུ་བརྗིད་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གཟི་བརྗིད་འོད་འབར་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་འོད་ཟེར་ཕྱོགས་བཅུར་འཕྲོ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་སྤྲུལ་སྐུ་གཟི་བརྗིད་ཅིར་ཡང་མཁྱེན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཉི་མའི་འོད་ཟེར་སྒྲོན་མེའི་མཆོག་གིས་འཁོར་བའི་མུན་པ་འཇོམས་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཐུགས་རྗེའི་ཉི་ཟེར་རྐྱོང་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་བདུད་རྩི་རྒྱུན་དུ་སྦྲེང་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གཟི་བརྗིད་ཚོགས་བསྐྱེད་མ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་ཐུགས་ལ་སྣང་སྲིད་ཡེ་སྲིད་ས་ལེར་གསལ་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་ལྷ་མོ་གདུག་པའི་མཚོན་ཐོགས་ལོག་འདྲེན་བར་ཆད་འདུལ་ལ་ཕྱག་འཚལ་ལོ། །བྱོལ་སོང་རེ་རེས་ལྷ་ཕྱག་རེ་རེ་འཚལ་བས། བྱོལ་སོང་ཕྱིའི་ལུས་རྣམས་འགྱུར་རོ། །ནང་གི་སེམས་རྣམས་ཞིའོ། །གཏི་མུག་གི་བཤགས་པ་ནི། དར་དཀར་ལག་ཏུ་ཐོགས་ལ་འདི་སྐད་བརྗོད་དོ། །སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས།  ད་ལྟ་འཁོར་བའི་གཏི་མུག་རྒྱུན་ཆད་ནས། །མི་འཁོར་ཡེ་ཤེས་ཆེན་པོའི་སྟོབས་ཕྱུང་སྟེ། །བོན་ཉིད་དབྱིངས་ན་ཐུགས་ཉིད་མཉམ་པའི་ལྷ། །རྒོད་སྲས་ཁམ་པའི་དབྱིངས་སུ་ཐིམ་གྱུར་ཅིག །སེམས་ཅན་བྱོལ་སོང་སྡུག་བསྔལ་ལུས་བླངས་འདིར། །འཁོར་བ་ཐོག་མ་མེད་པ་ནས། །རྒྱུ་གཏི་མུག་ཤས་ཆེ་ཞིང་། །རྐྱེན་བཀོལ་སྤྱོད་ཀྱི་སྡིག་སྒྲིབ་མཐོལ་ལོ་བཤགས་སོ། །ཕྱག་འཚལ་བ་དང་བཤགས་པ་ཕུལ་བའི་ལེའུ་སྟེ་བཅུ་པའོ།།  །།          སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་དཀར་སེར་ཉི་མའི་མདོག །གཡས་ན་ཤེལ་གྱི་རྒྱལ་མཚན་བསྣམས། །གཡོན་ན་ཤེས་རབ་རལ་གྲི་བསྣམས། །སྐུ་ལ་ཆུ་ཤེལ་སླག་པ་མནབས། །གསེར་གྱི་པདྨའི་གདན་ལ་བཞུགས། །ཕྱག་འཚལ་སྡིག་བཤགས་མཆོད་པ་འབུལ། །བྱོལ་སོང་སྡུག་བསྔལ་ཞི་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །གསོ་སྐྱེད་བདུད་རྩིའི་རྩི་སྨན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལ་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། ། འབུལ་ནི་བདེར་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱིས། །སྐྱོན་གྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །གསོ་སྐྱེད་རྩི་སྨན་མཆོད་པ་བཞེས། །མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། །མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། །མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། །མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །གཏི་མུག་ལས་ཀྱིས་འཕྲོ་མཐུད་དབང་བཙན་པའི། །གླེན་ལྐུགས་བྱོལ་སོང་གནས་ནས་ཐར་བར་ཤོག །རྩི་ཡི་འོ་མས་བྱོལ་སོང་གླེན་པ་དྲན། །སྨན་དང་ཆུ་བོས་བྱོལ་སོང་ལྐུགས་པ་སྨྲ། །དཀར་བའི་མདངས་ཀྱིས་འཐིབ་པའི་མུན་པ་གསལ། །རླངས་པའི་རྒྱུན་གྱིས་དབྱིངས་སུ་ཤུལ་དྲངས་ལ། །གྲུབ་པ་གཤེན་གྱིས་གནས་མཆོག་ཁྱད་པར་ཅན། །གསས་རྗེ་རྨང་པོ་བཞུགས་པའི་སྤྱན་ལམ་དུ། །བྱོལ་སོང་ཤི་སོས་སྐོམ་གྱི་མཚོ་དང་ལྡན་གྱུར་ཅིག །སླར་ཡང་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །མུན་པས་གཏིབས་ནས་ལས་ཀྱིས་སྦྱོང་བ་ལ། །བདུད་རྩི་སྨན་གྱི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ལ་སྔགས་འདི་བརྗོད། ཨཱོྃ་མུ་ཏྲི་ནག་པོ་ཞི་ཞི་ཐིམ་ཐིམ་སྭཱ་ཧཱ། ། ད་ནི་ཚིག་བཤད་ལ། ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་། །ལྷ་གཤེན་ཉི་ཤུའི་ཐུགས་རྗེ་དང་། །ལྷ་མོ་ལྔ་བཅུའི་བྱིན་རླབས་དང་། །སྙིང་པོ་སྔགས་ཀྱི་ནུས་མཐུ་དང་། །ཡོན་བདག་བསམ་པ་དག་པ་དང་། །བྱོལ་སོང་ཉིད་ཀྱི་བསོད་ནམས་ཀྱིས། །འདོད་པ་ལྔ་ཡི་ཡས་སྟགས་འདི། །བྱོལ་སོང་གནས་སུ་ཕྱིན་པར་ཤོག །གླེན་ལྐུགས་སྡུག་བསྔལ་ཞི་བར་ཤོག །རིགས་དྲུག་ཐར་པ་ཐོབ་པར་ཤོག །བློ་མེད་གོ་འཕང་ཐོབ་པར་ཤོག །མཆོད་སྦྱིན་འདི་ཡི་བྱིན་རླབས་ཀྱིས། །བར་དོ་ལེ་ལོའི་བྱོལ་སོང་རྣམས། །གནས་ངན་ལེན་པའི་སྒོ་ཆོད་ནས། །མི་ལུས་གཙང་མར་སྐྱེ་བར་ཤོག །དེ་སྐད་ཅེས་གསུངས་ནས། གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། བདག་གིས་ནི་མཆོད་སྦྱིན་མ་གཏོང་ཡང་། བྱོལ་སོང་གི་སེམས་ཅན་རྣམས་དྲངས་ཏེ། ཕྱི་རབས་སེམས་ཅན་གྱི་དོན་དུ་དེ་ལྟར་བསྟན་པས། འཁོར་རྣམས་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག ཅེས་གསུངས་ནས་བྱོལ་སོང་གི་སེམས་ཅན་སྡིག་པོ་ཆེ་འདི། གཏི་མུག་གི་རྒྱུ་ལས་བཀོལ་སྤྱོད་ཀྱི་རྐྱེན་གྱིས་བྱོལ་སོང་གི་གནས་སུ་སྐྱེ་སམ། སྐྱེ་ཀ་མར་གྱུར་པའི་བྱོལ་སོང་དང་། བྱོལ་སོང་ཕྱི་ཡི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། མུན་པ་ནག་པོས་གཏིབས་པའི་བྱོལ་སོང་དང་། གླེན་ཞིང་ལྐུགས་པའི་བྱོལ་སོང་དང་།  རྒྱ་མཚོ་གྲང་འཁྱག་གི་བྱོལ་སོང་དང་།  རྐང་མེད་འཁོབ་པ་མང་པོའི་བྱོལ་སོང་དང་། རྐང་གཉིས་འགྲོ་བ་མང་པོ་དང་། རྐང་བཞི་བགྲོད་པ་མང་པོ་དང་། རྐང་མང་འཇིགས་པ་མང་པོ་དང་། འབུ་དང་གྲོག་སྦུར་མང་པོ་དང་། གཏི་མུག་གིས་འཐིབས་པའི་བྱོལ་སོང་ལ། སྟོན་པའི་ཞལ་ནས་སྔགས་བརྗོད་ཅིང་སྨོན་ལམ་བཏབ་པར། ཨཱོྃ་སུམ་ཏྲི་ཀུ་ལན་ཨ་པར་ཏ་ཡེ་སྭཱ་ཧཱ། །བྱོལ་སོང་ཕྱིའི་ཡུལ་རྣམས་འགྱུར་བར་ཤོག །ནང་གི་སེམས་རྣམས་ཞི་བར་ཤོག །བྱོལ་སོང་ཕྱི་ཡི་སྒྲིབ་པ་ཅན། །ཐར་པ་མངོན་སངས་རྒྱས་པར་ཤོག །བྱོལ་སོང་ནང་གི་སྒྲིབ་པ་ཅན། །འདོད་པའི་ཟས་དང་འཕྲད་པར་ཤོག །མུན་པ་ནག་པོས་གཏིབས་པ་ནི། །ཡེ་ཤེས་གསལ་བའི་སྒྲོན་མར་ཤོག །གླེན་ཞིང་ལྐུགས་པའི་བྱོལ་སོང་ནི། །དྲན་པའི་སེམས་ཀྱི་སྒྲོན་མར་ཤོག །རྒྱ་མཚོའི་གྲང་འཁྱག་གླིང་ཁྱིམ་ནི། །འབྲུ་དང་སྨན་གྱི་ཚལ་དུ་ཤོག །རྐང་མེད་འཁོབ་མང་བྱོལ་སོང་ནི། །རྫུ་འཕྲུལ་རྐང་པ་ཐོབ་པར་ཤོག །རྐང་གཉིས་འགྲོ་བ་མང་པོ་ནི། །མཐོ་རིས་ཐེམ་སྐས་རྙེད་པར་ཤོག །རྐང་བཞི་བགྲོད་པ་མང་པོ་ནི། །མཐོ་རིས་གོ་འཕང་ཐོབ་པར་ཤོག །རྐང་མང་འཇིགས་པ་མང་པོ་ནི། །གྲུབ་པའི་གནས་སུ་ཕྱིན་པར་ཤོག །འབུ་དང་གྲོག་སྦུར་མང་པོ་ནི། །སྟོན་པའི་ཐུགས་རྗེས་དྲང་བར་ཤོག །གཏི་མུག་འཐིབ་པའི་བྱོལ་སོང་ནི། །ཡེ་ཤེས་སྟོབས་ཀྱིས་ཐར་བར་ཤོག །བྱོལ་སོང་སྐྱེ་བའི་སྒོ་ཆོད་ནས། །ཐར་ལམ་སྟོན་པས་དྲང་བར་ཤོག །དེ་སྐད་ཅེས་སྟོན་པས་སྨོན་ལམ་བཏབ་བོ། །དེ་ནས་བྱོལ་སོང་རྣམས་ཀྱིས་སྟོན་པ་ལ་བསྟོད་པ། ཐམས་ཅད་འདྲེན་པའི་དཔལ། །སྟོན་པའི་སྒྲོན་མ་ལ། །གུས་པས་ཕྱག་འཚལ་ལོ། །འབུམ་སྡེ་ཐུགས་ལ་གསལ། །མཚན་དང་རབ་ལྡན་པའི། །གཏོ་བུ་འབུམ་སངས་ལ། །གུས་པས་ཕྱག་འཚལ་ལོ། །ཐུགས་རྗེའི་སྟོབས་དང་ལྡན། །མཚན་དང་རབ་ལྡན་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ། །གུས་པས་ཕྱག་འཚལ་ལོ། །བྱམས་པའི་བློ་མྱུར་མཆོག །མཚན་དང་རབ་ལྡན་པའི། །སྲས་བུ་རྨ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །མི་ཡེངས་དོན་ལ་བརྩོན། །མཚན་དང་རབ་ལྡན་པའི། །སྲས་བུ་གཡུ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །བྱོལ་སོང་གི་སེམས་ཅན་སྟོང་གསུམ་གྱི་སྟོང་འདི་སྟོང་པ་ཙམ་ཞིག་སངས་རྒྱས་ཏེ་སོང་ངོ་། །བྱོལ་སོང་འདུལ་བའི་ལེའུ་སྟེ་བཅུ་གཅིག་པའོ། །བམ་པོ་བཞི་པའོ།།  །།

གཡུང་དྲུང་ལྷ་ཡི་སྐད་དུ་ན། ཁྲི་ཝེར་སད་ལ་མུ་ཞི་ཕྲོང་ཙེ་གྱང་ཙེ་དེ་མ་ཧོ། བོད་སྐད་དུ། མི་རྣམས་འདྲེན་པའི་ལེའུའོ། །སྟོན་པ་གཤེན་རབ་མི་བོ་ལ་ཕྱག་འཚལ་ལོ། །གཤེན་འཆི་མེད་གཙུག་ཕུད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། མི་ཡུལ་སྐྱི་འཐིང་གི་ཤོད། རྡོ་ཨར་མོ་ལི་ཀའི་སྟེང་། ཤིང་སྟག་པ་ལོ་རྒྱས་ཀྱི་རྩ་བ་ན་བཞུགས་ཏེ། སྟེང་གི་ནམ་མཁའ་ལ་དར་གྱི་གདུགས་ནི་ཕུབ། ཧོས་རུ་གསིལ་བ་ནི་མདུན་དུ་བཞག ཐུགས་མཉམ་པ་ཉིད་ལ་བཞག་ནས་བཞུགས་སོ། །དེའི་ཚེ་དེའི་དུས་ན། འཁོར་གྱི་དམ་པ་གཤེན་ཐང་མ་འོད་རྒྱལ་དང་། ཀུ་བྱི་མང་ཀེ་དང་། ཁ་སྟེ་རྒྱལ་བ་དང་། ཁ་སྟེ་མུ་ཡ་དང་། ཁྲི་འདུལ་ཐང་པོ་དང་། འབྲིམ་ཐང་སྣར་བ་དང་། འཆི་མེད་གཙུག་ཕུད་དང་། ཚངས་པ་གཙུག་ཕུད་དང་། རྨ་ལོ་གཙུག་ཕུད་དང་། གཡུ་ལོ་གཙུག་ཕུད་དང་། དགའ་བ་གཙུག་ཕུད་དང་། ཚངས་པ་འབུམ་ཁྲི་དང་། གཞན་ཡང་ལྷ་དད་པ་ཅན་དང་། ཀླུ་དད་པ་ཅན་དང་། གཉན་དད་པ་ཅན་དང་། ས་བདག་དད་པ་ཅན་དང་། མི་དད་པ་ཅན་ལ་སོགས་པ་རྣམས་ཀྱིས་རྟ་དང་། གླང་པོ་ཆེ་དང་། རིན་པོ་ཆེའི་ཅོད་པན་དང་། རིན་པོ་ཆེའི་མཁར་རྔ་དང་། རིན་པོ་ཆེའི་དྲྭ་བ་དང་།  རིན་པོ་ཆེའི་མེ་ཏོག་དང་། རིན་པོ་ཆེའི་གདུ་བུ་དང་། རིན་པོ་ཆེའི་སྐུད་པ་དང་། རིན་པོ་ཆེའི་དཀོར་ཆ་དག་ཀྱང་འཐོར་བར་བྱེད་དོ། །ལ་ལས་ནི་གཟུགས་ཀྱི་མཆོད་པ་ཕུལ་ལོ། །ལ་ལས་ནི་སྒྲའི་མཆོད་པ་ཕུལ་ལོ། །ལ་ལས་ནི་དྲིའི་མཆོད་པ་ཕུལ་ལོ། །ལ་ལས་ནི་རོའི་མཆོད་པ་ཕུལ་ལོ། །ལ་ལས་ནི་རེག་བྱའི་མཆོད་པ་ཕུལ་ལོ། །ལ་ལས་ནི་རྔ་རྡུང་ངོ་། །ལ་ལས་ནི་དུང་འབུད་དོ། །ལ་ལས་ནི་སིལ་སྙན་སྒྲོག་གོ །ལ་ལས་ནི་མེ་ཏོག་སིལ་མ་དག་ཀྱང་འཐོར་བར་བྱེད་དོ། །གཞན་ཡང་ལྷ་མོ་བརྒྱད་ནི་འདི་ལྟ་སྟེ། གཟུགས་ཀྱི་ལྷ་མོས་མར་མེ་ཕུལ་ལོ། །སྒྲའི་ལྷ་མོས་རོལ་མོ་ཕུལ་ལོ། །དྲིའི་ལྷ་མོས་སྤོས་མེ་ཕུལ་ལོ། །རོའི་ལྷ་མོས་ལྷ་སངས་ཕུལ་ལོ། །རེག་བྱའི་ལྷ་མོས་དར་དཔྱངས་ཕུལ་ལོ། །ཁྲུས་ཀྱི་ལྷ་མོས་ཚན་ཆབ་ཕུལ་ལོ། །རྒྱན་གྱི་ལྷ་མོས་མེ་ཏོག་ཕུལ་ལོ། །གཏེར་གྱི་ལྷ་མོས་རིན་ཆེན་ཕུལ་ལོ། །གཞན་ཡང་བྱ་ངང་པ་དང་། ངུར་པ་དང་། ཁུ་བྱུག་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། ཁྱིམ་བྱ་དང་།  དེ་རྣམས་ཀྱིས་ཀྱང་སྐད་སྙན་པར་སྒྲོགས་ཤིང་། ཤིང་གི་ཁ་ལ་བབ་སྟེ་སྟོན་པ་ལ་སྐོར་བ་བྱེད་དོ། །དེའི་ཚེ་དེའི་དུས་ན། གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་གཤེན་རབ་མི་བོ་ལ་ཞུས་པ། སྟོན་པ་ལགས། རིགས་དྲུག་གི་སེམས་ཅན་ཐར་པར་དྲངས་ཀྱང་། མིའི་གླིང་ཐར་པར་མ་དྲངས་བས། མི་རྣམས་འདྲེན་པའི་བོན་ཅིག་ཞུ།  ཞེས་ཞུས་ནས། རླུང་གི་བེར་ཆེན་པོ་ཡོལ་གང་བ་ཞིག་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། རིགས་དྲུག་འདུལ་བའི་ནང་ནས་མི་རྣམས་འདྲེན་པར་འདོད་ན། སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་རིན་པོ་ཆེ་ལྟར་བཀྲ། །སྐུ་ལ་གཡུ་ཡི་སླག་པ་མནབས། །གཡས་པས་མེ་ཆུའི་རྒྱལ་མཚན་བསྣམས། །གཡོན་པས་གསེར་གྱི་ཆགས་ཤིང་བསྣམས། །འཁོར་ལོ་དགུ་བརྩེགས་གདན་ལ་བཞུགས། །ཞལ་ནས་མི་ཡི་སྙིང་པོ་བརྗོད་པ་ནི།                                      ཨཱོྃ་ཏྲི་དུ་ཨ་པར་ཤག་ཤག་སྭཱ་ཧཱ། །དེ་སྐད་ཅེས་བརྗོད་པས།  འཇིག་རྟེན་གྱི་མི་རྣམས་ཐར་པ་ཐོབ་པར་འགྱུར་རོ། །ངོ་མཚར་རྨད་དུ་བྱུང་བ་ཡི། །ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །དགུང་སྔོན་མཐོན་པོ་བོན་ཉིད་དབྱིངས་ནས་བདལ། །ཐུགས་རྗེའི་སྤྲིན་དཔུང་སྟོན་པའི་སྐུ་ལ་འདུས། །བྱིན་རླབས་ཆར་པས་འགྲོ་དྲུག་ཚིམ་པར་བྱེད། །སྲིད་གསུམ་རྫིང་བུ་ལས་འཕྲོ་ཅན་ལ་འཁྱིལ། །ས་གཞི་སྐོམ་པོ་དད་པ་ཅན་རྣམས་སྦོང་། །ཡོན་ཏན་འབྲུ་བཅུད་སྦྱིན་པ་ཅན་གྱིས་བརྔས། །དེ་ལྟར་ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདིས། །དེང་གི་རྒྱུ་སྦྱོར་ཡོན་བདག་དང་། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མི་གཙང་དྲི་མ་དག་པར་ཤོག །མི་ཡི་སྡུག་བསྔལ་ཞི་བར་ཤོག །ཅེས་བརྗོད་དོ། །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས། སྔགས་འདི་བརྗོད། བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །ཨཱོྃ་བདག་གི་ཏིང་འཛིན་སྤྲུལ་པ་དང་། །སྟོན་པ་གཤེན་རབ་ཐུགས་རྗེ་དང་། །གཙོ་བོ་བཞི་ཡི་བྱིན་རླབས་ཀྱིས། །མི་རྣམས་བྲེལ་ཕོངས་རྒྱུན་ཆད་ཤོག །བསྭོ་ཕྲི་དུ་དུ་མ་ཡ་ཤག་སྭཱ་ཧཱ། །ཁྲུས་དང་མཚམས་བཅད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།ད་ནི་བསྟོད་ཕྱག་བྱ་བ་ནི། དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ། །ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །ཉོན་མོངས་བག་ཆགས་སྡིག་སྒྲིབ་རྣམས། །ཐུགས་རྗེས་མི་རྣམས་དྲང་བའི་ཕྱིར། །སྐུ་མདོག་ཕྱག་མཚན་གདན་ཁྲིར་བསྟན། །བྱིན་རླབས་ཐུགས་རྗེ་སྤྲུལ་པ་དང་། །འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་བཀྱེ། །བདེ་གཤེགས་སྟོང་གི་སྐུ་རུ་བྱུང་། །བདེ་གཤེགས་སྟོང་དང་རྩ་བཞི་ལ། །བདག་དང་མཐའ་ཡས་སེམས་ཅན་དང་། །དེང་གི་སེམས་ཅན་ཉོན་མོངས་ཀྱི། །ལུས་ངག་ཡིད་གསུམ་ཐང་བཅད་ནས། །དྭངས་བའི་སེམས་ཀྱིས་ཕྱག་་འཚལ་ལོ། །ད་ནི་མི་རྣམས་འདྲེན་པའི་ལྷ་རྣམས་ལ་ཕྱག་འཚལ་བ་དང་། སྙིང་པོ་བརྗོད་པ་ནི། ཨཱོྃ་རྣྲི་དུ་མ་ར་ཡ་ཐར་ལྃ་ཞི་ཞི་སྭཱ་ཧཱ། །དུག་ལྔ་མྱུར་དུ་འཇོམས་པ་ཡི། །གཉེན་པོ་ཡེ་ཤེས་ལྔ་ཤར་བའི་ཚེ། ཕྲག་དོག་གི་སྡུག་བསྔལ་ཞི་བར་གྱུར་ཅིག  མེད་པར་གྱུར་ཅིག སྟོང་པར་གྱུར་ཅིག  མི་རྣམས་འདྲེན་པའི་ལྷ།  རླུང་ལྷ་འདེགས་པའི་སྟོབས་ལྡན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ།  རླུང་ལྷ་སྡུད་པའི་དབང་ཆེན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ།  རླུང་ལྷ་འབྱེད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ།  རླུང་ལྷ་རྒྱུ་བའི་སྐོར་ཆེན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ། མེ་ལྷ་དྲོད་ཆེན་སྨིན་པ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ།  མེ་ལྷ་འོད་དྲུག་གསལ་བ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ།  ཆུ་ལྷ་ཀུན་སྡུད་བདུད་རྩིའི་ཟིལ་བ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ། ཆུ་ལྷ་ཀུན་གསོ་སྨན་གྱི་དྲི་མཆོག་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ། ས་ལྷ་ཤོང་ཡངས་འདེགས་པའི་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ། ས་ལྷ་ཀུན་འབྱུང་རིན་ཆེན་སྣ་ལྔ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་རླུང་བོན་ཕྱོད་སངས་རྒྱལ་པོ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་རླུང་བོན་སྤྱོད་པའི་འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་རླུང་བོན་དྲག་པོ་ཤུགས་ཀྱི་རྫིང་རླུང་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་རླུང་བོན་འདྲེན་པའི་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་མེ་བོན་གསང་དྲག་གསལ་བའི་སྒྲོན་མེ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་མེ་བོན་འོད་ཀྱི་ལྕང་ལོ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་ཆུ་བོན་བདུད་རྩིའི་ཟིལ་བ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་ཆུ་བོན་དག་པ་ཁྲུས་ཀྱི་བུམ་པ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་ས་བོན་མི་འགྱུར་གླིང་དྲུག་གསེར་གྱི་ཐོར་ཚུགས་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་གཤེན་ས་བོན་སྲ་བརྟན་གཡུའི་གཡུང་དྲུང་ཅན་ལ་ཕྱག་འཚལ་ལོ། །དེ་ནས་མི་རྣམས་འདྲེན་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་བ་ནི། མི་རྣམས་འདྲེན་པའི་ལྷ་མོ་ཡེ་ཤེས་སྒྲོན་མེས་གཏི་མུག་གི་མུན་པ་འཇོམས་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཐུགས་རྗེ་གསལ་བས་མ་གོ་རིག་པ་སྟོན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་གྱད་མོ་རྩལ་ཆེན་བདུད་ཀྱི་འཁོར་རྣམས་འཇོམས་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཐང་མོ་ཀུན་མཁྱེན་འགྲོ་བ་ཐབས་ཀྱིས་འདུལ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་གཟེ་མ་མཚོན་ཐོགས་ལྷ་མིན་གཡུལ་ངོ་བཟློག་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་དོང་ཁྲ་མགྱོགས་བྱེད་ཁམས་གསུམ་ཡུད་ཀྱིས་འཁོར་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་འབྲི་མིག་དགུ་བསྐོར་སྤྲུལ་པ་ཅིར་ཡང་སྟོན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཤར་ཕྱོགས་ཀྱི་ལྷ་མོ་གསལ་བའི་སྒྲོན་མེ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཟེར་གྱི་ཐིག་ལེ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་འོད་ཀྱི་ལེའུ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཐོར་ཚུགས་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་འབར་བའི་མེ་ལྕེ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་གསལ་བའི་མར་མེ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཉི་གསལ་འོད་འཕྲོ་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཟླ་གསལ་ཟེར་ལྡན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་སྐར་གསལ་ཚོམ་བུ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་གཞའ་གསལ་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་བྱང་ཕྱོགས་ཀྱི་ལྷ་མོ་ཕྱོད་ཀྱི་ཐོགས་མེད་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཤུགས་ཀྱི་སྟོབས་ལྡན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་འདེགས་པའི་རྔམ་སྡུད་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཁོར་ཡུག་འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་རྒྱ་གྲམ་བསྣོལ་མ་ཅན་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་བཅུད་ཀྱི་སྡུད་བྱེད་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཀློང་གི་སྐྱེད་བྱེད་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་དབྱིངས་ཀྱི་སྟིམ་བྱེད་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་མཁའ་ཡི་མཉམ་བྱེད་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་འཇིག་ཆགས་སྟོང་གནས་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ནུབ་ཕྱོགས་ཀྱི་ལྷ་མོ་རྩིའི་འོད་དཀར་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་སྨན་གྱི་བདུད་རྩི་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་གསོ་བའི་ཆུ་བོ་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་རྒྱ་མཚོ་སྟོབས་ལྡན་མ་་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་འབྲི་མིག་དགུ་བསྐོར་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ལུ་མ་དགུ་ཕྲུག་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཆུ་བོ་རྐ་བསྐྱེད་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཆུ་བྲན་ལག་འདྲེན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཐུགས་རྗེའི་སྤྲིན་དཔུང་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་བྱིན་རླབས་ཆར་བ་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ལྷོ་ཕྱོགས་ཀྱི་ལྷ་མོ་སྲ་བརྟན་ཚིག་འཛིན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་དངོས་གྲུབ་སྣ་ཚོགས་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་རིན་ཆེན་གཏེར་ལྡན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་སྨན་གྱི་བཅུད་ལྡན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་རྩིའི་མཛོད་ལྡན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་སེམས་ཅན་གསོ་བ་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཤེས་རབ་བློ་ལྡན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་མེ་ཏོག་མཛེས་ལྡན་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་མི་ལྡོག་བརྟན་བྱེད་མ་ལ་ཕྱག་འཚལ་ལོ། ། །མི་རྣམས་འདྲེན་པའི་ལྷ་མོ་ཐམས་ཅད་བརྟན་བྱེད་ཤོང་ཡངས་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་ཅི་ཡང་མཁྱེན་པ་མ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་འོག་གི་ལྷ་མོ་ཐར་པར་སྒྲོལ་ལ་ཕྱག་འཚལ་ལོ། །མི་རྣམས་འདྲེན་པའི་ལྷ་མོ་སྟེང་གི་ལྷ་མོ་སྨྲ་བསམ་བརྗོད་མེད་ཚིག་དང་སྒྲ་ལས་འདས། ཁ་དོག་དངོས་མེད་དཀར་ནག་ཆེ་ཆུང་མེད། ཕ་རོལ་ཕྱིན་པའི་ཡུམ་ལ་ཕྱག་འཚལ་ལོ། །མི་རྣམས་ཀྱིས་ཀྱང་ལྷ་ཕྱག་རེ་རེ་འཚལ་བས། མི་རྣམས་ཕྱིའི་ཡུལ་རྣམས་འགྱུར་རོ། །ནང་གི་སེམས་རྣམས་ཞིའོ། །ཕྲག་དོག་གི་བཤགས་པ་ལ། དར་དཀར་ལག་ཏུ་ཐོགས་ལ་འདི་སྐད་དོ། །སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས། །ད་ལྟ་འཁོར་བའི་ཕྲག་དོག་རྒྱུན་བཅད་དེ། །མི་འཁོར་ཡངས་པ་ཆེན་པོའི་སྟོབས་ཕྱུང་སྟེ། །བོན་ཉིད་དབྱིངས་ནས་ཐུགས་ཉིད་མཉམ་པའི་ལྷ། །གསས་རྗེ་རྨང་པོའི་དབྱིངས་སུ་ཐིམ་གྱུར་ཅིག །སེམས་ཅན་བྲེལ་ཕོངས་སྡུག་བསྔལ་ལུས་བླངས་འདིར། །འཁོར་བ་ཐོག་མ་མེད་པ་ནས། རྒྱུ་ཕྲག་དོག་ལས་ཤས་ཆེ་ཞིང་། །རྐྱེན་བྲེལ་ཕོངས་ཀྱི་སྡིག་སྒྲིབ་མཐོལ་ལོ་བཤགས་སོ། །ཕྱག་འཚལ་བ་དང་བཤགས་པ་ཕུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་རིན་པོ་ཆེ་ལྟར་བཀྲ། །སྐུ་ལ་གཡུ་ཡི་སླག་པ་མནབས། །གཡས་པས་མེ་ཆུའི་རྒྱལ་མཚན་བསྣམས། །གཡོན་པས་གསེར་གྱི་ཆགས་ཤིང་བསྣམས། །འཁོར་ལོ་དགུ་བརྩེགས་གདན་ལ་བཞུགས། །ཕྱག་འཚལ་སྡིག་བཤགས་མཆོད་པ་འབུལ། །མི་རྣམས་སྡུག་བསྔལ་ཞི་བར་ཤོག། །ངོ་མཚར་རྨད་དུ་བྱུང་བ་ཡི། །ཞལ་ཟས་རོ་མཆོག་ལྷ་སངས་འདི། །དང་པོ་ཡེ་མེད་སྟོང་པ་ལ། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེར་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །ཞལ་ཟས་ལྷ་སངས་མཆོད་པ་བཞེས། །མུ་ཧེ་སྤུང་རྃ་སྤྲོས་རྒྱས་ཁྱབ། །མུ་ཧེ་སྤུང་རྃ་སྤྲོས་རྒྱས་ཁྱབ། །མུ་ཧེ་སྤུང་རྃ་སྤྲོས་རྒྱས་ཁྱབ། །མུ་ཧེ་སྤུང་རྃ་སྤྲོས་རྒྱས་ཁྱབ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །ཕྲག་དོག་ལས་ཀྱི་འཕྲོ་མཐུད་དབང་བཙན་པའི། །མཐའ་འཁོབ་མི་ཡི་གནས་ནས་ཐར་བར་ཤོག། །འབྲུ་གཙང་ཆུ་བོས་བསྡུས་པས་མི་ཡི་འདོད་པ་ཚིམ། །རྩི་བཅུད་མར་གྱིས་བཀུས་པས་མཐའ་འཁོབ་འདོད་པ་ཚིམ། །དྲི་བཟང་རླངས་པས་འཕོ་འགྱུར་སྡུག་བསྔལ་བདེ། །རྭ་ཡི་དབལ་སོས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །གནམ་གསས་དབྱིངས་རུམ་བཞུགས་པའི་སྤྱན་ལམ་དུ། །འཕོ་འགྱུར་མི་རྣམས་བདུད་རྩིའི་ཟས་ཀྱི་གཏེར་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །འཕོ་འགྱུར་འདོད་ལྟོག་སྡུག་བསྔལ་ལས་ཀྱིས་སྦྱོང་བ་ལ། །བདུད་རྩི་མི་ཟད་ཟས་ཀྱིས་སྦྱིན་པ་གཏོང་བར་ཤོག།ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས་སྔགས་འདི་བརྗོད། ཨཱོྃ་པྲི་དུ་ཐོར་ཐོར་ཐིམ་ཐིམ་ཡེ་སྭཱ་ཧཱ། །ད་ནི་ཚིག་བཤད་ལ། ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་། །ལྷ་གཤེན་ཉི་ཤུའི་ཐུགས་རྗེ་དང་། །ལྷ་མོ་ལྔ་བཅུའི་བྱིན་རླབས་དང་། །སྙིང་པོ་སྔགས་ཀྱི་ནུས་མཐུ་དང་། །ཡོན་བདག་བསམ་པ་དག་པ་དང་། །མཐའ་འཁོབ་མི་ཡི་བསོད་ནམས་ཀྱིས། །འདོད་པ་ལྔ་ཡི་ཡས་སྟགས་འདི། །མི་ཡི་གནས་སུ་ཕྱིན་པར་ཤོག །བྲེལ་ཕོངས་སྡུག་བསྔལ་ཞི་བར་ཤོག །རིགས་དྲུག་ཐར་པ་ཐོབ་པར་ཤོག །བླ་མེད་གོ་འཕང་ཐོབ་པར་ཤོག །མཆོད་སྦྱིན་འདི་ཡི་བྱིན་རླབས་ཀྱིས། །བར་དོ་ལེ་ལོའི་མི་རྣམས་ཀྱང། །གནས་ངན་ལེན་པའི་སྒོ་ཆོད་ནས། །མི་ལུས་གཙང་མར་སྐྱེ་བར་ཤོག །དེ་སྐད་ཅེས་གསུངས་ནས། གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། བདག་གིས་ནི་མཆོད་སྦྱིན་མ་གཏོང་ཡང་། མཐའ་འཁོབ་ཀྱི་མི་རྣམས་དྲངས་ཏེ། ཕྱི་རབས་སེམས་ཅན་གྱི་དོན་དུ་དེ་ལྟར་བསྟན་པས། འཁོར་རྣམས་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག ཅེས་གསུངས་ནས། མི་ཡི་སེམས་ཅན་སྡིག་པོ་ཆེ་འདི། ཕྲག་དོག་གི་རྒྱུ་ལས་བྲེལ་ཕོངས་ཀྱི་རྐྱེན་གྱིས་མི་ཡི་གནས་སུ་སྐྱེས་སམ། སྐྱེ་ཀ་མར་གྱུར་པའི་མི་རྣམས་དང་། མི་ཕྱི་ཡི་བྲེལ་ཕོངས་ཅན་དང་། །ནང་གི་ཕྲག་དོག་ཅན་དང་། ཅི་མེད་མྱ་ངན་སྣམ་བུ་ཅན་དང་། ཕ་མ་དབུལ་ཕོངས་བཀྲེས་པའི་མི་རྣམས་དང་། ཞེ་སྡང་ཅན་གཅིག་ཤ་གཅིག་གིས་ཟ་བའི་མི་རྣམས་དང་། ལོག་པར་ལྟ་ཞིང་སྐུར་བ་འདེབས་པའི་མི་རྣམས་དང་། དུག་ལྔས་བཅིངས་ཤིང་ཉོན་མོངས་པས་གདུང་བའི་མི་རྣམས་དང་། དགེ་བ་ལ་མི་དད་ཅིང་བོན་ལ་མི་མོས་པའི་མི་རྣམས་ལ། སྟོན་པའི་ཞལ་ནས་སྔགས་བརྗོད་ཅིང་སྨོན་ལམ་བཏབ་པར། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱ་ཧཱ། །མི་ཕྱིའི་ཡུལ་རྣམས་འགྱུར་བར་ཤོག །ནང་གི་སེམས་རྣམས་ཞི་བར་ཤོག །ཅི་མེད་མྱ་ངན་སྣམ་བུ་ནི། །འབྲུ་དང་སྨན་གྱིས་ཁྱབ་པར་ཤོག །ཕ་མ་དབུལ་ཕོངས་བཀྲེས་པའི་མི་རྣམས་ནི། མི་ཟད་གཏེར་དང་འཕྲད་པར་ཤོག ཞེ་སྡང་ཅན་གྱིས་གཅིག་ཟ་གཅིག་གིས་ཟ་བའི་མི་རྣམས་ནི། རིན་ཆེན་གཏེར་དང་འཕྲད་པར་ཤོག ལོག་པར་ལྟ་ཞིང་སྐུར་བ་འདེབས་པའི་མི་རྣམས་ནི། ཅི་འདོད་རེ་བ་བསྐང་བར་ཤོག དུག་ལྔས་བཅིངས་ཤིང་ཉོན་མོངས་པས་གདུང་བའི་མི་རྣམས་ནི། ཐར་པར་བྱེད་པའི་ལྕགས་ཀྱུས་འདྲེན་པར་ཤོག དགེ་ལ་མི་དད་ཅིང་བོན་ལ་མི་མོས་པའི་མི་རྣམས་ནི། སྟོན་པའི་ཐུགས་རྗེས་དྲང་བར་ཤོག དེ་སྐད་ཅེས་སྟོན་པས་སྨོན་ལམ་བཏབ་བོ། །དེ་ནས་མཐའ་འཁོབ་མི་རྣམས་ཀྱིས་སྟོན་པ་ལ་བསྟོད་པ། ཐམས་ཅད་འདྲེན་པའི་དཔལ། །སྟོན་པའི་སྒྲོན་མ་ལ། །གུས་པས་ཕྱག་འཚལ་ལོ། །འབུམ་སྡེ་ཐུགས་ལ་གསལ། །མཚན་དང་རབ་ལྡན་པའི། །གཏོ་བུ་འབུམ་སངས་ལ། །གུས་པས་ཕྱག་འཚལ་ལོ། ཐུགས་རྗེའི་སྟོབས་དང་ལྡན། །མཚན་དང་རབ་ལྡན་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ། །གུས་པས་ཕྱག་འཚལ་ལོ། །བྱམས་པའི་བློ་མྱུར་མཆོག།མཚན་དང་རབ་ལྡན་པའི། །སྲས་བུ་རྨ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །མི་ཡེངས་དོན་ལ་བརྩོན། །མཚན་དང་རབ་ལྡན་པའི། །སྲས་བུ་གཡུ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་གྱི་མི་སྟོང་གསུམ་གྱི་སྟོང་འདི་སྟོང་པ་ཙམ་ཞིག་སངས་རྒྱས་ཏེ་སོང་ངོ་། །མི་རྣམས་འདུལ་བའི་ལེའུ་སྟེ་བཅུ་བཞི་པའོ། །བམ་པོ་ལྔ་པའོ།།  །།གཡུང་དྲུང་ལྷ་ཡི་སྐད་དུ་ན། གྱེར་སད་ཁྲི་སྐྱེས་ཝངས་ལ་དུན་གུ་ཧྲུན། བོད་སྐད་དུ། ལྷ་མ་ཡིན་རྣམས་དྲངས་པའི་མདོ། སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །གཤེན་འཆི་མེད་གཙུག་ཕུད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རི་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་བཞུགས་ཏེ། གཡས་ན་ཚངས་པའི་རྒྱལ་པོས་ཉི་མའི་གདུགས་ཁང་བསྐོར་རོ། །གཡོན་ན་ལྷ་ཡི་རྒྱལ་པོས་ཟླ་བའི་གུར་ཁྱིམ་ཕུབ་བོ། །མདུན་ན་ལྷ་མ་ཡིན་གྱི་རྒྱལ་པོས་སླག་ཆེན་གྱི་གདུང་ལ་སྤྱོན་ནོ། །གཞན་ཡང་གཤེན་ཕྲན་སུམ་བརྒྱ་དྲུག་ཅུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ལྔ་བརྩེགས་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཀུ་ལ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཀུ་ཏ་དང་། མཚོན་ཆ་འཛིན་གྱི་རྒྱལ་པོ་དང་། རྩེ་གསུམ་མདུང་གི་རྒྱལ་པོ་དང་། རྣ་ཆ་དུང་གི་རྒྱལ་པོ་དང་། འཛིན་པ་ལྕགས་ཀྱུའི་རྒྱལ་པོ་དང་། བཤའ་བ་གྲི་ཡི་རྒྱལ་པོ་དང་། གཤག་པ་རལ་གྲིའི་རྒྱལ་པོ་དང་། འཇོམས་པ་འཁོར་ལོའི་རྒྱལ་པོ་དང་། དེ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་གཤེན་རབ་ལ་ཞུས་པ། སྟོན་པ་ལགས། རིགས་དྲུག་གི་སེམས་ཅན་ཐར་པར་དྲངས་ཀྱང་། ལྷ་མ་ཡིན་གྱི་སྡེ་ཚོགས་ཐར་པར་མ་དྲངས་བས། ལྷ་མ་ཡིན་རྣམས་འདྲེན་པའི་བོན་ཞིག་ཞུ། ཞེས་ཞུས་ནས་གསེར་གྱི་རལ་གྲི་འོད་འབར་བ་ཞིག་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། རིགས་དྲུག་འདུལ་བའི་ནང་ནས་ལྷ་མ་ཡིན་འདུལ་བར་འདོད་ན། སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་སྔོ་སྐྱ་ཤེལ་གྱི་མདོག །གཡས་ན་གསེར་གྱི་རལ་གྲི་བསྣམས། །གཡོན་ན་བདུད་རྩིའིི་བུམ་པ་བསྣམས། །རལ་གྲིས་བཏུབ་ཅིང་བདུད་རྩིའི་གསོ། །སྟག་ཆེན་སྡེར་མང་ཁྲི་ལ་བཞུགས། །ཞལ་ནས་ལྷ་མིན་སྙིང་པོ་བརྗོད། །བསྭོ་ཧེད་ཨ་པར་ཤག་ཕྲོམ་རྩེ་ནན། མྱོག་རུ་ཏྲི་བྷྱོ་བྷྱོ། །དེ་སྐད་ཅེས་བརྗོད་པས། ལྷ་མ་ཡིན་གྱི་སྡེ་ཚོགས་རྣམས་ཀྱང་ཐར་པ་ཐོབ་པར་འགྱུར་རོ། །ངོ་མཚར་རྨད་དུ་བྱུང་བ་ཡི། །ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །དགུང་སྔོན་མཐོན་པོ་བོན་ཉིད་དབྱིངས་ནས་བདལ། །ཐུགས་རྗེའི་སྤྲིན་དཔུང་སྟོན་པའི་སྐུ་ལ་འདུས། །བྱིན་རླབས་ཆར་པས་འགྲོ་དྲུག་ཚིམ་པར་བྱེད། །སྲིད་གསུམ་རྫིང་བུ་ལས་འཕྲོ་ཅན་ལ་འཁྱིལ། །ས་གཞི་སྐོམ་པོ་དད་པ་ཅན་རྣམས་སྦོང་། །ཡོན་ཏན་འབྲུ་བཅུད་སྦྱིན་པ་ཅན་གྱིས་བརྔས། །དེ་ལྟར་ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདིས། །དེང་གི་རྒྱུ་སྦྱོར་ཡོན་བདག་དང་། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མི་གཙང་དྲི་མ་དག་པར་ཤོག །ལྷ་མིན་སྡུག་བསྔལ་ཞི་བར་ཤོག །ཅེས་བརྗོད་དོ། །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས། སྔགས་འདི་བརྗོད། བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །ཨཱོྃ་བདག་གི་ཏིང་འཛིན་སྤྲུལ་པ་དང་། །སྟོན་པ་གཤེན་རབ་ཐུགས་རྗེ་དང་། །གཙོ་བོ་བཞི་ཡི་བྱིན་རླབས་ཀྱིས། །ལྷ་མིན་འཐབ་རྩོད་རྒྱུན་ཆད་ཤོག །ཨཱོྃ་ཨ་པར་ཨ་ཏྲི་ཡང་ཤག་སྭཱ་ཧཱ། །ཁྲུས་དང་མཚམས་བཅད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།  །།ད་ནི་བསྟོད་ཕྱག་བྱ་བ་ནི། དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ། །ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །ཉོན་མོངས་བག་ཆགས་སྡིག་སྒྲིབ་རྣམས། །ཐུགས་རྗེས་ལྷ་མིན་དྲང་བའི་ཕྱིར། །སྐུ་མདོག་ཕྱག་མཚན་གདན་ཁྲིར་བསྟན། །བྱིན་རླབས་ཐུགས་རྗེ་སྤྲུལ་པ་དང་། །འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་བཀྱེ། །བདེ་གཤེགས་སྟོང་གི་སྐུ་རུ་བྱུང་། །བདེ་གཤེགས་སྟོང་དང་རྩ་བཞི་ལ། །བདག་དང་མཐའ་ཡས་སེམས་ཅན་དང་། །དེང་གི་སེམས་ཅན་ཉོན་མོངས་ཀྱི། །ལུས་ངག་ཡིད་གསུམ་ཐང་བཅད་ནས། །དྭངས་བའི་སེམས་ཀྱིས་ཕྱག་་འཚལ་ལོ། །ད་ནི་ལྷ་མིན་འདུལ་བའི་ལྷ་རྣམས་ལ་ཕྱག་འཚལ་བ་དང་། སྙིང་པོ་བརྗོད་པ་ནི། ཨཱོྃ་ཨ་ཏྲི་དུ་ཤག་དུ་པར་སྭཱ་ཧཱ། །དུག་ལྔ་མྱུར་དུ་འཇོམས་པ་ཡི། །གཉེན་པོ་ཡེ་ཤེས་ལྔ་ཤར་བའི་ཚེ། ང་རྒྱལ་གྱི་སྡུག་བསྔལ་ཞི་བར་གྱུར་ཅིག  མེད་པར་གྱུར་ཅིག སྟོང་པར་གྱུར་ཅིག ལྷ་མིན་འདུལ་བའི་ལྷ། ནམ་མཁའ་མཐའ་ཡས་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ།  ཀུན་འབུམ་གོ་འབྱེད་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ། དབལ་གསས་ཆེམ་པ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ། ཐོག་གསས་ཁམ་པ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ། དྲི་གསས་རྒྱལ་བ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ།  འདུར་གསས་རྨ་བོ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ། བླ་གསས་ཕོ་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ། གཤེན་གསས་ཁྲི་ལོ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ།  སེལ་གསས་གྲྭ་བརྒྱད་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ། ལམ་གསས་ཕྱག་བུ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན། དབལ་བོན་རོམ་པོ་མཐུ་དང་སྟོབས་ཀྱིས་དྲེགས་པའི་ལྷ་འདྲེ་འདུལ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན། མུ་ཆོ་ལྡེམ་དྲུག་སྲིད་པ་མུ་མེད་པའི་བོན་་ལ་མཁས་པ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན།  གཤེན་བོན་ཁུ་བྱུག་གསུང་སྙན་ལྷང་ལྷང་ཁམས་གསུམ་གྲགས་པ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན། འདུར་གཤེན་རྨ་ད་སྲིད་པ་དར་གྱི་ཅོད་པན་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན།  ཞི་བའི་བོན་པོ་ཡ་ངལ་གྱིམ་གོང་སྲིད་པ་དཀར་ནག་འབྱེད་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན།  ཞི་བའི་བོན་པོ་ར་ལྗགས་སྤྱི་རྒྱལ་གྲི་ཁམས་དབང་དུ་སྡུད་པ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན།  ཞི་བའི་བོན་པོ་ཐར་བོན་གྲུབ་སྐྱོལ་སྣང་སྲིད་ལྷ་འདྲེ་སྐོས་ལ་འདེབས་པ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན། ཞི་བའི་བོན་པོ་གླུད་བོན་གྱེར་མཁས་གདུག་པའི་གཡེན་ཁམས་མང་པོ་འདུལ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན།  ཞི་བའི་བོན་པོ་གཏོ་བོན་བྱོན་ཁྲི་ནག་པོ་བདུད་ཁམས་འདུལ་བ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་གཤེན། ཞི་བའི་བོན་པོ་སྣ་བོན་ལི་བྱིན་མི་རབས་བརྒྱུད་དུ་སྤེལ་བ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་མིན་འདུལ་བའི་ལྷ་མོ་རྣམས་ལ་ཕྱག་འཚལ་བ་ནི། ལྷ་མིན་འདུལ་བའི་ལྷ་མོ་ཀུན་གྲུབ་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཀུན་ཤེས་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཀུན་ལྡན་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཀུན་ཚོགས་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཀུན་ཚངས་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའིི་ལྷ་མོ་ཀུན་འདུལ་མ་ལ་ཕྱག་འཚལ་ལོ། ། ལྷ་མིན་འདུལ་བའི་ལྷ་མོ་ཀུན་འདྲེན་མ་ལ་ཕྱག་འཚལ་ལོ།  །ལྷ་མིན་འདུལ་བའི་ལྷ་མོ་ཀུན་དགའ་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཀུན་སྡུད་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཀུན་འདུས་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཡེ་ཁྱབ་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་བཀའ་འདྲེན་གཙོ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཁང་འབེབས་དབྱིངས་བརྡལ་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཨ་དཀར་བདེ་ལྡན་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཧ་དྲག་ཤུགས་ལྡན་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་གླིང་གྲགས་སྒྲ་ལྡན་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ང་ཆེ་དབང་རྫོགས་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་རམ་ཤག་འཕྲུལ་མོ་ཆེ་མ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ལ་ཆོད་སྔགས་འཛབ་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་མི་ཡེངས་ཏིང་འཛིན་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཐུགས་རྗེའི་ལྷ་མོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་གསལ་བའི་སྤྱན་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་སྙོམས་པའི་ཐུགས་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་སྙན་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་བདུད་རྩིའི་ཕྱག་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་རྫུ་འཕྲུལ་གྱི་ཞབས་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་འདྲེན་པའི་ཐབས་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་སྒྲོལ་བའི་གཙོ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཕྱིན་པའི་གཞི་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་ཐར་བའི་སྒོ་ལ་ཕྱག་འཚལ་ལོ། །ལྷ་མིན་འདུལ་བའི་ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་ཐབས་ཀྱི་ཞགས་པ་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་ཐུགས་རྗེའི་ལྕགས་ཀྱུ་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་གསལ་བའི་མེ་ལོང་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་མཛེས་པའི་རྨ་བྱ་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་སྙན་པའི་ཁུ་བྱུག་གསུང་སྙན་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་བརྗིད་པའི་གཟི་མདངས་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་ཐར་བའི་སྐས་ལམ་ཅན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་ལུང་རྒྱུད་ངེས་པར་འབོགས་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་བཀའ་བརྒྱུད་ཆེ་བར་སྤེལ་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་ལ་གཅོད་ཡོོངས་སུ་གྲགས་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་ཐམས་ཅད་ཡོངས་སུ་རྒྱས་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་བདེན་པར་དོན་དམ་སྒྲུབ་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་རྒྱས་པར་གསུང་རབ་སྟོན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་ཞི་བར་སེམས་ཅན་འདུལ་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་བདེན་པའི་ངེས་ཚིག་སྟོན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་མན་ངག་སྔགས་རྒྱུད་འདྲེན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་དྲག་པོས་བར་ཆད་སྒྲོལ་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་ཐོགས་མེད་མྱུར་དུ་བྱོན་ལ་ཕྱག་འཚལ་ལོ། །ལྷ་མིན་འདྲེན་པའི་ལྷ་མོ་དམིགས་མེད་ཅིར་ཡང་གསལ་ལ་ཕྱག་འཚལ་ལོ། །ལྷ་མིན་རྣམས་ཀྱིས་ཀྱང་ལྷ་ཕྱག་རེ་རེ་འཚལ་བས། ལྷ་མིན་ཕྱིའི་ཡུལ་རྣམས་འགྱུར་རོ། །ནང་གི་སེམས་རྣམས་ཞིའོ། །ང་རྒྱལ་གྱི་བཤགས་པ་ལ། དར་དཀར་ལག་ཏུ་ཐོགས་ལ་འདི་སྐད་དོ། །སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས། །ད་ལྟ་འཁོར་བའི་ང་རྒྱལ་རྒྱུན་བཅད་ནས། །མི་འཁོར་ཞི་བ་ཆེན་པོའི་སྟོབས་ཕྱུང་སྟེ། །བོད་ཉིད་དབྱིངས་ནས་ཐུགས་ཉིད་མཉམ་པའི་ལྷ། །གནམ་གསས་དབྱིངས་རུམ་དབྱིངས་སུ་ཐིམ་གྱུར་ཅིག །སེམས་ཅན་འཐབ་རྩོད་སྡུག་བསྔལ་ལུས་བླངས་འདིར། འཁོར་བ་ཐོག་མ་མེད་པ་ནས། རྒྱུ་ང་རྒྱལ་ལ་ཤས་ཆེ་ཞིང་། རྐྱེན་འཐབ་རྩོད་ཀྱི་སྡིག་སྒྲིབ་མཐོལ་ལོ་བཤགས་སོ། །ཕྱག་འཚལ་བ་དང་བཤགས་པའི་ལེའུ་སྟེ་བཅུ་དྲུག་པའོ།།  །།    སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་སྔོ་སྐྱ་ཤེལ་གྱི་མདོག། །གཡས་པས་གསེར་གྱི་རལ་གྲི་བསྣམས། །གཡོན་པས་བདུད་རྩིའི་བུམ་པ་བསྣམས། །རལ་གྲིས་གཏུབ་ཅིང་བདུད་རྩིས་གསོ། །སྟག་ཆེན་སྡེར་མང་ཁྲི་ལ་བཞུགས། །ཕྱག་འཚལ་སྡིག་བཤགས་མཆོད་པ་འབུལ། །ལྷ་མིན་སྡུག་བསྔལ་ཞི་བར་ཤོག། །ངོ་མཚར་རྨད་དུ་བྱུང་བ་ཡི། །མཛེས་པའི་མེ་ཏོག་མདངས་ལྡན་འདི། །དང་པོ་ཡེ་མེད་སྟོང་པ་ལ། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །མདངས་ལྡན་མེ་ཏོག་མཆོད་པ་བཞེས། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །འདི་ནས་མི་རྟག་རིགས་དྲུག་ཁར་རྒྱུད་ནས། །ང་རྒྱལ་ལས་ཀྱི་འཕྲོ་མཐུད་དབང་བཙན་ནས། །འཐབ་རྩོད་ལྷ་མིན་གནས་ནས་ཐར་བར་ཤོག །དྲི་མ་མེད་པས་ལྷ་མིན་སྐྱོན་དང་བྲལ། །འོད་དུ་འབར་བས་ལྷ་མིན་ཁོང་ཁྲོ་ཞི། །པདྨ་རྒྱས་པས་ལྷ་མིན་མཚོན་དབལ་ཡལ། །སྦུ་གུ་དོད་པས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །གཤེན་ལྷ་འོད་དཀར་བཞུགས་པའི་སྤྱན་ལམ་དུ། །ལྷ་མིན་མཛེས་པ་ལྷ་ཡི་རྒྱན་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །འཐབ་རྩོད་སྡུག་བསྔལ་ལས་ཀྱིས་སྦྱོང་བ་ལ། །སྐྱོབ་གོས་མཛེས་རྒྱན་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས་སྔགས་འདི་བརྗོད། ཨཱོྃ་ཨ་པར་ཝེར་ཞི་ཐོར་ཐོར་ཐིམ་ཐིམ་ཡེ་སྭཱ་ཧཱ། །ད་ནི་ཚིག་བཤད་ལ། ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་། །ལྷ་གཤེན་ཉི་ཤུའི་ཐུགས་རྗེ་དང་། །ལྷ་མོ་ལྔ་བཅུའི་བྱིན་རླབས་དང་། །སྙིང་པོ་སྔགས་ཀྱི་ནུས་མཐུ་དང་། །ཡོན་བདག་བསམ་པ་དག་པ་དང་། །ལྷ་མ་ཡིན་གྱི་བསོད་ནམས་ཀྱིས། །འདོད་པ་ལྔ་ཡི་ཡས་སྟགས་འདི། །ལྷ་མིན་གནས་སུ་ཕྱིན་པར་ཤོག །འཐབ་རྩོད་སྡུག་བསྔལ་ཞི་བར་ཤོག །རིགས་དྲུག་ཐར་པ་ཐོབ་པར་ཤོག །བླ་མེད་གོ་འཕང་ཐོབ་པར་ཤོག །མཆོད་སྦྱིན་འདི་ཡི་བྱིན་རླབས་ཀྱིས། །བར་དོ་ལེ་ལོའི་ལྷ་མིན་རྣམས། །གནས་ངན་ལེན་པའི་སྒོ་ཆོད་ནས། །མི་ལུས་གཙང་མར་སྐྱེ་བར་ཤོག །དེ་སྐད་ཅེས་གསུངས་ནས། གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་འདི་སྐད་ཅེས་བཀའ་སྩལ་པ། བདག་གིས་ནི་མཆོད་སྦྱིན་མ་གཏོང་ཡང་། འཐབ་རྩོད་ལྷ་མིན་གྱི་སེམས་ཅན་རྣམས་དྲངས་ཏེ། ཕྱི་རབས་སེམས་ཅན་གྱི་དོན་དུ་དེ་ལྟར་བསྟན་པས། འཁོར་རྣམས་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག ཅེས་གསུངས་ནས། ལྷ་མ་ཡིན་གྱི་སེམས་ཅན་སྡིག་པོ་ཆེ་འདི། ང་རྒྱལ་གྱི་རྒྱུ་ལས་འཐབ་རྩོད་ཀྱི་རྐྱེན་གྱིས་ལྷ་མ་ཡིན་གྱི་གནས་སུ་སྐྱེས་སམ། སྐྱེ་ཀ་མར་གྱུར་པའི་ལྷ་མ་ཡིན་དང་། ལྷ་མ་ཡིན་ཕྱིའི་འཐབ་རྩོད་ཅན་དང་། ནང་གི་ང་རྒྱལ་ཅན་དང་། ཟངས་ལྕགས་ཐོགས་པའི་ལྷ་མ་ཡིན་དང་། མཚོན་ཆ་ཐོགས་པའི་ལྷ་མ་ཡིན་དང་། དབྱུག་པ་ཐོགས་པའི་ལྷ་མ་ཡིན་དང་། མྱ་ངན་ངུ་འབོད་ཀྱི་ལྷ་མ་ཡིན་དང། རྣག་ཁྲག་འཐུང་བའི་ལྷ་མ་ཡིན་དང་། སྔོན་དམར་ཅན་གྱི་ལྷ་མ་ཡིན་དང། མདའ་མདུང་ཅན་གྱི་ལྷ་མ་ཡིན་དང་། རྡོ་ཡིས་བརྡེག་པའི་ལྷ་མ་ཡིན་དང་། ལྕགས་ཀྱིས་བྲབ་པའི་ལྷ་མ་ཡིན་དང་། མེས་སྲེག་པའི་ལྷ་མ་ཡིན་དང་། ཆུ་རུ་འཚོད་བའི་ལྷ་མ་ཡིན་དང་། དེ་ལྟར་ང་རྒྱལ་ཅན་གྱི་ལྷ་མ་ཡིན་རྣམས་ལ། སྟོན་པས་སྔགས་ཤིང་བརྗོད་སྨོན་ལམ་བཏབ་པ། ཨཱོྃ་ཐར་ལམ་ཞི་ཞི་མལ་མལ་ཡེ་སྭཱ་ཧཱ། །ཕྱི་ཡི་ལྷ་མིན་མང་པོ་ནི། །གཞའ་ཚོན་འོད་དུ་འགྱུར་བར་ཤོག །ནང་གི་ལྷ་མིན་མང་པོ་ནི། །མེ་ཏོག་པདྨ་རྒྱས་པར་ཤོག །ཟངས་ལྕགས་ཐོགས་པའི་ལྷ་མིན་ནི། །སྨན་དང་མེ་ཏོག་ཚལ་དུ་ཤོག །མཚོན་ཆ་ཅན་གྱི་ལྷ་མིན་ནི། །པདྨའི་སྡོང་པོ་རྒྱས་པར་ཤོག །དབྱུག་པ་ཅན་གྱི་ལྷ་མིན་ནི། །གཡུ་ཡི་གཡུང་དྲུང་མང་པོར་ཤོག །མྱ་ངན་ངུ་འབོད་ལྷ་མིན་ནི། །ལྷ་ཡི་རོལ་མོ་མང་པོར་ཤོག །རྣག་ཁྲག་འཐུང་བའི་ལྷ་མིན་ནི། །བདུད་རྩིའི་ཆུ་རྒྱུན་འཐུང་བར་ཤོག །སྔོན་དམར་ཅན་གྱི་ལྷ་མིན་ནི། །འཇའ་ཚོན་འོད་དུ་འགྱུར་བར་ཤོག །དུས་ཀྱི་འཁྲུག་པ་བྱེད་པ་ནི། །དུམ་ནས་ཞི་བའི་སེམས་ལྡན་ཤོག །མདའ་མདུང་ཅན་གྱི་ལྷ་མིན་ནི། །མེ་ཏོག་འོད་དུ་འགྱུར་བར་ཤོག །རྡོ་ཡིས་བརྡེག་པའི་ལྷ་མིན་ནི། །གཡུང་དྲུང་མཛེས་པའི་སྐས་སུ་ཤོག །ལྕགས་ཀྱིས་བྲབ་པའི་ལྷ་མིན་ནི། །མཛེས་པའི་མེ་ཏོག་མང་པོར་ཤོག །མེ་ཡིས་སྲེག་པའི་ལྷ་མིན་ནི། །བདུད་རྩིའི་ཆུ་ཡིས་བསིལ་བར་ཤོག །ཆུ་རུ་འཚོད་པའི་ལྷ་མིན་ནི། །རིན་ཆེན་གཞལ་ཡས་ཁང་དུ་ཤོག །དེ་ལྟར་ང་རྒྱལ་ཅན་གྱི་ལྷ་མིན་ནི། ཞི་བའི་སེམས་དང་ལྡན་པར་གྱུར་ཅིག དེ་སྐད་ཅེས་སྨོན་ལམ་བཏབ་བོ། །དེ་ནས་ལྷ་མ་ཡིན་རྣམས་ཀྱིས་སྟོན་པ་ལ་བསྟོད་པ། ཐམས་ཅད་འདྲེན་པའི་དཔལ། །སྟོན་པའི་སྒྲོན་མ་ལ། །གུས་པས་ཕྱག་འཚལ་ལོ། །འབུམ་སྡེ་ཐུགས་ལ་གསལ། །མཚན་དང་རབ་ལྡན་པའི། །གཏོ་བུ་འབུམ་སངས་ལ། །གུས་པས་ཕྱག་འཚལ་ལོ། །ཐུགས་རྗེའི་སྟོབས་དང་ལྡན། །མཚན་དང་རབ་ལྡན་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ། །གུས་པས་ཕྱག་འཚལ་ལོ། །བྱམས་པའི་བློ་མྱུར་མཆོག།མཚན་དང་རབ་ལྡན་པའི། །སྲས་བུ་རྨ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །མི་ཡེངས་དོན་ལ་བརྩོན། །མཚན་དང་རབ་ལྡན་པའི། །སྲས་བུ་གཡུ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །ལྷ་མ་ཡིན་གྱི་སྡེ་སྟོང་གསུམ་གྱི་སྟོང་འདི་སྟོང་པ་ཙམ་ཞིག་སངས་རྒྱས་ཏེ་སོང་ངོ་། །ལྷ་མ་ཡིན་དྲངས་པའི་ལེའུ་སྟེ་བཅུ་བདུན་པའོ། །བམ་པོ་ལྔ་པའོ།།  །།                    གཡུང་དྲུང་ལྷ་ཡི་སྐད་དུ་ན། སད་སྔ་གྱེར་ཞི་གུ་དུན་ཧྲུན། དེ་རྒྱ་གུ་གེ་ཧྲང་ནི་སལ། བོད་སྐད་དུ་ལྷའི་སྡེ་རྣམས་དྲང་བའི་མདོ། སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །གཤེན་འཆི་མེད་གཙུག་ཕུད་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་ན་བཞུགས་ཏེ། འཁོར་གྱི་དམ་པ་ཡེ་གཤེན་གཙུག་ཕུད་དང་། ལྷ་བུ་དོན་ལྡན་དང་། ལྷ་བུ་ཕྱག་དཀར་དང་། ལྷ་བུ་བཀའ་ལེགས་དང་། ལྷ་བུ་རབ་དགའ་དང་། ལྷ་བུ་མང་སྐྱེ་དང་། ལྷ་བུ་དགའ་རབ་དང་། ལྷ་བུ་དགའ་ཕྱུག་དང་། ལྷ་བུ་ཀ་དར་དང་། ལྷ་བུ་འཕྲུལ་དགའ་དང་། ལྷ་བུ་འཕྲུལ་འགྱུར་དང་། ལྷ་བུ་ལེགས་པ་ཀུན་གྲུབ་དང་། ལྷ་བུ་དེད་དཔོན་དང་། ལྷའི་རྒྱལ་པོ་ལྕེ་དུང་ཡུག་དཀར་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་གཤེན་རབ་ལ་ཞུས་པ། སྟོན་པ་ལགས། རིགས་དྲུག་གི་སེམས་ཅན་ཐར་པར་དྲངས་ཀྱང་། ལྷའི་སྡེ་ཚོགས་ཐར་པར་མ་དྲངས་བས། ལྷ་རྣམས་འདྲེན་པའི་བོན་ཞིགག་ཞུ། ཞེས་ཞུས་ཏེ། ཅང་ཤེས་ཀྱི་རྟ་ཕོ་དང་། འདོད་འཇོའི་བ་མོ་དང་། མ་རྨོས་པའི་ལོ་ཏོག་དང་། ཁྲུས་ཀྱི་རྫིང་བུ་དང་། ལོངས་སྤྱོད་ཀྱི་རྒྱན་རྣམས་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། རིགས་དྲུག་འདུལ་བའི་ནང་ནས་ལྷ་རྣམས་འདྲེན་པར་འདོད་ན། སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་དཀར་པོ་དུང་མདོག་ལ། །གཡས་པས་ཡིད་བཞིན་ནོར་བུ་བསྣམས། །གཡོན་པས་འདོད་འཇོའི་བ་མོ་བསྣམས། །དཔའ་བོ་འབྲུ་ལྔ་ཐུགས་ཀར་འཆང། །གླང་ཆེན་བསྣོལ་བའི་གདན་ལ་བཞུགས། །ཞལ་ནས་ལྷ་ཡི་སྙིང་པོ་བརྗོད། །ཨ་ཨ་ཨད་ཨད་ཏི་སྟ་དུ་རུ་དུ་རུ་ཕཊ་སྭཱ་ཧཱ། ། དེ་སྐད་ཅེས་གསུངས་ནས། ལྷའི་སྡེ་རྣམས་ཐར་པ་ཐོབ་པར་འགྱུར་རོ། །ངོ་མཚར་རྨད་དུ་བྱུང་བ་ཡི། །ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །དགུང་སྔོན་མཐོན་པོ་བོན་ཉིད་དབྱིངས་ནས་བདལ། །ཐུགས་རྗེའི་སྤྲིན་དཔུང་སྟོན་པའི་སྐུ་ལ་འདུས། །བྱིན་རླབས་ཆར་པས་འགྲོ་དྲུག་ཚིམ་པར་བྱེད། །སྲིད་གསུམ་རྫིང་བུ་ལས་འཕྲོ་ཅན་ལ་འཁྱིལ། །ས་གཞི་སྐོམ་པོ་དད་པ་ཅན་རྣམས་སྦོང་། །ཡོན་ཏན་འབྲུ་བཅུད་སྦྱིན་པ་ཅན་གྱིས་བརྔས། །དེ་ལྟར་ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདིས། །དེང་གི་རྒྱུ་སྦྱོར་ཡོན་བདག་དང་། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མི་གཙང་དྲི་མ་དག་པར་ཤོག །ལྷ་ཡི་སྡུག་བསྔལ་ཞི་བར་ཤོག །ཅེས་བརྗོད་དོ། །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས། སྔགས་འདི་བརྗོད་དོ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །ཨཱོྃ་བདག་གི་ཏིང་འཛིན་སྤྲུལ་པ་དང་། །སྟོན་པ་གཤེན་རབ་ཐུགས་རྗེ་དང་། །གཙོ་བོ་བཞི་ཡི་བྱིན་རླབས་ཀྱིས། །ལྷ་རྣམས་ཕམ་ལྟུང་སྡུག་བསྔལ་རྒྱུན་ཆད་ཤོག །ཨཱོྃ་ཕྲི་ཡང་ཙ་ཀུ་རུ་ཤིག་སྭཱ་ཧཱ། །ཁྲུས་དང་མཚམས་བཅད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ། །ད་ནི་བསྟོད་ཕྱག་བྱ་བ་ནི། དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ། །ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །ཉོན་མོངས་བག་ཆགས་སྡིག་སྒྲིབ་རྣམས། །ཐུགས་རྗེས་ལྷ་རྣམས་དྲང་བའི་ཕྱིར། །སྐུ་མདོག་ཕྱག་མཚན་གདན་ཁྲིར་བསྟན། །བྱིན་རླབས་ཐུགས་རྗེ་སྤྲུལ་པ་དང་། །འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་བཀྱེ། །བདེ་གཤེགས་སྟོང་གི་སྐུ་རུ་བྱུང་། །བདེ་གཤེགས་སྟོང་དང་རྩ་བཞི་ལ། །བདག་དང་མཐའ་ཡས་སེམས་ཅན་དང་། །དེང་གི་སེམས་ཅན་ཉོན་མོངས་ཀྱི། །ལུས་ངག་ཡིད་གསུམ་ཐང་བཅད་ནས། །དྭངས་བའི་སེམས་ཀྱིས་ཕྱག་་འཚལ་ལོ། །དེ་ནས་ལྷ་རྣམས་འདྲེན་པའི་ལྷ་རྣམས་ལ་ཕྱག་འཚལ་བ་དང་། སྙིང་པོ་བརྗོད་པ་ནི། ཨཱོྃ་ཕྲི་ཡང་ཛ་ཀུ་རུ་ཤིག་སྭཱ་ཧཱ། །མི་འགྱུར་བ་དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ཀྱི་ཀློང་ལ་གུས་པས་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱི་ཐུགས་ལ་གུས་པས་ཕྱག་འཚལ་ལོ། །ཐབས་ལ་མཁས་པའི་མཆོག་སྲིད་པ་སངས་པོ་འབུམ་ཁྲིའི་སྐུ་ལ་གུས་པས་ཕྱག་འཚལ་ལོ། །ཤེས་རབ་་ཀྱི་ཕུལ་དུ་ཕྱིན་པའི་མཆོག་སྟོན་པ་གཤེན་རབ་མི་བོའི་གསུང་ལ་གུས་པས་ཕྱག་འཚལ་ལོ། །དུག་ལྔ་མྱུར་དུ་འཇོམས་པ་ཡི། གཉེན་པོ་ཡེ་ཤེས་ལྔ་ཤར་བའི་ཚེ། ཐུགས་རྗེ་ཅན་གྱི་ལྷ་གཤེན་བརྒྱ་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་སྡུག་བསྔལ་ཞི་བར་གྱུར་ཅིག མེད་པར་གྱུར་ཅིག སྟོང་པར་གྱུར་ཅིག ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་ལྷ། བོན་ཉིད་གཡུང་དྲུང་གི་ཀློང་ནས་བསྐྱེད་པའི་ལྷ་གཤེན་ཉི་ཤུ་ཐམ་པ་ལ་ཕྱག་འཚལ་ལོ། །ཡེ་འབུམ་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་སངས་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་ཁྱབ་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་གདལ་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་ཡོད་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་ཤེས་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་སྲིད་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་འབྱུང་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་གསལ་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་དག་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་གཤེན་བྱམས་པ་ཀུན་ལྡན་ལ་ཕྱག་འཚལ་ལོ། །བྱམས་པ་ཀུན་རིགས་ལ་ཕྱག་འཚལ་ལོ། །བྱམས་པ་ཀུན་ཤེས་ལ་ཕྱག་འཚལ་ལོ། །བྱམས་པ་ཀུན་བགྲོད་ལ་ཕྱག་འཚལ་ལོ། །བྱམས་པ་ཀུན་ཁྱབ་ལ་ཕྱག་འཚལ་ལོ། །བྱམས་པ་ཀུན་འདྲེན་ལ་ཕྱག་འཚལ་ལོ། །བྱམས་པ་ཀུན་འདུལ་ལ་ཕྱག་འཚལ་ལོ། །བྱམས་པ་ཀུན་སྙོམས་ལ་ཕྱག་འཚལ་ལོ། །བྱམས་པ་ཁྱབ་གདལ་ལ་ཕྱག་འཚལ་ལོ། །བྱམས་པ་ཀུན་འདྲོང་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་ལྷ། །བོན་ཉིད་ཡེ་ཤེས་ཀྱི་ཀློང་ནས་བསྐྱེད་པའི་ལྷ་གཤེན་ཉི་ཤུ་ཐམ་པ་ལ་ཕྱག་འཚལ་ལོ། །མཁའ་འགྱིང་དཀར་པོ་ལ་ཕྱག་འཚལ་ལོ། །ཁྲི་འོད་དཀར་པོ་ལ་ཕྱག་འཚལ་ལོ། །ཁྲི་རྒྱལ་ཁུག་པ་ལ་ཕྱག་འཚལ་ལོ། །ཁྲི་འོད་གསལ་འབར་ལ་ཕྱག་འཚལ་ལོ། །མུ་ཡང་དེ་བ་ལ་ཕྱག་འཚལ་ལོ། །མུ་རྒྱུང་མཐའ་ཡས་ལ་ཕྱག་འཚལ་ལོ། །མུ་སངས་གུང་རྒྱལ་ལ་ཕྱག་འཚལ་ལོ། །མུ་མེད་མཐའ་ཡས་ལ་ཕྱག་འཚལ་ལོ། །ཀུན་གསལ་སྒྲོན་མེ་ལ་ཕྱག་འཚལ་ལོ། །ཀུན་སྒྲོལ་དབྱིངས་ཕྱུག་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་གཤེན། །སྦྱིན་པ་ཤུགས་ལྡན་ལ་ཕྱག་འཚལ་ལོ། །སྦྱིན་གཏོང་ཐོགས་མེད་ལ་ཕྱག་འཚལ་ལོ། །སྦྱིན་པ་དམིགས་མེད་ལ་ཕྱག་འཚལ་ལོ། །སྦྱིན་པ་མཐར་ཕྱིན་ལ་ཕྱག་འཚལ་ལོ། །སྦྱིན་པ་སྟོབས་ཆེན་ལ་ཕྱག་འཚལ་ལོ། །སྦྱིན་པ་ཀུན་ཚིམ་ལ་ཕྱག་འཚལ་ལོ། །སྦྱིན་པ་མཁའ་ཤེས་ལ་ཕྱག་འཚལ་ལོ། །སྦྱིན་པ་དབྱིངས་རྟོགས་ལ་ཕྱག་འཚལ་ལོ། །སྦྱིན་གཏོང་མཉམ་པ་ལ་ཕྱག་འཚལ་ལོ། །སྦྱིན་པ་ཡོངས་སུ་སྙོམས་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་བོན་ཉིད་ནམ་མཁའི་ཀློང་ནས་བསྐྱེད་པའི་ལྷ་གཤེན་ཉི་ཤུ་ཐམ་པ་ལ་ཕྱག་འཚལ་ལོ། །གཤེན་ལྷ་འོད་དཀར་ལ་ཕྱག་འཚལ་ལོ། །ཤེལ་ལྕགས་སྔོན་པོ་ལ་ཕྱག་འཚལ་ལོ། །གར་གསས་བཙན་པོ་ལ་ཕྱག་འཚལ་ལོ། །གར་བུ་ཤངས་རྒྱལ་ལ་ཕྱག་འཚལ་ལོ། །རྒོད་གསས་ཁམ་པ་ལ་ཕྱག་འཚལ་ལོ། །རྒོད་བུ་འཕར་དྲག་ལ་ཕྱག་འཚལ་ལོ། །གསས་རྗེ་རྨང་པོ་ལ་ཕྱག་འཚལ་ལོ། །གསས་བུ་ཚོན་གང་ལ་ཕྱག་འཚལ་ལོ། །གནམ་གསས་དབྱིངས་རུམ་ལ་ཕྱག་འཚལ་ལོ། །གནམ་བུ་ཕྱོད་པ་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་གཤེན། ཡེ་ཤེས་ཀྱི་སྒྲོན་མེ་ཅན་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་ཁྱབ་གདལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་ཟང་ཐལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་གསལ་འབར་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་འགྲོ་བ་འདྲེན་མཛད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་སྒྲོལ་མཛད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་བདུད་རྩི་ཅན་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་ཉི་མའི་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་ཟླ་བའི་གུར་ཁྱིམ་ཅན་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོ་དྲག་པོའི་ཐོག་མདའ་ཅན་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་ལྷ། བོན་ཉིད་འབྱུང་བའི་ཀློང་ནས་བསྐྱེད་པའི་ལྷ་གཤེན་ཉི་ཤུ་ཐམ་པ་ལ་ཕྱག་འཚལ་ལོ། །རླུང་ལྷ་འདེགས་པའི་སྟོབས་ལྡན་ལ་ཕྱག་འཚལ་ལོ། །རླུང་ལྷ་སྡུད་པའི་དབང་ཆེན་ལ་ཕྱག་འཚལ་ལོ། ། རླུང་ལྷ་འབྱེད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རླུང་ལྷ་རྒྱུ་བའི་སྐོར་ཆེན་ལ་ཕྱག་འཚལ་ལོ། །མེ་ལྷ་དྲོད་ཆེན་སྨིན་པ་ལ་ཕྱག་འཚལ་ལོ། །མེ་ལྷ་འོད་དྲུག་གསལ་བ་ལ་ཕྱག་འཚལ་ལོ། །ཆུ་ལྷ་ཀུན་སྡུད་བདུད་རྩི་ཅན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ཀུན་གསོ་སྨན་གྱི་དྲི་མཆོག་ཅན་ལ་ཕྱག་འཚལ་ལོ། །ས་ལྷ་ཤོང་ཡངས་འདེགས་པའི་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །ས་ལྷ་ཀུན་འབྱུང་རིན་ཆེན་སྣ་ལྔ་ཅན་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་གཤེན། །རླུང་བོན་ཕྱོད་དེ་གསང་རྒྱལ་ལ་ཕྱག་འཚལ་ལོ། །རླུང་བོན་བསྐྱོད་པའི་འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །རླུང་བོན་དྲག་པོ་ཤུགས་ཀྱི་རྫི་རླུང་ཅན་ལ་ཕྱག་འཚལ་ལོ། །རླུང་བོན་འདྲེན་པའི་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །མེ་བོན་གསང་དྲག་གསལ་བའི་སྒྲོན་མེ་ཅན་ལ་ཕྱག་འཚལ་ལོ། །མེ་བོན་འོད་ཀྱི་ལྕང་ལོ་ཅན་ལ་ཕྱག་འཚལ་ལོ། །ཆུ་བོན་བདུད་རྩི་ཟིལ་པ་ཅན་ལ་ཕྱག་འཚལ་ལོ། །ཆུ་བོན་དག་པ་ཁྲུས་ཀྱི་བུམ་པ་ཅན་ལ་ཕྱག་འཚལ་ལོ། །ས་བོན་མི་འགྱུར་གླིང་དྲུག་གསེར་གྱི་ཐོར་ཚུགས་ཅན་ལ་ཕྱག་འཚལ་ལོ། །ས་བོན་སྲ་བརྟན་གཡུའི་གཡུང་དྲུང་ཅན་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་ལྷ། །བོན་ཉིད་སྲིད་པའི་ཀློང་ནས་བསྐྱེད་པའི་ལྷ་གཤེན་ཉི་ཤུ་ཐམ་པ་ལ་ཕྱག་འཚལ་ལོ། །ནམ་མཁའ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཀུན་འབུམ་གོ་འབྱེད་ལ་ཕྱག་འཚལ་ལོ། །དབལ་གསས་ཆེམ་པ་ལ་ཕྱག་འཚལ་ལོ། །ཐོགས་གསས་ཁམ་པ་ལ་ཕྱག་འཚལ་ལོ། །དྲི་གསས་ང་རྒྱལ་ལ་ཕྱག་འཚལ་ལོ། །འདུར་གསས་རྨ་བོ་ལ་ཕྱག་འཚལ་ལོ། །བླ་གསས་ཕོ་མ་ལ་ཕྱག་འཚལ་ལོ། །གཤེན་གསས་ཁྲི་ལོ་ལ་ཕྱག་འཚལ་ལོ། །སེལ་གསས་གྲྭ་བརྒྱད་ལ་ཕྱག་འཚལ་ལོ། །ལམ་གསས་ཕྱམ་བུ་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་གཤེན། །དབལ་བོན་རོམ་པོ་མཐུ་དང་སྟོབས་སུ་ལྡན་པ་ལ་ཕྱག་འཚལ་ལོ། །མུ་ཆོ་ལྡེམ་དྲུག་སྲིད་པ་མུ་མེད་པའི་བོན་ལ་མཁས་པ་ལ་ཕྱག་འཚལ་ལོ། །གཤེན་བོན་ཁུ་བྱུག་གསུང་སྙན་ལྷང་ལྷང་ཁམས་གསུམ་དུ་གྲགས་པ་ལ་ཕྱག་འཚལ་ལོ། །འདུར་གཤེན་རྨ་ད་སྲིད་པ་དར་གྱི་ཅོད་པན་ལ་ཕྱག་འཚལ་ལོ། །ཞི་བའི་བོན་པོ་ཡ་ངལ་གྱིམ་གོང་སྲིད་པ་དཀར་ནག་འབྱེད་པ་ལ་ཕྱག་འཚལ་ལོ། །ཞི་བའི་བོན་པོ་ར་ལྗགས་སྲིད་རྒྱལ་དྲི་ཁམས་དབང་དུ་སྡུད་པ་ལ་ཕྱག་འཚལ་ལོ། །ཞི་བའི་བོན་པོ་ཐར་བོན་གྲུ་སྐྱོལ་སྣང་སྲིད་ཀྱི་ལྷ་འདྲེ་སྐོས་ལ་འདེབས་པ་ལ་ཕྱག་འཚལ་ལོ། །ཞི་བའི་བོན་པོ་གླུད་བོན་གྱེར་མཁས་གདུག་པའི་གཡེན་ཁམས་མང་པོ་འདུལ་བ་ལ་ཕྱག་འཚལ་ལོ། །ཞི་བའི་བོན་པོ་གཏོ་བོན་བྱོན་ཁྲི་ནག་པོ་བདུད་ཁམས་འདུལ་བ་ལ་ཕྱག་འཚལ་ལོ། །ཞི་བའི་བོན་པོ་སྣ་བོན་ལི་བྱིན་མི་རབས་རྒྱུད་དུ་སྤེལ་བ་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་སྔ་རབས་འདས་པའི་ལྷ་མོ་བརྒྱ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་བདེར་གྲུབ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་གསལ་ཁྱབ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་ཀུན་ཤེས་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་དོན་གྲུབ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་ཐོགས་མེད་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་དྲག་པོའི་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་ཞི་བའི་ངང་ཚུལ་ཅན་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་གྲུབ་པའི་གཟི་བརྗིད་ཅན་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་འདྲེན་པའི་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་སྟོབས་ཀྱི་ཕྱག་རྒྱ་ཅན་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་ཤུགས་ཀྱི་དབྱིངས་སྒྲོལ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་ཡིད་ཀྱི་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་བདལ་པའི་ཀུན་ཁྱབ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་བསྒྲུབས་པས་ཀུན་གྲུབ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་གསོ་བས་ཡོངས་མཚོ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་སོས་པས་ཀུན་འཁོར་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་གྲུབ་པའི་གཏེར་ལྡན་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་མན་ངག་ཀློང་རྟོགས་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་གཡོ་མེད་ཞི་བ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་ཀློང་ལྔ་ཅིར་སྤྲུལ་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་ཁ་དོག་དངོས་མེད་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་དབྱིབས་ཀྱི་གཟུགས་མེད་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་ཚིག་གི་མཐའ་འདས་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ལྷ་མོ་དོན་གྱི་དབྱིངས་གྲུབ་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ནམ་མཁའ་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་གསལ་བ་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཀུན་འབུམ་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་འོད་འབར་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཟེར་འཕྲོ་མཐའ་ཡས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་སྒྲོན་མེ་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཀུན་ཤེས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཡོངས་སུ་ཁྱབ་རྒྱས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཀུན་ཤེས་གོ་འབྱེད་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་མཐོ་གཅོད་བློ་ལྡན་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་འཇིག་རྟེན་གཏོས་མཁྱེན་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་སྲིད་པའི་རྩིས་མཁྱེན་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་བསྐལ་པའི་གྲངས་མཁྱེན་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་འབྱུང་བའི་རྡུལ་མཁྱེན་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་སེམས་ཅན་གྱི་སེམས་མཁྱེན་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་མུན་པའི་ཚོགས་འཇོམས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་འཇིག་རྟེན་གོ་འབྱེད་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་མཐོ་རིས་སྐས་འཛུགས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཐར་པའི་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཚོགས་ཀྱི་དགྲ་འཇོམས་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་འོད་ཟེར་འབུམ་ཕྲག་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཐུགས་རྗེས་སྙོམས་མཛད་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་སྒྲ་ཡི་བྱེ་བྲག་ཅན་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་གཟུགས་ཀྱི་ཆོ་འཕྲུལ་ཅན་ལ་ཕྱག་འཚལ་ལོ། །མཁའ་ཡི་ལྷ་མོ་ཐབས་ཀྱིས་ཅིར་མཁྱེན་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་སྦྱིན་པ་བྱམས་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་བདལ་པ་ཡོངས་ཁྱབ་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་བསྒྲུབས་པས་ཀུན་གྲུབ་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་འདུས་པས་ཀུན་ཚངས་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་མཉམ་པས་དབྱེར་མེད་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་བདལ་པས་ཕྱོགས་མེད་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་བསྡུས་པས་རིས་མེད་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་ཚོགས་པས་ཀུན་ཚངས་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་བསྐྱེད་པས་ཀུན་འབྱུང་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་གསལ་བས་ཀུན་གཟིགས་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་བརྗིད་པའི་མཚན་ལྡན་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་མཚན་མ་ཅིར་མི་སྤྲུལ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་རྣམ་རྟོགས་མཚན་མ་མེད་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་མཚན་མ་ཡོངས་དང་བྲལ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་ཀློང་ཤེས་བདེ་ལྡན་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་རིག་པ་ཀློང་ན་གནས་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་མི་གཡོ་བསམ་གཏན་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་མི་གཡོ་བྱང་ཆུབ་སེམས་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་གཡུང་དྲུང་འགྱུར་མེད་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་ཡེ་ཤེས་ཟང་ཐལ་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་ཐུགས་རྗེ་ཁྱབ་གདལ་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་ཅིར་སྤྲུལ་ཐོགས་མེད་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་གར་གཤེགས་སྟོབས་ལྡན་མ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་མན་ངག་ཀློང་ན་སྒོམ་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་མི་ཡེངས་མན་ངག་རྟོགས་ལ་ཕྱག་འཚལ་ལོ། །ཀློང་གི་ལྷ་མོ་མི་དམིགས་ཤེས་རབ་ལྡན་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་ནམ་མཁའི་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་འོད་ཀྱི་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་ཟེར་གྱི་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་སྨན་གྱི་ཆ་སྙོམས་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་སྨྲིག་གི་རྒྱུད་འདྲེན་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་བསྐལ་པའི་གྲངས་སྙོམས་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་སྲིད་པའི་གཞི་སྙོམས་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་འབྱུང་བའི་ཆ་སྙོམས་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་སེམས་ལ་ཀུན་སྙོམས་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་ཡེ་ཤེས་སྤྱན་གྱིས་ཀུན་གཟིགས་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་སྤྲུལ་པའི་སྐུ་ཡིས་སྣང་སྲིད་འདུལ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་བྱིན་རླབས་སྟོབས་ཀྱིས་མཐའ་བཞི་གནོན་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་བདེན་པའི་ཚིག་གིས་ངེས་པའི་དོན་རྣམས་སྟོན་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་བདུད་རྩིའི་རྒྱ་མཚོས་སེམས་ཅན་འདོད་པ་སྐོང་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་འདྲེན་པའི་ཆུ་བོ་ཐུགས་རྗེས་རྒྱུན་དུ་སྤེལ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་སྒྲོན་མའི་ཉི་ཟེར་གྱིས་སེམས་ཅན་མཉམ་པར་སྙོམས་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་དཔག་མེད་ཀྱི་ནམ་མཁའི་ཀློང་དུ་སྙོམས་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་ཅིར་ཡང་མི་འབྱེད་མཉམ་པའི་ཆ་ལ་གནས་པ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་དབུས་དང་མཐའ་མེད་མཉམ་པའི་ཐུགས་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་ཅིར་ཡང་མ་གྲུབ་ཅི་ལ་ཡང་མི་གནས་པ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་མི་ཆགས་བརྟུལ་ཞུགས་བློ་ལྡན་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་མི་ཡེངས་མན་ངག་གཟུངས་ཐོབ་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་མི་འགག་ཀུན་གྱི་སྒོ་གསལ་མ་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་མི་སྤྲུལ་ཀློང་ན་གནས་ལ་ཕྱག་འཚལ་ལོ། །སྙོམས་པའི་ལྷ་མོ་མི་འགྱུར་ཀློང་ན་བརྟན་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གི་གནས་ནས་འདྲེན་པའི་ད་ལྟར་བཞུགས་པའི་ལྷ་མོ་བརྒྱ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལྷ་མོ་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །སྲིད་པའི་ལྷ་མོ་ཀུན་སྐྱོང་མ་ལ་ཕྱག་འཚལ་ལོ། །འབྱུང་བའི་ལྷ་མོ་ཀློང་བསྐྱེད་མ་ལ་ཕྱག་འཚལ་ལོ། །རླུང་གི་ལྷ་མོ་ཡོངས་པ་འདེགས་བྱེད་མ་ལ་ཕྱག་འཚལ་ལོ། །མེ་ཡི་ལྷ་མོ་གསལ་བ་དྲོད་སྙོམས་མ་ལ་ཕྱག་འཚལ་ལོ། །ཅུ་ཡི་ལྷ་མོ་བདུད་རྩི་ཀུན་སྡུད་མ་ལ་ཕྱག་འཚལ་ལོ། །ས་ཡི་ལྷ་མོ་སྲ་བརྟན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་ཐུགས་རྗེ་བྱམས་མའི་གཙོ་ལ་ཕྱག་འཚལ་ལོ། །མ་གཅིག་འགྱིང་མ་འོད་མཚོ་མ་ལ་ཕྱག་འཚལ་ལོ། །རྒོད་ལྕམ་གཙུག་གི་དོན་འབར་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་ས་འཛིན་འོད་སངས་མ་ལ་ཕྱག་འཚལ་ལོ། །གར་ལྕམ་རོལ་མ་ལ་ཕྱག་འཚལ་ལོ། །རྒོད་ལྕམ་ཡེ་འབར་ལ་ཕྱག་འཚལ་ལོ། །གསས་ལྕམ་དྲྭ་མ་ལ་ཕྱག་འཚལ་ལོ། །གནམ་ལྕམ་དབྱིངས་མ་ལ་ཕྱག་འཚལ་ལོ། །དབང་གི་ལྷ་མོ་གནས་དཀར་མ་ལ་ཕྱག་འཚལ་ལོ། །སྨུག་མོ་གཟི་བརྗིད་འོད་དུ་འབར་ལ་ཕྱག་འཚལ་ལོ། །ཉི་མ་འོད་དུ་སྙོམས་ལ་ཕྱག་འཚལ་ལོ། །འོད་ཟེར་སྨུག་ནག་བདུད་འདུལ་མ་ལ་ཕྱག་འཚལ་ལོ། །འོད་ཟེར་དམར་ནག་དམུ་བདུད་འདུལ་ལ་ཕྱག་འཚལ་ལོ། །མེ་སྒྲོན་གློག་ལྕེ་མ་ལ་ཕྱག་འཚལ་ལོ། །སེར་མོ་ལྗང་སྨུག་ཞི་བ་སྐྱོང་ལ་ཕྱག་འཚལ་ལོ། །འོད་ཟེར་ཚྭ་ཚྭས་ས་ཡི་སྲི་རྐྱེན་འདུལ་ལ་ཕྱག་འཚལ་ལོ། །དྲག་པོའི་དཔུང་གིས་དམར་པོའི་བཙན་ཁམས་སྐྱོང་ལ་ཕྱག་འཚལ་ལོ། །གནམ་ཕྱི་གུང་རྒྱལ་བདུད་རྩིའི་དངོས་གྲུབ་ཅན་ལ་ཕྱག་འཚལ་ལོ། །ལྷ་ཕྱི་གུང་རྒྱལ་ལྷ་གསས་མཐུ་རྟགས་ཅན་ལ་ཕྱག་འཚལ་ལོ། །ཡེ་ཕྱི་གུང་རྒྱལ་ཡེ་ཤེས་སྒྲོན་མེ་ཅན་ལ་ཕྱག་འཚལ་ལོ། །སྨན་ཕྱི་གུང་རྒྱལ་གཡུང་དྲུང་སྨན་ཕྲན་འབུམ་སྡུད་མ་ལ་ཕྱག་འཚལ་ལོ། །དབལ་གྱི་ལྷ་མོ་བདུད་བཞི་ཟིལ་གྱིས་གནོན་ལ་ཕྱག་འཚལ་ལོ། །དགུ་ཚིགས་གཞུང་འདྲེན་སྐར་མའི་གཟའ་བདུད་འདུལ་ལ་ཕྱག་འཚལ་ལོ། །ཉི་ཟེར་གསལ་ལྡན་ཉི་མའི་རླུང་བདུད་འདུལ་ལ་ཕྱག་འཚལ་ལོ། །འོད་ཟེར་ཟླ་གསལ་ཟླ་བའི་ཉ་བདུད་འདུལ་ལ་ཕྱག་འཚལ་ལོ། །དམུ་དག་དགུ་འཕྲེང་ཆུང་ནས་སྐྱེ་འགྲོ་གསོས་ཀྱིས་གསོ་ལ་ཕྱག་འཚལ་ལོ། །ཐོག་ཟེར་འོད་འཕྲོ་བར་ཆད་དགྲ་བགེགས་འདུལ་ལ་ཕྱག་འཚལ་ལོ། །ཐོག་གི་ལྷ་མོ་དྲག་འབར་མ་ལ་ཕྱག་འཚལ་ལོ། །དྲག་པོ་ཐོག་གི་རྒྱལ་མོ་འབྲུག་སྒྲ་ཅན་ལ་ཕྱག་འཚལ་ལོ། །ཐོག་མདའ་དམར་པོས་གནོད་སྦྱིན་འདུལ་ལ་ཕྱག་འཚལ་ལོ། །སྤྲིན་བཟང་ཕྱུག་མོ་བདུད་རྩིའི་ཆར་འབེབས་མ་ལ་ཕྱག་འཚལ་ལོ། །གངས་ཀྱི་མཐུ་མོ་ཆེ་ལ་ཕྱག་འཚལ་ལོ། །གཡུ་ཡི་ན་བུན་མཐིང་ཤག་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ། །གཟི་མདངས་སྐུ་བརྗིད་མ་ལ་ཕྱག་འཚལ་ལོ། །གཟི་བརྗིད་འོད་འབར་མ་ལ་ཕྱག་འཚལ་ལོ། །འོད་ཟེར་ཕྱོགས་བཅུར་འཕྲོ་ལ་ཕྱག་འཚལ་ལོ། །སྤྲུལ་སྐུ་གཟི་བརྗིད་ཅིར་ཡང་མཁྱེན་ལ་ཕྱག་འཚལ་ལོ། །ཉི་མའི་འོད་ཟེར་སྒྲོན་མའི་ཚོགས་ཀྱིས་འཁོར་བའི་མུན་པ་འཇོམས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཉི་ཟེར་བརྐྱངས་ལ་ཕྱག་འཚལ་ལོ། །བདུད་རྩི་རྒྱུན་དུ་སྦྲེངས་བ་ལ་ཕྱག་འཚལ་ལོ། །གཟི་བརྗིད་ཚོགས་བསྐྱེད་མ་ལ་ཕྱག་འཚལ་ལོ། །ཐུགས་ལ་སྣང་སྲིད་ཡེ་སྲིད་ས་ལེར་གསལ་ལ་ཕྱག་འཚལ་ལོ། །དབལ་མོ་གདུག་པའི་མཚོན་ཐོགས་ལོག་འདྲེན་བར་ཆད་དགྲ་བགེགས་འདུལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྒྲོན་མས་གཏི་མུག་མུན་པ་སེལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་གསལ་བས་མ་གོ་རིག་པ་སྟོན་ལ་ཕྱག་འཚལ་ལོ། །གྱད་མོ་རྩལ་ཆེན་བདུད་ཀྱི་འཁོར་རྣམས་འཇོམས་ལ་ཕྱག་འཚལ་ལོ། །ཐང་མོ་ཀུན་མཁྱེན་འགྲོ་བ་ཐབས་ཀྱིས་འདུལ་ལ་ཕྱག་འཚལ་ལོ། །གཟེ་མ་མཚོན་ཐོགས་ལྷ་མིན་གཡུལ་ངོ་བཟློག་ལ་ཕྱག་འཚལ་ལོ། །དུང་ཁྲ་མགྱོགས་བྱེད་ཁམས་གསུམ་ཡུད་ཀྱིས་བསྐོར་ལ་ཕྱག་འཚལ་ལོ། །འབྲི་མིག་དགུ་སྐོར་སྤྲུལ་པ་ཅིར་ཡང་སྟོན་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་ལྷ་མོ་གསལ་བའི་སྒྲོན་མེ་ཅན་ལ་ཕྱག་འཚལ་ལོ། །ཟེར་གྱི་ཐིག་ལེ་ཅན་ལ་ཕྱག་འཚལ་ལོ། །འོད་ཀྱི་ལའུ་ཅན་ལ་ཕྱག་འཚལ་ལོ། །རིན་ཆེན་ཐོར་ཚུགས་ཅན་ལ་ཕྱག་འཚལ་ལོ། །འབར་བའི་མེ་ལྕེ་ཅན་ལ་ཕྱག་འཚལ་ལོ། །ཉི་གསལ་འོད་འཕྲོ་མ་ལ་ཕྱག་འཚལ་ལོ། །ཟླ་གསལ་ཟེར་ལྡན་མ་ལ་ཕྱག་འཚལ་ལོ། །སྐར་གསལ་ཚོམ་བུ་ཅན་ལ་ཕྱག་འཚལ་ལོ། །གསལ་བའི་མར་མེ་ཅན་ལ་ཕྱག་འཚལ་ལོ། །གཞའ་གསལ་མདངས་ལྡན་མ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་ལྷ་མོ་ཕྱོད་ཀྱི་ཐོགས་མེད་མ་ལ་ཕྱག་འཚལ་ལོ། །ཤུགས་ཀྱི་སྟོབས་ལྡན་མ་ལ་ཕྱག་འཚལ་ལོ། །འདེགས་པའི་རྔམ་སྡུད་མ་ལ་ཕྱག་འཚལ་ལོ། །ཁོར་ཡུག་འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །རྒྱ་གྲམ་བསྣོལ་མ་ཅན་ལ་ཕྱག་འཚལ་ལོ། །བཅུད་ཀྱི་སྡུད་བྱེད་མ་ལ་ཕྱག་འཚལ་ལོ། །ཀློང་གི་སྐྱེད་བྱེད་མ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་སྟིམ་བྱེད་མ་ལ་ཕྱག་འཚལ་ལོ། །མཁའ་ཡི་མཉམ་བྱེད་མ་ལ་ཕྱག་འཚལ་ལོ། །འཇིག་ཆགས་སྟོང་གནས་མ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་ལྷ་མོ་རྩི་ཡི་འོད་དཀར་མ་ལ་ཕྱག་འཚལ་ལོ། །སྨན་གྱི་བདུད་རྩི་མ་ལ་ཕྱག་འཚལ་ལོ། །གསོ་བའི་ཆུ་བོ་མ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་སྟོབས་ལྡན་མ་ལ་ཕྱག་འཚལ་ལོ། །འབྲི་མིག་དགུ་སྐོར་མ་ལ་ཕྱག་འཚལ་ལོ། །ལུ་མ་དགུ་ཕྲུག་མ་ལ་ཕྱག་འཚལ་ལོ། །ཆུ་བོ་རྐ་བསྐྱོད་མ་ལ་ཕྱག་འཚལ་ལོ། །ཆུ་བྲན་ལག་འདྲེན་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་སྤྲིན་དཔུང་མ་ལ་ཕྱག་འཚལ་ལོ། །བྱིན་རླབས་ཆར་པ་མ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་ལྷ་མོ་སྲ་བརྟན་ཚིག་འཛིན་མ་ལ་ཕྱག་འཚལ་ལོ། །དངོས་གྲུབ་སྣ་ཚོགས་མ་ལ་ཕྱག་འཚལ་ལོ། །རིན་ཆེན་གཏེར་ལྡན་མ་ལ་ཕྱག་འཚལ་ལོ། །སྨན་གྱི་བཅུད་ལྡན་མ་ལ་ཕྱག་འཚལ་ལོ། །རྩི་ཡི་མཛོད་ལྡན་མ་ལ་ཕྱག་འཚལ་ལོ། །སེམས་ཅན་གསོ་བ་མ་ལ་ཕྱག་འཚལ་ལོ། །ཤེས་རབ་བློ་ལྡན་མ་ལ་ཕྱག་འཚལ་ལོ། །མེ་ཏོག་མཛེས་ལྡན་མ་ལ་ཕྱག་འཚལ་ལོ། །ལྷ་མོ་བརྟན་བྱེད་མ་ལ་ཕྱག་འཚལ་ལོ། །ཐམས་ཅད་བརྟན་བྱེད་ཤོང་ཡངས་མ་ལ་ཕྱག་འཚལ་ལོ། །འོག་གི་ལྷ་མོ་ཅིར་ཡང་མཁྱེན་མ་ལ་ཕྱག་འཚལ་ལོ། །འོག་གི་ལྷ་མོ་ཐར་པར་སྒྲོལ་ལ་ཕྱག་འཚལ་ལོ། །སྟེང་གི་ལྷ་མོ་སྨྲ་བསམ་བརྗོད་མེད་ཚིག་དང་སྒྲ་ལས་འདས། །ཁ་དོག་དངོས་མེད་དཀར་ནག་ཆེ་ཆུང་མེད། །ཕ་རོལ་ཕྱིན་པའི་ཡུམ་ལ་ཕྱག་འཚལ་ལོ། །ལྷ་ཕམ་ལྟུང་གནས་ནས་འདྲེན་པའི་སླད་ནས་འབྱོན་པའི་ལྷ་མོ་བརྒྱ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་གྲུབ་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་ཤེས་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་ལྡན་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་ཚོགས་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་ཚངས་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་འདུལ་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་འདྲེན་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་དགའ་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་སྡུད་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་ལྷ་མོ་ཀུན་འདུས་མ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་ཡེ་ཁྱབ་མ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་བཀའ་འདྲེན་གཙོ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་ཁང་འབེབས་དབྱིངས་བདལ་མ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་ཨ་དཀར་བདེ་ལྡན་མ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་ཧ་དྲག་ཤུགས་ལྡན་མ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་གླིང་གྲགས་སྒྲ་ལྡན་མ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་ང་ཆེ་དབང་རྫོགས་མ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་རམ་ཤག་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་ལ་མཆོད་སྔགས་འཛབ་ཅན་ལ་ཕྱག་འཚལ་ལོ། །བདལ་པའི་ལྷ་མོ་མི་ཡེངས་ཏིང་འཛིན་ཅན་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་གསལ་བའི་སྤྱན་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་སྙོམས་པའི་ཐུགས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་སྙན་པའི་དབྱངས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་རྫུ་འཕྲུལ་གྱི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་བདུད་རྩིའི་ཕྱག་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་འདྲེན་པའི་ཐབས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་སྒྲོལ་བའི་གཙོ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་ཕྱིན་པའི་གཞི་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ལྷ་མོ་ཐར་པའི་སྒོ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཅན་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་ཐབས་ཀྱི་ཞགས་པ་ཅན་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་ཐུགས་རྗེའི་ལྕགས་ཀྱུ་ཅན་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་གསལ་བའི་མེ་ལོང་ཅན་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་མཛེས་པའི་རྨ་བྱ་ཅན་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་སྙན་པའི་ཁུ་བྱུག་གསུང་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་བརྗིད་པའི་གཟི་མདངས་ཅན་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་ཐར་པའི་སྐས་ལམ་ཅན་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་ལུང་རྒྱུད་ངེས་པར་འབོགས་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་མོ་བཀའ་རྒྱུད་ཆེ་བར་སྤེལ་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་ལ་གཅོད་ཡོངས་སུ་གྲགས་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་ཐམས་ཅད་ཡོངས་སུ་རྒྱས་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་བདེན་པར་དོན་དམ་སྒྲུབ་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་རྒྱས་པར་གསུང་རབ་སྟོན་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་ཞི་བས་སེམས་ཅན་འདུལ་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་བདེན་པའི་ངེས་ཚིག་སྟོན་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་མན་ངག་སྔགས་རྒྱུད་འདྲེན་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་དྲག་པོའི་བར་ཆད་སྒྲོལ་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་ཐོགས་མེད་མྱུར་དུ་བྱོན་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་ལྷ་མོ་དམིགས་མེད་ཅིར་ཡང་གསལ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་བརྩོན་འགྲུས་བྱམས་མ་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་ཀུན་ལ་བུ་ལྟར་བྱམས་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་སྐྱེ་འགྲོ་གསོས་ཀྱིས་གསོ་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་སྣང་སྲིད་གཏན་ལ་འབེབས་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་ཡེ་སྲིད་ཆ་ལ་བཀོད་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་དམྱལ་བ་རྒྱུན་དུ་གཅོད་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་ཞེ་སྡང་ཀློང་དུ་ཞི་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་ཚ་བས་གྲང་བ་འདུལ་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་གྲང་བས་ཚ་བ་འདུལ་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་ཉི་ཚེ་བ་རྣམས་བདེ་གནས་རྙེད་ལ་ཕྱག་འཚལ་ལོ། །བྱམས་པའི་ལྷ་མོ་ཉི་འཁོར་བ་རྣམས་ཐར་པར་འདྲེན་ལ་ཕྱག་འཚལ་ལོ། །སྦྱིན་པའི་ལྷ་མོ་མ་ཆགས་སྟོབས་ལྡན་མ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ལྷ་མོ་ཐབས་ཀྱིས་འདུ་འཛི་སྤོང་ལ་ཕྱག་འཚལ་ལོ། །སྦྱིན་པའི་ལྷ་མོ་འདོད་པའི་སྡུག་བསྔལ་མེད་ལ་ཕྱག་འཚལ་ལོ། །སྦྱིན་པའི་ལྷ་མོ་སྟེར་བའི་བློ་ལྡན་མ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ལྷ་མོ་རེ་བ་དུས་སུ་སྐོང་ལ་ཕྱག་འཚལ་ལོ། །སྦྱིན་པའི་ལྷ་མོ་སྦྱིན་པས་འདོད་ཆགས་འདུལ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ལྷ་མོ་ཚད་མེད་རྒྱ་ཆེར་འགྱེད་ལ་ཕྱག་འཚལ་ལོ། སྦྱིན་པའི་ལྷ་མོ་ཕྱོགས་མེད་དམིགས་མི་འཆའ་ལ་ཕྱག་འཚལ་ལོ། སྦྱིན་པའི་ལྷ་མོ་རིས་མེད་མཉམ་པར་སྙོམས་ལ་ཕྱག་འཚལ་ལོ། སྦྱིན་པའི་ལྷ་མོ་བདག་དང་གཞན་མེད་གཅིག་པའི་ངང་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་གསལ་ལྡན་ཐོགས་མེད་མ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་རིག་ལྡན་གློག་འགྱུ་མ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་བློ་ལྡན་སྣང་སྲིད་བཀྲ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་ཐམས་ཅད་སྒྱུ་མར་གཟིགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་སྒྲོན་མས་མུན་པ་འཇོམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་བདུད་རྩིས་འདོད་པ་སྐོང་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་སྨན་གྱིས་ནད་རྣམས་འདུལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་རྩི་ཡིས་བཅུད་རྣམས་བསྐྱེད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་ཉི་མ་དགུ་ཕྲུག་མ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ལྷ་མོ་འོད་ཟེར་འབུམ་ཕྲག་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་ཤོང་བའི་སྣོད་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་ཆེ་བའི་གཞི་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་བསྐྱེད་པའི་ཤུགས་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་སྡུད་པའི་དབང་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་གནས་པའི་བཅུད་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་འདེགས་པའི་སྟོབས་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་སྙོམས་པའི་བློ་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་འགྲོ་བའི་ལམ་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་ཕྱིན་པའི་ས་ལྡན་མ་ལ་ཕྱག་འཚལ་ལོ། །ཡངས་པའི་ལྷ་མོ་མཉམ་པའི་ཐུགས་ལྡན་མ་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་མི་དགོངས་མཉམ་པའི་ཆ་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་མི་སྤྲུལ་བདལ་པའི་གཞི་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་མི་འབྱོན་དབྱིངས་ན་རྒྱས་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་མི་འཛད་ཐིག་ལེ་གཅིག་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་མི་གཡོ་བསམ་གཏན་སྒོམ་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་མི་ཡེངས་ཀློང་ན་གནས་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་མི་དམིགས་དོན་དམ་རྟོགས་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་མི་འབྱེད་ཞི་བར་འཇོག་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་གཏོ་རྒྱུད་ཞི་བར་མཛད་ལ་ཕྱག་འཚལ་ལོ། །ཞི་བའི་ལྷ་མོ་སྨྲ་རྒྱུད་ཞི་བར་གསུངས་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀྱིས་ཀྱང་ལྷ་ཕྱག་རེ་རེ་འཚལ་བས། ལྷ་ཕྱིའི་ཡུལ་རྣམས་འགྱུར་རོ། །ནང་གི་སེམས་རྣམས་ཞིའོ། །ལྷ་ཕམ་ལྟུང་གི་བཤགས་པ་ལ། དར་དཀར་ལག་ཏུ་ཐོག་ལ་འདི་སྐད་བརྗོད་དོ། །སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས། །ད་ལྟ་འཁོར་བའི་དུག་ལྔ་རྒྱུན་བཅད་ནས། །མི་འཁོར་ཡེ་ཤེས་ལྔ་ཡི་སྟོབས་ཕྱུང་སྟེ། །བོན་ཉིད་དབྱིངས་ནས་ཐུགས་ཉིད་མཉམ་པའི་ལྷ། །མཁའ་འགྱིང་དཀར་པོའི་དབྱིངས་སུ་ཐིམ་གྱུར་ཅིག །སེམས་ཅན་ལེ་ལོའི་སྡུག་བསྔལ་ལུས་བླངས་འདིར། །འཁོར་བ་ཐོག་མ་མེད་པ་ནས། །རྒྱུ་ལེ་ལོའི་སྡུག་བསྔལ་ཤས་ཆེ་ཞིང་། རྐྱེན་ཕམ་ལྟུང་གི་སྡིག་སྒྲིབ་མཐོལ་ལོ་བཤགས་སོ། །ཕྱག་འཚལ་བ་དང་བཤགས་པའི་ལེའུ་སྟེ་བཅུ་དགུ་པའོ།།  །། སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་དཀར་པོ་དུང་མདོག་ལ། །གཡས་ན་ཡིད་བཞིན་ནོར་བུ་བསྣམས། །གཡོན་ན་འདོད་འཇོའི་བ་མོ་གདེངས། །དཔའ་བོ་འབྲུ་ལྔ་ཐུགས་ཀར་འཆང། །གླང་ཆེན་བསྣོལ་བའི་གདན་ལ་བཞུགས། །ཞལ་ནས་ལྷ་ཡི་སྙིང་པོ་བརྗོད། །ཨཱ་ཨ་ཨད་ཏི་སྟ་དུ་རུ་དུ་རུ་ཕཊ་སྭཱ་ཧཱ། ། ཕྱག་འཚལ་སྡིག་བཤགས་མཆོད་པ་འབུལ། །ལྷ་ཡི་སྡུག་བསྔལ་ཞི་བར་ཤོག།།ངོ་མཚར་རྨད་དུ་བྱུང་བ་ཡི། །གསལ་བ་འོད་ཀྱི་མར་མེ་དང་། །དྲི་བདའ་སྤོས་ཀྱི་དུད་པ་དང་། །གསོ་སྐྱེད་རྩི་སྨན་མཆོད་པ་དང་། །ཞལ་ཟས་་ལྷ་སངས་མཆོད་པ་དང་། །བཀྲ་གསལ་མེ་ཏོག་མཆོད་པ་དང་། །བདུད་རྩི་རནམ་ལྔའི་མཆོད་པ་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །བདུད་རྩི་རྣམ་ལྔའི་མཆོད་པ་བཞེས། །ཨ་དཀར་ཡང་འབར་ཕྱོད་ལམ་གསལ། །འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། །མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། །མུ་ཧེ་སྤུངས་རམ་སྤྲོས་རྒྱས་ཁྱབ། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །དུག་ལྔའི་ལས་ཀྱིས་འཕྲོ་མཐུད་དབང་བཙན་པའི། །ཕམ་ལྟུང་ལྷ་ཡི་གནས་ནས་ཐར་པར་ཤོག །མར་མེའི་འོད་ཀྱིས་ལྟུང་བའི་སྡུག་བསྔལ་ཞི། །སྤོས་མེའི་དྲི་ཡིས་གཡེང་བའི་སྡུག་བསྔལ་ཞི། །བདུད་རྩི་སྨན་གྱིས་ཕམ་པའི་སྡུག་བསྔལ་ཞི། །ལྷ་སངས་མཆོད་པས་ལེ་ལོའི་སྡུག་བསྔལ་ཞི། །མེ་ཏོག་མཆོད་པས་རིགས་དྲུག་སྐྱེ་གནས་དྲན། །རྣམ་ལྔའི་མདངས་ཀྱིས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །མཁའ་འགྱིང་དཀར་པོ་བཞུགས་པའི་སྤྱན་ལམ་དུ། །ཕམ་ལྟུང་ཅན་གྱི་ལྷ་རྣམས་ནི། །ལྡན་པ་ལྔ་ཡི་རྒྱན་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །ཕམ་ལྟུང་སྡུག་བསྔལ་ལས་ཀྱིས་སྦྱོང་བ་ལ། །མི་འཁོར་ཡེ་ཤེས་ལྔ་ཡི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས་སྔགས་འདི་བརྗོད། ཨཱོྃ་ཨ་པར་དུ་ཏྲི་སུ་ཐིམ་ཐིམ་ཡེ་སྭཱ་ཧཱ། །ད་ནི་ཚིག་བཤད་ལ། ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་། །ལྷ་གཤེན་བརྒྱ་ཡི་ཐུགས་རྗེ་དང་། །ལྷ་མོ་སུམ་བརྒྱའི་བྱིན་རླབས་དང་། །སྙིང་པོ་སྔགས་ཀྱི་ནུས་མཐུ་དང་། །ཡོན་བདག་བསམ་པ་དག་པ་དང་། །ལྷ་རྣམས་ཉིད་ཀྱི་བསོད་ནམས་ཀྱིས། །འདོད་པ་ལྔ་ཡི་ཡས་སྟགས་འདི། །ལྷ་ཡི་གནས་སུ་ཕྱིན་པར་ཤོག །འཐབ་རྩོད་སྡུག་བསྔལ་ཞི་བར་ཤོག །རིགས་དྲུག་ཐར་པ་ཐོབ་པར་ཤོག །མཆོད་སྦྱིན་འདི་ཡི་བྱིན་རླབས་ཀྱིས། །ཕམ་ལྟུང་ལེ་ལོའི་ལྷ་རྣམས་ཀྱང་། །གནས་ངན་ལེན་པའི་སྒོ་ཆོད་ནས། །མི་ལུས་གཙང་མར་སྐྱེ་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །གསལ་བ་འོད་ཀྱི་མར་མེ་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །གསལ་བའི་མར་མེའི་མཆོད་པ་བཞེས། །ཨ་དཀར་ཡང་འབར་ཕྱོད་ལམ་གསལ། །ཨ་དཀར་ཡང་འབར་ཕྱོད་ལམ་གསལ། །ཨ་དཀར་ཡང་འབར་ཕྱོད་ལམ་གསལ། །ཨ་དཀར་ཡང་འབར་ཕྱོད་ལམ་གསལ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །ཞེ་སྡང་ལས་ཀྱིས་འཕྲོ་མཐུད་དབང་བཙན་ནས། །དམྱལ་བ་ཚ་གྲང་གནས་ནས་ཐར་པར་ཤོག། །མར་ཁུའི་རྒྱུན་གྱིས་ཚ་བའི་དམྱལ་བ་བསིལ། །སྡོང་བུའི་འོད་ཀྱིས་གྲང་བའི་དམྱལ་བ་དྲོས། །མེ་ལྕེའི་སྒྲོན་མེས་འཁོར་བའི་མུན་པ་གསལ། །གསལ་བའི་འོད་ཀྱིས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །གར་གསས་བཙན་པོ་བཞུགས་པའི་སྤྱན་ལམ་དུ། །དམྱལ་བ་ལྷ་ཡི་སྤྱན་དང་ལྡན་གྱུར་ཅིག། །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །མུན་པས་གཏིབས་ནས་ལས་ཀྱིས་སྦྱོང་བ་ལ། །གསལ་བའི་སྒྲོན་མེའི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །དྲི་བདའ་སྤོས་ཀྱི་དུད་པ་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །དྲི་བདའི་སྤོས་དུད་མཆོད་པ་བཞེས། །འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། །འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། །འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། ། འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །འདོད་ཆགས་ལས་ཀྱིས་འཕྲོ་མཐུད་དབང་བཙན་པའི། །ཡི་དྭགས་བཀྲེས་སྐོམ་གནས་ནས་ཐར་པར་ཤོག། །སྦྱར་སྤོས་དཔུང་གིས་ཡི་དྭགས་བཀྲེས་པ་ཚིམ། །དྲི་མཆོག་ཞིམ་པས་ཡི་དྭགས་སྐོམ་མ་ངོམས། །མེ་མདངས་འོད་ཀྱིས་མ་རིག་མུན་པ་སེལ། །དུད་པའི་རྒྱུན་གྱིས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །རྒོད་གསས་ཁམ་པ་བཞུགས་པའི་སྤྱན་ལམ་དུ། །ཡི་དྭགས་ལྷ་ཡི་དྲི་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །འདོད་པས་གདུང་ནས་ལས་ཀྱིས་སྦྱོང་བ་ལ། །དྲི་བདའི་སྤོས་ཀྱི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །གསོ་སྐྱེད་བདུད་རྩིའི་རྩི་སྨན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །གསོ་སྐྱེད་རྩི་སྨན་མཆོད་པ་བཞེས། །མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། །མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། །མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། ། མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །གཏི་མུག་ལས་ཀྱིས་འཕྲོ་མཐུད་དབང་བཙན་པའི། །བྱོལ་སོང་གླེན་ལྐུགས་གནས་ནས་ཐར་པར་ཤོག །རྩི་ཡི་འོ་མས་བྱོལ་སོང་གླེན་པ་དྲན། །སྨན་དང་ཆུ་བོས་བྱོལ་སོང་ལྐུགས་པ་སྨྲ། །དཀར་བའི་མདངས་ཀྱིས་འཐིབ་པའི་མུན་པ་གསལ། །དྭངས་བའི་བཅུད་ཀྱིས་བྱོལ་སོང་གནས་ནས་འདྲེན། །རླངས་པའི་རྒྱུན་གྱིས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །གསས་རྗེ་རྨངས་པོ་བཞུགས་པའི་སྤྱན་ལམ་དུ། །བྱོལ་སོང་ཤི་སོས་སྐོམ་གྱི་མཚོ་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །མུན་པས་གཏིབས་ནས་ལས་ཀྱིས་སྦྱོང་བ་ལ། །བདུད་རྩི་སྐོམ་གྱི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །ཞལ་ཟས་རོ་མཆོག་ལྷ་སངས་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །ཞལ་ཟས་ལྷ་སངས་མཆོད་པ་བཞེས། །མུ་ཧེ་སྤུངས་རམ་སྤྲོས་རྒྱས་ཁྱབ། །མུ་ཧེ་སྤུངས་རམ་སྤྲོས་རྒྱས་ཁྱབ། །མུ་ཧེ་སྤུངས་རམ་སྤྲོས་རྒྱས་ཁྱབ། །མུ་ཧེ་སྤུངས་རམ་སྤྲོས་རྒྱས་ཁྱབ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །ཕྲག་དོག་ལས་ཀྱིས་འཕྲོ་མཐུད་དབང་བཙན་པའི། །མཐའ་འཁོར་མི་ཡི་གནས་ནས་ཐར་བར་ཤོག ། འབྲུ་གཙང་ཆུ་བོས་བསྡུས་པས་མི་ཡི་འདོད་པ་ཚིམ། །རྩི་བཅུད་མར་གྱིས་བཀུས་པས་མཐའ་འཁོབ་འདོད་པ་ཚིམ། །དྲི་དང་རླངས་ཀྱིས་འཕོ་འགྱུར་སྡུག་བསྔལ་བདེ། །རྭ་ཡི་དབལ་སོས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །གནམ་གསས་དབྱིངས་རུམ་བཞུགས་པའི་སྤྱན་ལམ་དུ། །འཕོ་འགྱུར་མི་རྣམས་བདུད་རྩི་ཟས་ཀྱི་གཏེར་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །འཕོ་འགྱུར་འདོད་ལྟོག་སྡུག་བསྔལ་ལས་ཀྱིས་སྦྱོང་བ་ལ། །བདུད་རྩི་ཟས་ཀྱི་སྦྱིན་པ་གཏོང་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །མཛེས་པའི་མེ་ཏོག་མདངས་ལྡན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །སྲིད་ནི་ཡེ་ཡོད་ཅུང་ཙམ་སྲིད། །ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། །བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད། །གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །རྐྱེན་ནི་དད་པ་ཅན་གྱིས་སྦྱར། །འབུལ་ནི་བདེ་གཤེགས་རྣམས་ལ་འབུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །ལྷ་གཤེན་སྲིད་པ་གསུམ་ལ་མཆོད་པ་འབུལ། །མདངས་ལྡན་མེ་ཏོག་མཆོད་པ་བཞེས། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །ང་རྒྱལ་ལས་ཀྱིས་འཕྲོ་མཐུད་དབང་བཙན་པའི། །ལྷ་མིན་འཐབ་རྩོད་གནས་ནས་ཐར་པར་ཤོག །དྲི་མ་མེད་པས་ལྷ་མིན་སྐྱོན་དང་བྲལ། །འོད་དུ་འབར་བས་ལྷ་མིན་ཁོང་ཁྲོ་ཞི། །པདྨ་རྒྱས་པས་ལྷ་མིན་མཚོན་དབལ་ཡལ། །སྦུ་གུར་དོད་པས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །གཤེན་ལྷ་འོད་དཀར་བཞུགས་པའི་སྤྱན་ལམ་དུ། །ལྷ་མིན་མཚེས་པ་ལྷ་ཡི་རྒྱན་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅ​ན་རྣམས་ཀྱི་དོན་ནུས་ཏེ། །འཐབ་རྩོད་གསོད་གཅོད་ལས་ཀྱིས་སྦྱོང་བ་ལ། །སྐྱོབ་གོས་མཛེས་པའི་རྒྱན་གྱི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས་སྔགས་འདི་བརྗོད། ཨཱོྃ་ཨ་པར་དུ་ཏྲི་སུ་ཐིམ་ཐིམ་ཡེ་སྭཱ་ཧཱ། །ད་ནི་ཚིག་བཤད་ལ། ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་། །ལྷ་གཤེན་བརྒྱའི་ཐུགས་རྗེ་དང་། །ལྷ་མོ་སུམ་བརྒྱའི་བྱིན་རླབས་དང་། །སྙིང་པོ་སྔགས་ཀྱི་ནུས་མཐུ་དང་། །ཡོན་བདག་བསམ་པ་དག་པ་དང་། །ལྷ་རྣམས་ཉིད་ཀྱི་བསོད་ནམས་ཀྱིས། །འདོད་པ་ལྔ་ཡི་ཡས་སྟགས་འདི། །ལྷ་ཡི་གནས་སུ་ཕྱིན་པར་ཤོག །ཕམ་ལྟུང་སྡུག་བསྔལ་ཞི་བར་ཤོག །རིགས་དྲུག་ཐར་པ་ཐོབ་པར་ཤོག །མཆོད་སྦྱིན་འདི་ཡི་བྱིན་རླབས་ཀྱིས། །ཕམ་ལྟུང་ལེ་ལོའི་ལྷ་རྣམས་ཀྱང་། །གནས་ངན་ལེན་པའི་སྒོ་ཆོད་ནས། །མི་ལུས་གཙང་མར་སྐྱེ་བར་ཤོག །དེ་སྐད་ཅེས་གསུངས་ནས། གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་འདི་སྐད་ཅེས་བཀའ་སྩལ་པ། བདག་གིས་ནི་མཆོད་སྦྱིན་མ་གཏོང་ཡང་ཕམ་ལྟུང་གི་ལྷ་རྣམས་དྲངས་ཏེ། ཕྱི་རབས་ཀྱི་དོན་དུ་དེ་ལྟར་བསྟན་པས་འཁོར་རྣམས་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག ཅེས་གསུངས་ནས། །ཕམ་ལྟུང་གི་སེམས་ཅན་སྡིག་པོ་ཆེ་འདི། ལེ་ལོའི་རྒྱུ་ལ་ཕམ་ལྟུང་གི་རྐྱེན་གྱིས་ལྷ་ལེ་ལོ་ཅན་གྱི་གནས་སུ་སྐྱེས་སམ་སྐྱེ་ཀ་མར་གྱུར་བའི་ལྷ་རྣམས་དང་། ལྷ་ཕྱིའི་ལེ་ལོ་ཅན་དང་། ནང་གི་ཕམ་ལྟུང་ཅན་དང་། ཟངས་ལྕགས་ཐོག་པའི་ལྷ་རྣམས་དང་། མཚོན་ཆ་ཅན་གྱི་ལྷ་རྣམས་དང་། དབྱུག་པ་ཅན་གྱི་ལྷ་རྣམས་དང་། མྱ་ངན་ངུ་འབོད་ཅན་གྱི་ལྷ་རྣམས་དང་། རྣག་ཁྲག་འཐུང་བའི་ལྷ་རྣམས་དང་། སྔོན་དམར་ཅན་གྱི་ལྷ་རྣམས་དང་། མདའ་མདུང་ཅན་གྱི་ལྷ་རྣམས་དང་། ཕམ་ལྟུང་ཅན་གྱི་ལྷ་རྣམས་དང་། །འཛད་པ་ཅན་གྱི་ལྷ་རྣམས་དང་། རྩོད་པ་ཅན་གྱི་ལྷ་རྣམས་དང་། ལྟུང་བ་ཅན་གྱི་ལྷ་རྣམས་ལ། སྟོན་པའི་ཞལ་ནས་སྨོན་ལམ་བཏབ་པར། ལེ་ལོ་ཅན་གྱི་ལྷ་རྣམས་ནི། །གཡུང་དྲུང་བོན་ལ་སྤྱོད་པར་ཤོག །ཕམ་ལྟུང་ཅན་གྱི་ལྷ་རྣམས་ནི། །ཐར་པའི་སྐས་ལ་འཛེགས་པར་ཤོག །འཛད་པ་ཅན་གྱི་ལྷ་རྣམས་ནི། །མི་ཟད་གཏེར་ལ་སྤྱོད་པར་ཤོག །རྩོད་པ་ཅན་གྱི་ལྷ་རྣམས་ནི། །བྱམས་པའི་སེམས་དང་ལྡན་པར་ཤོག །ལྟུང་བ་ཅན་གྱི་ལྷ་རྣམས་ནི། །ཐར་པར་མངོན་སངས་རྒྱས་པར་ཤོག །དེ་སྐད་ཅེས་སྟོན་པས་སྨོན་ལམ་བཏབ་བོ། །དེ་ནས་ལྷ་རྣམས་ཀྱིས་སྟོན་པ་ལ་བསྟོད་པ། ཐམས་ཅད་འདྲེན་པའི་དཔལ། །སྟོན་པའི་སྒྲོན་མ་ལ། །གུས་པས་ཕྱག་འཚལ་ལོ། །འབུམ་སྡེ་ཐུགས་ལ་གསལ། །མཚན་དང་རབ་ལྡན་པའི། །གཏོ་བུ་འབུམ་སངས་ལ། །གུས་པས་ཕྱག་འཚལ་ལོ། ཐུགས་རྗེའི་སྟོབས་དང་ལྡན། །མཚན་དང་རབ་ལྡན་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ། །གུས་པས་ཕྱག་འཚལ་ལོ། །བྱམས་པའི་བློ་མྱུར་མཆོག །མཚན་དང་རབ་ལྡན་པའི། །སྲས་བུ་རྨ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །མི་ཡེངས་དོན་ལ་བརྩོན། །མཚན་དང་རབ་ལྡན་པའི། །སྲས་བུ་གཡུ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །ཕམ་ལྟུང་ཅན་གྱི་ལྷ་རྣམས་ཀྱང་སྟོང་གསུམ་གྱི་སྟོང་འདི་སྟོང་པ་ཙམ་ཞིག་སངས་རྒྱས་ཏེ་སོང་ངོ་། །ལྷ་རྣམས་དྲངས་པའི་ལེའུ་སྟེ་ཉི་ཤུ་པའོ། །བམ་པོ་བདུན་པའོ།།    །།

      • གཡུང་དྲུང་ལྷ་ཡི་སྐད་དུ་ན། ལོ་སྔ་མིན་ཏྲི་སུ་ཏྲ་མིན་ཤ་དེ་རྒྱ་ཧོ། བོད་སྐད་དུ། བར་དོའི་གནས་ནས་དྲང་བའི་མདོ། སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། ཡུལ་ལྗོངས་ཚལ་ལྗོན་པའི་གླིང་མཆོད་རྟེན་དཀར་པོའི་དྲུང་དུ་བཞུགས་ཏེ། འཁོར་གྱི་དམ་པ་གསལ་བ་རང་འབྱུང་དང་། དགེ་ལྷ་གར་ཕྱུག་དང་། དགའ་བ་དོན་གྲུབ་དང་། བྱེ་བྲག་དངོས་མེད་དང་། འཆི་མེད་གཙུག་ཕུད་ལ་སོགས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་དེའི་དུས་ན། གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་གཤེན་རབ་ལ་ཞུས་པ། སྟོན་པ་ལགས། རིགས་དྲུག་སེམས་ཅན་ཐར་པར་དྲངས་ཀྱང་། བར་དོའི་སེམས་ཅན་ཐར་པར་མ་དྲང་པས། བར་དོའི་སེམས་ཅན་འདྲེན་པའི་བོན་ཞིག་ཞུ། ཞེས་ཞུས་ནས་ཏྲི་ཤ་ནག་པོ་ཞེས་བྱ་བ་ཤ་ཁྲག་གི་ནང་ན་འབྲུ་སྤོས་བཏབ་ནས་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། རིགས་དྲུག་འདུལ་བའི་ནང་ནས་བར་དོའི་སེམས་ཅན་འདྲེན་པར་འདོད་ན། ལྷ་ཆེན་གཤེན་ལྷ་འོད་དཀར་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་བསྣམས། །གླང་ཆེན་བསྣོལ་བའི་གདན་ལ་བཞུགས། །ཞལ་ནས་བར་དོའི་སྙིང་པོ་བརྗོད། །ཨཱོྃ་ཨ་ཏྲི་རྣྲི་སུ་པྲེ་དུ་ཞི་ཞི་ཐིམ་ཐིམ་ཡེ་སྭཱ་ཧཱ། །དེ་སྐད་ཅེས་བརྗོད་པས། བར་དོའི་སེམས་ཅན་རྣམས་ཀྱང་ཐར་པ་ཐོབ་པར་འགྱུར་རོ། །ངོ་མཚར་རྨད་དུ་བྱུང་བ་ཡི། །ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདི། །དང་པོ་ཡེ་མེད་སྟོང་པ་ལས། །དགུང་སྔོན་མཐོན་པོ་བོན་ཉིད་དབྱིངས་ནས་བདལ། །ཐུགས་རྗེའི་སྤྲིན་དཔུང་སྟོན་པའི་སྐུ་ལ་འདུས། །བྱིན་རླབས་ཆར་པས་འགྲོ་དྲུག་ཚིམ་པར་བྱེད། །སྲིད་གསུམ་རྫིང་བུ་ལས་འཕྲོ་ཅན་ལ་འཁྱིལ། །ས་གཞི་སྐོམ་པོ་དད་པ་ཅན་རྣམས་སྦོང་། །ཡོན་ཏན་འབྲུ་བཅུད་སྦྱིན་པ་ཅན་གྱིས་བརྔས། །དེ་ལྟར་ཚངས་པའི་གཙང་རྫས་བདུད་རྩིའི་ཆུ་རྒྱུན་འདིས། །དེང་གི་རྒྱུ་སྦྱོར་ཡོན་བདག་དང་། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མི་གཙང་དྲི་མ་དག་པར་ཤོག །བར་དོའི་སྡུག་བསྔལ་ཞི་བར་ཤོག །ཅེས་བརྗོད་དོ། །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས། སྔགས་འདི་བརྗོད་དོ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། །བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རམ་ལམ། ། ཨཱོྃ་བདག་གི་ཏིང་འཛིན་སྤྲུལ་པ་དང་། །སྟོན་པ་གཤེན་རབ་ཐུགས་རྗེ་དང་། །གཙོ་བོ་བཞི་ཡི་བྱིན་རླབས་ཀྱིས། །བར་དོའི་སྡུག་བསྔལ་རྒྱུན་ཆད་ཤོག །ཨཱོྃ་ཨ་པར་དུ་ཏྲི་ཤག་སྭཱ་ཧཱ། ཁྲུས་དང་མཚམས་བཅད་ཀྱི་ལེའུ་སྟེ་ཉི་ཤུ་གཅིག་པའོ། །ད་ནི་བསྟོད་ཕྱག་བྱ་བ་ནི། དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ། །ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ། །བདག་དང་མཐའ་ཡས་སེམས་ཅན་གྱི། །ཉོན་མོངས་བག་ཆགས་སྡིག་སྒྲིབ་རྣམས། །ཐུགས་རྗེས་ལྷ་རྣམས་དྲང་བའི་ཕྱིར། །སྐུ་མདོག་ཕྱག་མཚན་གདན་ཁྲིར་བསྟན། །བྱིན་རླབས་ཐུགས་རྗེ་སྤྲུལ་པ་དང་། །འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་བཀྱེ། །བདེ་གཤེགས་སྟོང་གི་སྐུ་རུ་བྱུང་། །བདེ་གཤེགས་སྟོང་དང་རྩ་བཞི་ལ། །བདག་དང་མཐའ་ཡས་སེམས་ཅན་དང་། །དེང་གི་སེམས་ཅན་ཉོན་མོངས་ཀྱི། །ལུས་ངག་ཡིད་གསུམ་ཐང་བཅད་ནས། །དྭངས་བའི་སེམས་ཀྱིས་ཕྱག་་འཚལ་ལོ། །ད་ནི་བར་དོའི་སེམས་ཅན་འདྲེན་པའི་ལྷ་རྣམས་ལ་ཕྱག་འཚལ་བ་དང་། །སྙིང་པོ་བརྗོད་པ་ནི། །ཨཱོྃ་ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱ་ཧཱ། །དུག་ལྔ་མྱུར་དུ་འཇོམས་པ་ཡི། །གཉེན་པོ་ཡེ་ཤེས་ལྔ་ཤར་བའི་ཚེ། །གཉིས་འཛིན་བར་དོའི་སྡུག་བསྔལ་ཞི་བར་གྱུར་ཅིག མེད་པར་གྱུར་ཅིག །སྟོང་པར་གྱུར་ཅིག ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། གཤེན་ལྷ་འོད་དཀར་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ།  ཤེལ་ལྕགས་སྔོན་པོ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། གར་གསས་བཙན་པོ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། གར་བུ་ཤང་རྒྱལ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ།རྒོད་གསས་ཁམ་པ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། རྒོད་བུ་འཕར་དྲག་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། གསས་རྗེ་རྨང་པོ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། གསས་བུ་ཚོན་གང་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། གནམ་གསས་དབྱིངས་རུམ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། གནམ་བུ་ཕྱོད་པ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། སྟོན་པ་གཤེན་རབ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡུམ་ཆེན་ཐུགས་རྗེ་བྱམས་མ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡུམ་ཆེན་སྦྱིན་པ་བྱམས་མ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡུམ་ཆེན་བསམ་གཏན་བྱམས་མ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡུམ་ཆེན་བཟང་ཟ་རིང་བཙུན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡུམ་ཆེན་བཟོད་པ་བྱམས་མ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡུམ་ཆེན་བརྩོན་འགྲུས་བྱམས་མ་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་ནམ་མཁའི་བ་དན་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་ཁྱུང་གི་རུ་མཚོན་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་རྒོད་ཀྱི་འཕར་འདབ་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་རྨ་བྱའི་ལྡེམ་རྒྱང་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་ཁུ་བྱུག་གསུང་སྙན་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་ཟོ་བོ་སྦར་ཤད་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་དབལ་སོ་མདུང་རྩེ་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་གསས་མདའ་དུང་དབྱུག་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་རྔ་སྟོང་རི་ཆེན་པ་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་གཤང་ཁྲི་ལོ་གནམ་གྲགས་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་དུང་འཕར་པོ་འཕར་ཆུང་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་ཆེ་རྒྱལ་རྒོད་ཞུ་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་ཡང་རྒྱལ་འབྲུག་སླག་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། གཅོད་པ་ཁྲ་སླག་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་དྲག་པོ་དབལ་སླག་ཅན་ལ་ཕྱག་འཚལ་ལོ། །ལས་ངན་བར་དོའི་སེམས་ཅན་འདྲེན་པའི་ལྷ། ཡེ་གཤེན་གཡུང་དྲུང་སེམས་དཔའ་བདུད་རྩིའི་ཆར་སླག་ཅན་ལ་ཕྱག་འཚལ་ལོ། །དུག་ལྔ་མྱུར་དུ་འཇོམས་པ་ཡི། གཉེན་པོ་ཡེ་ཤེས་ལྔ་ཤར་བའི་ཚེ། གཉིས་འཛིན་བར་དོའི་སྡུག་བསྔལ་ཞི་བར་གྱུར་ཅིག མེད་པར་གྱུར་ཅིག སྟོང་པར་གྱུར་ཅིག བར་དོའི་སེམས་ཅན་རྣམས་ཀྱང་ལྷ་ཕྱག་རེ་རེ་འཚལ་བས། བར་དོའི་ཕྱིའི་ཡུལ་རྣམས་འགྱུར་རོ། །ནང་གི་སེམས་རྣམས་ཞིའོ། །ལས་ངན་བར་དོའི་བཤགས་པ་ལ། དར་དཀར་ལག་ཏུ་ཐོག་ལ་འདི་སྐད་བརྗོད་དོ། །སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས། །ད་ལྟ་བར་དོའི་སྡུག་བསྔལ་རྒྱུན་བཅད་ནས། །མི་འཁོར་ཡེ་ཤེས་ལྔ་ཡི་སྟོབས་ཕྱུང་སྟེ། །བོད་ཉིད་དབྱིངས་ནས་ཐུགས་ཉིད་མཉམ་པའི་ལྷ། །གཤེན་ལྷ་འོད་དཀར་དབྱིངས་སུ་ཐིམ་གྱུར་ཅིག །སེམས་ཅན་བར་དོའི་སྡུག་བསྔལ་ལུས་བླངས་འདིར། །འཁོར་བ་ཐོག་མ་མེད་པ་ནས། །རྒྱུ་གཉིས་འཛིན་ཤས་ཆེ་ཞིང་། །རྐྱེན་སྡུག་བསྔལ་གྱི་སྡིག་སྒྲིབ་མཐོལ་ལོ་བཤགས་སོ། །ཕྱག་འཚལ་བ་དང་བཤགས་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།  །།ལྷ་ཆེན་གཤེན་ལྷ་འོད་དཀར་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་བསྣམས། །གླང་ཆེན་བསྣོལ་བའི་གདན་ལ་བཞུགས། །ཞལ་ནས་བར་དོའི་སྙིང་པོ་བརྗོད། །ཨཱོྃ་ཨ་ཏྲི་རྣྲི་སུ་པྲེ་དུ་ཞི་ཞི་ཐིམ་ཐིམ་ཡེ་སྭཱ་ཧཱ། །ཕྱག་འཚལ་སྡིག་བཤགས་མཆོད་པ་འབུལ། །བར་དོའི་སྡུག་བསྔལ་ཞི་བར་ཤོག །ངོ་མཚར་རྨད་དུ་བྱུང་བ་ཡི། །མར་མེ་དྲི་བདའ་ཡོན་ཆབ་དང་། །ལྷ་སངས་མེ་ཏོག་མཆོད་པ་འདི། །ལྷ་ཆེན་གཤེན་ལྷ་འོད་དཀར་དང་། །ཡེ་གཤེན་ལྷ་མོ་རྣམས་ལ་འབུལ། །རྣམ་ལྔའི་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། །བར་དོའི་སྡུག་བསྔལ་ཞི་བར་ཤོག །ཨ་དཀར་འབར་ལྡན་མུན་གསལ་མུ་ཧེ་བཀྲ་གསལ་རྒྱས། །འདི་ནས་མི་རྟག་རིགས་དྲུག་ཁར་བརྒྱུད་ནས། །སྡུག་བསྔལ་ལས་ཀྱིས་འཕྲོ་མཐུད་དབང་བཙན་ནས། །ལས་ངན་བར་དོའི་གནས་ནས་ཐར་བར་ཤོག །མར་མེའི་འོད་ཀྱིས་གནས་ཁང་འོད་དང་ལྡན། །སྤོས་མེའི་དྲི་ཡིས་སེར་སྣའི་སྒྲིབ་པ་བྱང་། །བདུད་རྩི་སྨན་གྱིས་སྦྱོང་བའི་སྡུག་བསྔལ་ཞི། །ལྷ་སངས་མཆོད་པས་འདོད་པའི་ཟས་དང་ལྡན། །མེ་ཏོག་མཆོད་པས་སྐྱེ་གནས་ཐར་པ་ཐོབ། །རྣམ་ལྔའི་མདངས་ཀྱིས་དབྱིངས་སུ་ཤུལ་དྲོངས་ལ། །གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན། །ཡེ་ཤེས་ལྷ་ལྔ་བཞུགས་པའི་སྤྱན་ལམ་དུ། །བར་དོའི་སྡུག་བསྔལ་ཅན་གྱི་སེམས་ཅན་རྣམས། །ཡེ་ཤེས་ལྔ་ཡི་སྟོབས་དང་ལྡན་གྱུར་ཅིག །སླར་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ནུས་ཏེ། །བར་དོའི་སེམས་ཅན་སྡུག་བསྔལ་ལས་ཀྱིས་སྦྱོང་བ་ལ། །བདུད་རྩི་སྨན་ལྔའི་སྦྱིན་པ་རྒྱུན་དུ་གཏོང་བར་ཤོག །ཕྱག་རྒྱ་ཐལ་སྦྱོར་ཐུགས་ཀར་གཏད་ནས་སྔགས་འདི་བརྗོད། །ཨཱོྃ་ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྨར་སྭཱ་ཧཱ། །ད་ནི་ཚིག་བཤད་ལ། །ཨཱོྃ་བདག་གི་ཏིང་འཛིན་སྟོབས་མཆོག་དང་། །བདེ་བར་གཤེགས་པ་རིགས་ལྔ་དང་། །ཡེ་གཤེན་བཅུ་གསུམ་ཐུགས་རྗེ་དང་། །ལྷ་མོ་རྣམས་ཀྱི་བྱིན་རླབས་དང་། །ལྷ་གཤེན་བརྒྱ་ཡི་མཐུ་སྟོབས་དང་། །སྙིང་པོ་སྔགས་ཀྱི་ནུས་མཐུ་དང་། །ཡོན་བདག་བསམ་པ་དག་པ་དང་། །བར་དོ་ཉིད་ཀྱི་བསོད་ནམས་ཀྱིས། །འདོད་པ་ལྔ་ཡི་ཡས་སྟགས་འདི། །བར་དོའི་གནས་སུ་ཁྱབ་པར་ཤོག །གནས་ངན་སྡུག་བསྔལ་ཞི་བར་ཤོག །རིགས་དྲུག་ཐར་པ་ཐོབ་པར་ཤོག །མཆོད་སྦྱིན་འདི་ཡི་བྱིན་རླབས་ཀྱིས། །བར་མ་དོ་ཡི་སེམས་ཅན་རྣམས། །སྐྱེ་བ་གནས་ངན་ལེན་པའི་སྒོ་ཆོད་ནས། །མི་ལུས་གཙང་མ་སྐྱེ་བར་ཤོག །དེ་སྐད་ཅེས་གསུངས་ནས། གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། བདག་གིས་ནི་མཆོད་སྦྱིན་མ་གཏོང་ཡང་། བར་དོའི་སེམས་ཅན་དྲངས་ཏེ། ཕྱི་རབས་ཀྱི་དོན་དུ་དེ་ལྟར་བསྟན་པས་འཁོར་རྣམས་ཀྱིས་ཀྱང་དེ་ལྟར་ཤེས་པར་གྱིས་ཤིག ཅེས་གསུངས་ནས། །བར་དོའི་སེམས་ཅན་སྡིག་པོ་ཆེ་འདི། གཉིས་འཛིན་གྱི་རྒྱུ་ལ་སྡུག་བསྔལ་གྱི་རྐྱེན་གྱིས། བར་དོའི་གནས་སུ་སྐྱེས་སམ་སྐྱེ་ཀ་མར་གྱུར་པའི་སེམས་ཅན་རྣམས་ལ། སྟོན་པའི་ཞལ་ནས་སྨོན་ལམ་བཏབ་པར། བར་དོར་འཁྱམས་པའི་སེམས་ཅན་རྣམས། །གཤེན་ལྷའི་ཐུགས་རྗེས་དྲང་བར་ཤོག །མྱོས་ཤིང་རིད་པའི་སེམས་ཅན་རྣམས། །ཤེལ་ལྕགས་སྔོན་པོས་དྲང་བར་ཤོག །སྐམ་ཞིང་རྙིང་པའི་སེམས་ཅན་རྣམས། །གར་གསས་བཙན་པོས་དྲང་བར་ཤོག །རུལ་ཞིང་ཟག་པའི་སེམས་ཅན་རྣམས། །རྒོད་གསས་ཁམ་པས་དྲང་བར་ཤོག །གོས་མེད་གཅེར་བུའི་སེམས་ཅན་རྣམས། །གསས་རྗེ་རྨང་པོས་དྲང་བར་ཤོག །རྨུགས་ཤིང་འཐིབ་པའི་སེམས་ཅན་རྣམས། །གནམ་གསས་དབྱིངས་རུམ་ཐུགས་རྗེས་དྲང་བར་ཤོག །སྐྱབས་མེད་གནས་མེད་མགོན་མེད་རྣམས། །སྟོན་པའི་ཐུགས་རྗེས་དྲང་བར་ཤོག །ཟས་མེད་གོས་མེད་བཀྲེས་པ་རྣམས། །ལྷ་མོའི་ཐུགས་རྗེས་དྲང་བར་ཤོག །ཉི་ཚེ་ཉི་འཁོར་སེམས་ཅན་རྣམས། །ཡེ་གཤེན་ཐུགས་རྗེས་དྲང་བར་ཤོག །དེ་སྐད་ཅེས་སྨོན་ལམ་བཏབ་བོ། །དེ་ནས་ལས་ངན་བར་དོའི་སེམས་ཅན་རྣམས་ཀྱིས་སྟོན་པ་ལ་བསྟོད་པ། ཐམས་ཅད་འདྲེན་པའི་དཔལ། །སྟོན་པའི་སྒྲོན་མ་ལ། །གུས་པས་ཕྱག་འཚལ་ལོ། །འབུམ་སྡེ་ཐུགས་ལ་གསལ། །མཚན་དང་རབ་ལྡན་པའི། །གཏོ་བུ་འབུམ་སངས་ལ། །གུས་པས་ཕྱག་འཚལ་ལོ། ཐུགས་རྗེའི་སྟོབས་དང་ལྡན། །མཚན་དང་རབ་ལྡན་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ། །གུས་པས་ཕྱག་འཚལ་ལོ། །བྱམས་པའི་བློ་མྱུར་མཆོག །མཚན་དང་རབ་ལྡན་པའི། །སྲས་བུ་རྨ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །མི་ཡེངས་དོན་ལ་བརྩོན། །མཚན་དང་རབ་ལྡན་པའི། །སྲས་བུ་གཡུ་ལོ་ལ། །གུས་པས་ཕྱག་འཚལ་ལོ། །སྐྱབས་དང་སྦྱིན་པའི་ཕུལ། །དུས་གསུམ་ལྷ་མོ་ལ། །གུས་པས་ཕྱག་འཚལ་ལོ། །འགྲོ་དྲུག་སྐྱབས་གནས་མཆོག །སེམས་དཔའ་བཅུ་གསུམ་ལ། །གུས་པས་ཕྱག་འཚལ་ལོ། །དེ་སྐད་ཅེས་བརྗོད་པས། ལས་ངན་བར་དོའི་སེམས་ཅན་རྣམས་སྟོང་གསུམ་གྱི་སྟོང་འདི་སྟོང་པ་ཙམ་ཞིག་སངས་རྒྱས་ཏེ་སོང་ངོ་། །བར་དོ་རྣམས་དྲངས་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ། །བམ་པོ་བརྒྱད་པའོ།།    །།གཡུང་དྲུང་ལྷ་ཡི་སྐད་དུ་ན། །ལི་རྒྱ་སྲ་ཆུ་སད་དེ་གུ་དུན་ཧྲུན། ཝེར་སྤུངས་ཐད་དོ་ཐུན་ནོ་ཨེ་མ་ཧོ། བོད་སྐད་དུ། འཁོར་བའི་སེམས་ཅན་ལྷུང་བ་ཅན་རྣམས་སྟོན་པའི་ཐུགས་རྗེས་དྲང་བའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་པོ་ཆེའི་གྲམ་པ་སྤུངས་པའི་གླིང་ཕུག་ཏུ་དར་དཀར་གྱི་གུར་ནང་ན་བཞུགས་ཏེ། དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས །སྟོང་ཞིང་བདག་མེད་པ་སྒོམ་མི་ཤེས་པའི་སྐྱོན་གྱིས། སྒོམ་ཆེན་པ་རྣམས་དམྱལ་བར་ལྟུང་ནས་འདུག་པ་དེ་སྐྱོན་ཅིའི་ཕྱིར་ལྟུང་བ་ལགས །ཞེས་ཞུས་ནས་མོས་ཕྱག་ལན་གསུམ་འཚལ །སྐོར་བ་ལན་གསུམ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ །དེའི་ཉེས་སྐྱོན་ནི་འདི་ལྟར་རོ། །རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །སྒོམ་ཆེན་པ་རྣམས་དམྱལ་བར་ལྟུང་བ་དེ་ནི །ལྟ་བ་གདེང་དུ་མ་གྱུར་པས་རྐྱལ་བ་འཕར་མ་ནོན་པ་འདྲ་བའི་སྐྱོན་དང་ །ཐེག་པ་ཆུང་བས་ཤ་རུལ་སྒྱེར་བཅུག་པ་འདྲ་བའི་སྐྱོན་དང་ །བླང་དོར་མེད་པས་བ་མོ་ལ་ཉི་མ་ཕོག་པ་འདྲ་བའི་སྐྱོན་གྱིས་བར་དོའི་གནས་སུ་བྱིའུ་ནག་པོ་ཞིག་ཏུ་སྐྱེས་ནས་བསྐལ་བ་ཆེན་པོ་གསུམ་དུ་ཐར་མེད་དོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ །སྟོན་པ་ལགས །སྒོམ་ཆེན་པ་རྣམས་བར་དོའི་གནས་ན་བྱིའུ་ནག་པོའི་ལུས་བླངས་ནས་འདུག་པ་དེའི་སྐྱོན་ཅི་ལགས །ཞེས་ཞུས་སོ །དེ་ལ་གཤེན་རབ་ཀྱིས་བཀའ་སྩལ་པ ། སྒོམ་ཆེན་པ་རྣམས་བྱིའུ་ནག་པོའི་ལུས་བླངས་ནས་འདུག་པ་དེ་ནི །ལྟ་བ་སྡུད་མ་ཤེས་པའི་སྐྱོན་ཡིན་ནོ། །བསྐལ་བ་གསུམ་དུ་ཐར་མེད་པ་དེ་ནི་ཡི་གེའི་འཕྲོ་འདུ་མ་ཤེས་པའི་སྐྱོན་ཡིན་ནོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཇི་ལྟར་བགྱི་ན་ཐར་པ་ཐོབ་པར་འགྱུར། གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྙིང་པོ་འདི་བརྗོད་དོ། ཨཱོྃ་སད་ཝེར་ཁྲི་སྤུངས་མུ་ཡེ་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་གསུམ་ཀློག་ན། བསྐལ་པ་ཆེན་པོ་གསུམ་གྱི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་སྒོམ་ཆེན་པ་རྣམས་ཀྱིས་ཀྱང་། ལྟ་བ་སེམས་སུ་མ་ཆུད་པ་དང་། སྒོམ་པ་རྒྱུན་ཆད་པ་དང་། སྤྱོད་པ་ཡོ་དྲང་ཤོར་བ་རྣམས་ཀྱིས་དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྙིང་པོ་འདི་བརྗོད་དོ། །ཨཱོྃ་སད་ཝེར་ཁྲི་སྤུངས་མུ་ཡེ་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་གསུམ་བཀླག་ན་ལྟ་སྤྱོད་སྒོམ་གསུམ་གྱི་ཉམས་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །སྒོམ་ཆེན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།།  །།གཡུང་དྲུང་ལྷའི་སྐད་དུ་ན། ལི་རྒྱ་སྲ་ཆུ་སད་དོ་གུ་དུན་ཧྲུན། ཝེར་སྤུངས་ཐད་དོ་ཐུན་ནོ་ཨེ་མ་ཧོ། བོད་སྐད་དུ། འཁོར་བའི་སེམས་ཅན་ལྟུང་བ་ཅན་རྣམས་སྟོན་པའི་ཐུགས་རྗེས་དྲང་བའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་ཆེན་གྲམ་པའི་གླིང་ཕུག་དར་དཀར་གྱི་གུར་ནང་དུ་བཞུགས་ཏེ། དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། སེམས་ཅན་འདྲེན་པའི་སྟོན་པ་རྣམས།  ད་ར་ཀུ་ཞེས་བྱ་བ་དམྱལ་བ་རླུང་འདབ་ཅན་གྱི་གནས་སུ་སྐྱེས་ནས་འདུག་པ་དེའི་སྐྱོན་ཅི་ལགས། ཞེས་ཞུས་ནས་ལྷ་ཕྱག་ལན་གསུམ་འཚལ། སྐོར་བ་ལན་གསུམ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དེའི་སྐྱོན་ནི་འདི་ལྟར་རོ། རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཚིག་གཅོད་མ་དག་པའི་སྐྱོན་དང་། བསྔོ་བ་མེད་པའི་སྐྱོན་དང་། ང་རྒྱལ་དྲེགས་པས་བཀའ་ལ་ར་ཆོད་བྱེད་པའི་སྐྱོན་དང་། ཚོགས་ལ་བལྟས་ནས་རྣམ་ཤེས་གནས་ནས་མ་དྲང་བའི་སྐྱོན་དང་། ཕུད་གཏོར་ལྷག་མ་མ་སྐྱོར་བའི་སྐྱོན་གྱིས། དམྱལ་བ་ཟ་ངུའི་གནས་སུ་སྡོམ་ནག་པོའི་ལུས་སུ་སྐྱེས་ནས་བསྐལ་པ་ཆེན་པོ་བདུན་གྱི་བར་དུ་ཐར་མེད་དོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། སེམས་ཅན་འདྲེན་པའི་སྟོན་པ་རྣམས། སྡོམ་ནག་པོའི་ལུས་བླངས་ནས་བསྐལ་པ་ཆེན་པོ་བདུན་དུ་ཐར་མེད་པ་དེའི་སྐྱོན་ཅི་ལགས། སྟོན་པས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། སྡོམ་ནག་པོའི་ལུས་བླངས་པ་དེ་ནི་ཚོགས་བསགས་གནས་སུ་མ་ཐིངས་བའི་སྐྱོན་ཡིན། བསྐལ་པ་ཆེན་པོ་བདུན་དུ་ཐར་པ་མེད་པ་དེ་ནི་ང་རྒྱལ་དྲེགས་པས་བཀའ་ལ་ར་ཆོད་བྱས་པའི་སྐྱོན་ཡིན་ནོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཅི་ལྟར་བགྱིས་ན་ཐར་པ་ཐོབ་པར་འགྱུར། གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྙིང་པོ་འདི་བརྗོད་དོ། །ཨཱོྃ་ཕྲི་ཡྃ་ཛ་ཀུ་རུ་ཤིག་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་བདུན་བཀླག་ན། བསྐལ་བ་ཆེན་པོ་བདུན་གྱི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་འདྲེན་སྟོན་པ་རྣམས་ཀྱིས་ཀྱང་། ཚིག་གཅོད་མ་དག་པ་དང་། བསྔོ་བ་མེད་པ་དང་། ང་རྒྱལ་དྲེགས་པས་བཀའ་ལ་ར་ཆོད་བྱས་པ་དང་། ཚོགས་ལ་བལྟས་པས་རྣམ་ཤེས་གནས་ནས་མ་དྲང་པ་དང་། ཕུད་གཏོར་ལྷག་མ་མ་སྐྱོང་བ་རྣམས་ཀྱིས་དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྙིང་པོ་འདི་བརྗོད་དོ། །ཨཱོྃ་ཕྲི་ཡྃ་ཛ་ཀུ་རུ་ཤིག་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་བདུན་བཀླག་ན་བསྐལ་པ་ཆེན་པོ་བདུན་གྱི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །སེམས་འདྲེན་པའི་སྟོན་པ་རྣམས་ལ་གདམས་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།།  །།

གཡུང་དྲུང་ལྷ་ཡི་སྐད་དུ་ན། སད་ནི་གྱེར་ཞི་སྨར་རོ་ཨེ་མ་ཧོ། བོད་སྐད་དུ། འཁོར་བའི་སེམས་ཅན་མ་རིག་པ་རྣམས་ལ་སྟོན་པའི་ཐུགས་རྗེས་ཕན་གདགས་པའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་ཆེན་གྲམ་པའི་གླིང་ཕུག་དར་དཀར་གུར་གྱི་ནང་ན་བཞུགས་ཏེ། དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། སེམས་ཉིད་དག་ཀྱང་སྤྱོད་པ་མ་དག་པའི་སྐྱོན་གྱིས་རྒྱོབ་སོད་ཀྱི་ལས་ལ་སྤྱོད་པའི་སྔགས་པ་རྣམས། དམྱལ་བ་ཁྲི་མུན་ལན་ཆགས་བསྙགས་པའི་གནས་སུ་སྐྱེས་འདུག་པ་དེའི་སྐྱོན་ཅི་ལགས། ཞེས་ཞུས་ནས་ལྷ་ཕྱག་འཚལ། སྐོར་བ་ལན་གསུམ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དེའི་སྐྱོན་ནི་འདི་ལྟར་རོ། །རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །ལུང་མ་ཐོབ་པས་བཀའ་བརྐུས་པའི་སྐྱོན་དང། དཔོན་གསས་ཀྱི་ལུང་ལ་ཕྲི་བསྣན་བྱས་པའི་སྐྱོན་དང་། གསང་སྔགས་གཉེན་པོའི་གསང་སྒོ་བཀྲལ་བའི་སྐྱོན་དང་། མ་ཉེས་པའི་སེམས་ཅན་སྲོག་བཅད་པའི་སྐྱོན་དང་། ཐར་ལམ་མ་ཕྱེད་རྣམ་ཤེས་བསོགས་པའི་སྐྱོན་གྱིས་དམྱལ་བ་ཁྲི་མུན་ལན་ཆགས་བསྙགས་པའི་གནས་སུ་སྐྱེས་ནས་བསྐལ་པ་ཕྱེད་དང་ལྔ་ཡི་བར་དུ་ཐར་མེད་དོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། སྔགས་པ་དམྱལ་བ་ཁྲི་མུན་ན་ལན་ཆགས་བསྙགས་པའི་གནས་སུ་སྐྱེས་ནས་བསྐལ་པ་ཕྱེད་དང་ལྔ་ཡི་བར་དུ་ཐར་མེད་པ་དེའི་སྐྱོན་ཅི་ལགས། སྟོན་པས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ།    དམྱལ་བ་ཁྲི་མུན་གྱི་གནས་སུ་སྐྱེས་པ་དེ་ནི་གཡེན་ཁམས་མང་པོ་འབོད་ཉེས་བྱས་པའི་སྐྱོན་ཡིན། ལན་ཆགས་བསྙགས་པ་དེ་ནི་མ་ཉེས་པའི་སེམས་ཅན་མང་པོའི་སྲོག་བཅད་པའི་སྐྱོན་ཡིན། བསྐལ་པ་ཕྱེད་དང་ལྔའི་བར་དུ་ཐར་མེད་པ་དེ་ནི་རྣམ་ཤེས་མང་པོ་མ་དྲང་བའི་སྐྱོན་ཡིན་ནོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཇི་ལྟར་བགྱིས་ན་ཐར་པ་ཐོབ་པར་འགྱུར། དེ་ལ་གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྙིང་པོ་འདི་བརྗོད་དོ། །བསྭོ་ཐུན་མ་ཡ་ཧྲིག་ཡཀྵ་དྲང་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་ལྔ་བཀླགས་ན་བསྐལ་པ་ཆེན་པོ་ཕྱེད་དང་ལྔའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་གསང་སྔགས་པ་རྣམས་ཀྱིས་ཀྱང་། ལུང་མ་ཐོབ་པར་བཀའ་བརྐུས་པའི་སྐྱོན་དང་། དཔོན་གསས་ཀྱི་ལུང་ལ་ཕྲི་བསྣན་བྱས་པའི་སྐྱོན་དང་། གསང་སྔགས་གཉེན་པོའི་གསང་སྒོ་བཀྲལ་བའི་སྐྱོན་དང་། མ་ཉེས་པའི་སེམས་ཅན་སྲོག་བཅད་པའི་སྐྱོན་དང་། ཐར་ལམ་མ་ཕྱེད་རྣམ་ཤེས་བསོགས་པ་རྣམས་ཀྱིས་དུས་གསུམ་གྱི་གཤེན་རབ་རྣམས་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྙིང་པོ་འདི་བརྗོད་དོ། །བསྭོ་ཐུན་མ་མ་ཧྲིག་ཡཀྵ་དྲང་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་ལྔ་བཀླགས་ན་བསྐལ་པ་ཆེན་པོ་ཕྱེད་དང་ལྔའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །གསང་སྔགས་པ་རྣམས་ལ་གདམས་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།།  །།གཡུང་དྲུང་ལྷ་ཡི་སྐད་དུ་ན། གྱེར་ཅི་ལ་བ་དུན་ཏི་སངས་ལ་དེ་རྒྱ་ཧོ། བོད་སྐད་དུ། མཆོད་གནས་ཀྱི་གང་ཟག་རྣམས་ལ་སྟོན་པའི་ཐུགས་རྗེས་ཕན་གདགས་པའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་ཆེན་གྲམ་པའི་གླིང་ཕུག་དར་དཀར་གུར་གྱི་ནང་ན་བཞུགས་ཏེ། དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། རུ་ཏྲ་ནག་པོ་ཞེས་བྱ་བ་རྫི་དར་ཡུག་ལ་ཕྱར་བའི་ཡི་གེའི་འཁོར་ལོ་བསྐོར་བའི་མཆོད་གནས་ཚ་བའི་དམྱལ་བ་བརྒྱད་ཀྱི་གནས་སུ་སྐྱེས་པ་དེའི་སྐྱོན་ཅི་ལགས། ཞེས་ཞུས་ནས་ལྷ་ཕྱག་ལན་གསུམ་འཚལ། སྐོར་བ་ལན་གསུམ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དེའི་སྐྱོན་ནི་འདི་ལྟར་རོ། །རབ་ཏུ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱོད་ལ་བཤད་དོ། །ཚིག་མགོ་བླངས་ནས་ཚིག་གཞུག་བོར་བས་རུ་ཏྲ་ནག་པོའི་ལུས་སུ་སྐྱེས་པའི་སྐྱོན་དང་། བམ་ལོགས་བྱས་པ་ལྕགས་ཟངས་ནང་དུ་འཚོད་པའི་སྐྱོན་དང་། ཡི་གེ་གཏུབ་པས་ཡན་ལག་གཅོད་པའི་སྐྱོན་དང་། སྒྲ་ལོག་བྱས་པས་ལྕེ་ལ་ཞིང་རྨོ་བའི་སྐྱོན་དང་། ཚིག་སྲོག་ལོག་པས་སོག་ལེས་དྲ་བའི་སྐྱོན་དང་། ན་རོ་ཆད་པས་ལྕགས་ཀྱི་ཤ་ཟུང་འབར་བས་གློ་ནས་རྒྱག་པའི་སྐྱོན་དང་། བསད་བཅད་བྱས་པས་ཁྲག་མཚོའི་ནང་དུ་འཚོད་པའི་སྐྱོན་དང་། ལྟ་ལོག་བྱས་པས་ཤལ་མ་རིའི་སྡོང་པོར་གཤགས་པའི་སྐྱོན་དང་། ལྐོག་འབུག་བྱས་པས་ལྕགས་ཀྱུས་ལྕེ་ནས་འདྲེན་པའི་སྐྱོན་དང་། ཡིག་རིན་དམིགས་པས་ལུས་པོ་མཚོན་ཆས་གཤགས་པའི་སྐྱོན་དང། མིག་མཐོང་མ་བརྗོད་པས་མིག་འབྲས་འབྱིན་པའི་སྐྱོན་དང་། ཐོས་པ་མ་སྒོམ་རྣ་རྩེ་ཐིལ་གྱིས་བཏགས་པའི་སྐྱོན་དང་། འགྲེང་བུ་ཆད་པས་མེ་རུ་སྲེག་པའི་སྐྱོན་དང་། གི་གུ་ཆད་པས་མཚོན་ཆས་སྙིང་ནས་འདྲེན་པའི་སྐྱོན་དང་། ཞབས་ཀྱུ་ཆད་པས་ཆུ་རུ་འཚོད་པའི་སྐྱོན་དང་། ཡ་བཏགས་ཆད་པས་རྒྱུ་མ་འདྲེན་པའི་སྐྱོན་དང། ར་བཏགས་ཆད་པས་གློ་སྙིང་གཤགས་པའི་སྐྱོན་དང་། ཡིག་ཚེག་ཆད་པས་ལུས་པོ་ཕྱེ་མར་གཏུབ་པའི་སྐྱོན་དང་། ཡོན་ཏན་ཅན་ལ་བཀུར་པ་བཏབ་པས་དམྱལ་བ་དུད་འགྲོའི་གནས་སུ་སྐྱེ་བའི་སྐྱོན་བཅས་ཀྱིས་བཅད་གཏུབ་འཁོར་ལོའི་བར་དུ་སྐྱེས་ནས།  བསྐལ་བ་ཆེན་པོ་དྲུག་ཅུའི་བར་དུ་ཐར་མེད་དོ། །ཞེས་གསུངས་སོ། ། ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ།  སྟོན་པ་ལགས།  རུ་ཏྲ་ནག་པོ་ཞེས་བྱ་བ་རྫི་དར་ཡུག་ལ་ཕྱར་བ་ཡི་གེའི་འཁོར་ལོ་བསྐོར་ནས་སེམས་ཅན་འདྲེན་པར་བྱེད་པའི་མཆོད་གནས།  བཅད་གཏུབ་འཁོར་ལོའི་བར་དུ་སྐྱེས་ནས་བསྐལ་པ་ཆེན་པོ་དྲུག་ཅུའི་བར་དུ་ཐར་མེད་པ་དེའི་སྐྱོན་ཅི་ལགས།  སྟོན་པས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ།  རུ་ཏྲ་ནག་པོ་ཞེས་བྱ་བ་བཅད་གཏུབ་འཁོར་ལོའི་བར་དུ་སྐྱེས་པ་དེ་ནི།  ཚིག་འགོ་བླངས་ནས་ཚིག་གཞུག་བོར་བས་རུ་ཏྲ་ནག་པོའི་ལུས་སུ་སྐྱེའོ།  བམ་ལོག་བྱས་པས་ལྕགས་ཟངས་ནང་དུ་འཚོད་དོ།  ཡི་གེ་གཏུབ་པས་ཡན་ལག་གཅོད་པའི་ལུས་སུ་སྐྱེའོ།

སྒྲ་ལོག་བྱས་པས་ལྕེ་ལ་ཐང་གཤོལ་གྱིས་ཞིང་རྨོོའོ། །

ཚིག་སྲོག་ལོག་པས་སོག་ལེས་དྲ་གཏུབ་བྱེད་དོ། ། ན་རོ་ཆད་པས་ལྕགས་ཀྱི་ཤ་ཟུང་འབར་བས་གློ་ནས་རྒྱབ་པར་བྱེད་དོ། །

བསད་བཅད་བྱས་པས་ཁྲག་མཚོའི་ནང་དུ་འཚོད་དོ། ། ལྟ་ལོག་བྱས་པས་ཤ་མ་རིའི་སྡོང་པོས་གཤག་གོ ། ལྐོག་འབུག་བྱས་པས་ལྕགས་ཀྱུ་འབར་བས་ལྕེ་ནས་འདྲེན་ནོ།  །ཡིག་རིན་དམིགས་པས་ལུས་པོ་མཚོན་ཆས་གཤག་གོ  །མིག་མཐོང་མ་བརྗོད་པས་མིག་འབྲས་ལྕགས་ཀྱུས་འབྱིན་ནོ།  །ཐོས་པ་མ་བསྒོམ་པས་རྣ་རྩེ་ཐིལ་གྱིས་བཏགས་པར་བྱེད་དོ། ། འགྲེང་བུ་ཆད་པས་མེ་རུ་སྲེག་པར་བྱེད་དོ། ། གི་གུ་ཆད་པས་སྙིང་ནས་འདྲེན་པར་བྱེད་དོ།  །

ཞབས་ཀྱུ་ཆད་པས་ཆུ་རུ་འཚོད་པར་བྱེད་དོ།  །ཡ་བཏགས་ཆད་པས་རྒྱུ་མ་འདྲེན་པར་བྱེད་དོ།  ར་བཏགས་ཆད་པས་གློ་སྙིང་གཤག་པར་བྱེད་དོ།  ཡིག་ཚེག་ཆད་པས་ལུས་པོ་ཕྱེ་མར་གཏུབ་བོ།  ཡོན་ཏན་ཅན་ལ་སྐུར་པ་བཏབ་པས་དམྱལ་བ་དུད་འགྲོའི་ལུས་སུ་སྐྱེ་བར་བྱེད་དོ།  །ཞེས་གསུངས་སོ།

      • ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཇི་ལྟར་བགྱིས་ན་ཐར་པ་ཐོབ་པར་འགྱུར། དེ་ལ་གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་དུ་ཏྲི་ཨ་པར་ཕྲམ་ཚེ་ནན་པར་ཏྲ་ཤམ་མི་ཏྲ་ཧཱུྃ་ཧཱུྃ་ཐར་ལམ་ཞི་ཞི་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་དྲུག་ཅུ་བཀླག་ན་བསྐལ་པ་དྲུག་ཅུའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་མཆོད་གནས་གང་ཟག་རྣམས་ཀྱིས་ཀྱང་། ཚིག་མགོ་བླངས་ནས་ཚིག་གཞུག་བོར་བས་རུ་ཏྲ་ནག་པོར་སྐྱེ་བའི་སྐྱོན་དང། བམ་ལོག་བྱས་པས་ལྕགས་ཟངས་ནང་དུ་འཚོད་པའི་སྐྱོན་དང་། ཡི་གེ་གཏུབ་པས་ཡན་ལག་གཅོད་པའི་སྐྱོན་དང་། སྒྲ་ལོགས་བྱས་པ་ལས་ལྕེ་ལ་ཞིང་རྨོ་བའི་སྐྱོན་དང་། ཚིག་སྲོག་ལོག་པས་སོག་ལེས་དྲ་གཏུབ་བྱེད་པའི་སྐྱོན་དང་། ན་རོ་ཆད་པས་ལྕགས་ཀྱི་ཤ་ཟུང་འབར་བས་གློ་ནས་རྒྱབ་པའི་སྐྱོན་དང་། བསད་བཅད་བྱས་པས་ཁྲག་མཚོའི་ནང་དུ་འཚོད་པའི་སྐྱོན་དང་། ལྟ་ལོག་བྱས་པས་ཤལ་མ་རིའི་སྡོང་པོས་གཤག་པའི་སྐྱོན་དང་། ལྐོག་འབུག་བྱས་པས་ལྕགས་ཀྱུས་ལྕེ་ནས་འདྲེན་པའི་སྐྱོན་དང་། ཡིག་རིན་དམིགས་པས་ལུས་པོ་མཚོན་གྱིས་གཤག་པའི་སྐྱོན་དང། མིག་མཐོང་མ་བརྗོད་པས་མིག་འབྲས་འབྱིན་པའི་སྐྱོན་དང་། ཐོས་པ་མ་སྒོམ་པས་རྣ་རྩེ་ཐིལ་གྱིས་བཏགས་པའི་སྐྱོན་དང་། འགྲེང་བུ་ཆད་པས་མེ་རུ་སྲེག་པའི་སྐྱོན་དང་། གི་གུ་ཆད་པས་མཚོན་ཆས་སྙིང་ནས་འདྲེན་པའི་སྐྱོན་དང་། ཞབས་ཀྱུ་ཆད་པས་ཆུ་རུ་འཚོད་པའི་སྐྱོན་དང་། ཡ་བཏགས་ཆད་པས་རྒྱུ་མ་འདྲེན་པའི་སྐྱོན་དང། ར་བཏགས་ཆད་པས་གློ་སྙིང་གཤག་པའི་སྐྱོན་དང་། ཡིག་ཚེག་ཆད་པས་ལུས་པོ་ཕྱེ་མར་གཏུབ་པའི་སྐྱོན་དང་། ཡོན་ཏན་ཅན་ལ་བཀུར་པ་བཏབ་པས་དམྱལ་བ་དུད་འགྲོའི་གནས་སུ་སྐྱེ་བའི་སྐྱོན་དང་། སྐྱོན་དེ་རྣམས་ཡོད་པས་དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་དུ་ཏྲི་ཨ་པར་ཕྲམ་ཚེ་ནན་པར་ཏྲ་ཤམ་མི་ཏྲ་ཧཱུྃ་ཧཱུྃ་ཐར་ལམ་ཞི་ཞི་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་དྲུག་ཅུ་བཀླག་ན་བསྐལ་བ་དྲུག་ཅུའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་མཆོད་གནས་རྣམས་ལ་གདམས་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ། །བམ་པོ་དགུ་པའོ།།  །།གཡུང་དྲུང་ལྷའི་སྐད་དུ་ན། མུ་རྒྱས་དེ་མ་སུ་རི་ཙ་ཏུ་དེ་མ་སུ་རི་ཙ་ཏུ་དེ་པ་མ་ནེ་ཨེ་མ་ཧོ། བོད་སྐད་དུ། འཚོ་བྱེད་སྨན་པ་རྣམས་ལ་སྟོན་པའི་ཐུགས་རྗེས་ཕན་གདགས་པའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་ཆེན་གྲམ་པའི་གླིང་ཕུག་དར་དཀར་གུར་གྱི་ནང་ན་བཞུགས་ཏེ། དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། དུག་རུ་ནག་པོ་ཞེས་བྱ་བ་རྩི་དང་སྨན་གྱི་མཁན་པོ་སེམས་ཅན་གྱི་དོན་བྱེད་པའི་སྨན་པ་དུག་མཚོ་ཁོལ་མའི་ནང་དུ་སྐྱེས་པ་དེའི་སྐྱོན་ཅི་ལགས། ཞེས་ཞུས་ཤིང་ལྷ་ཕྱག་ལན་གསུམ་འཚལ། སྐོར་བ་ལན་གསུམ་བྱས་ནས་རྩི་མ་བུ་ད་རའི་འབྲས་བུ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དེའི་སྐྱོན་ནི་འདི་ལྟར་རོ། །རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །སྨན་ལྷ་མ་མཆོད་པས་བདུད་དུ་སྐྱེ་བའི་སྐྱོན་དང་། མཁས་བསླབ་དོན་དུ་མ་ཁྱེར་བས་བྱོལ་སོང་དུ་སྐྱེ་བའི་སྐྱོན་དང་། རྒྱལ་པོས་འཁོར་སྐྱོང་མ་ཤེས་པས་བཅད་གཏུབ་ཏུ་སྐྱེ་བའི་སྐྱོན་དང་། བློན་པོས་ཐོག་ཏུ་མ་ཁྲིད་པས་མུན་ཁང་གླིང་དགུར་སྐྱེ་བའི་སྐྱོན་དང་། རྗེ་བོས་ནད་དྲུག་མ་ཆོམ་པས་དམྱལ་བ་ངུ་འབོད་དུ་སྐྱེ་བའི་སྐྱོན་དང། འབངས་སྦྱོར་སྡེབ་མ་ཤེས་པས་དམྱལ་བ་ཀུ་ཅོའི་གནས་སུ་སྐྱེ་བའི་སྐྱོན་དང་། རིག་ཤེས་སྨན་ལོག་བཏང་བས་ཁྲོ་ཆུའི་གཏུན་བུར་སྐྱེ་བའི་སྐྱོན་དང་། ཟ་འདོད་ཁེ་རྔམ་དྲག་པས་ཡི་དྭགས་དུག་མཚོ་ཁོལ་མའི་གནས་སུ་སྐྱེས་ནས་བསྐལ་པ་གཅིག་དང་ཞག་བདུན་གྱི་བར་དུ་ཐར་མེད་དོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། དུག་རུ་ནག་པོ་ཞེས་བྱ་བ་རྩི་དང་སྨན་གྱི་མཁན་པོ་སེམས་ཅན་གྱི་དོན་བྱེད་པའི་སྨན་པ་དུག་མཚོ་ཁོལ་མའི་ནང་དུ་སྐྱེས་ནས། བསྐལ་པ་གཅིག་དང་ཞག་བདུན་གྱི་བར་དུ་ཐར་མེད་པ་དེའི་སྐྱོན་ཅི་ལགས། སྟོན་པས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དུག་རུ་ནག་པོ་ཞེས་བྱ་བ་རྩི་དང་སྨན་གྱི་མཁན་པོ་སེམས་ཅན་གྱི་དོན་བྱེད་པའི་སྨན་པ་དུག་མཚོ་ཁོལ་མའི་ནང་དུ་སྐྱེས་ནས། བསྐལ་པ་གཅིག་དང་ཞག་བདུན་གྱི་བར་དུ་ཐར་མེད་པ་དེ་ནི་སྨན་ལྷ་མ་མཆོད་པས་བདུད་དུ་སྐྱེའོ། །མཁས་བསླབ་དོན་དུ་མ་ཁྱེར་བས་བྱོལ་སོང་དུ་སྐྱེའོ། །རྒྱལ་པོས་འཁོར་སྐྱོང་མ་ཤེས་པས་བཅད་གཏུབ་ཏུ་སྐྱེའོ། །བློན་པོས་ཐོག་ཏུ་མ་ཁྲིད་པས་མུན་ཁང་གླིང་དགུར་སྐྱེའོ། །རྗེ་བོས་ནད་དྲུག་མ་ཆོམ་པས་དམྱལ་བ་ངུ་འབོད་དུ་སྐྱེའོ། །འབངས་སྦྱོར་སྡེབ་མ་ཤེས་པས་དམྱལ་བ་ཀུ་ཅོའི་གནས་སུ་སྐྱེའོ། །རིག་ཤེས་སྨན་ལོག་བཏང་བས་ཁྲོ་ཆུའི་གཏུན་བུར་སྐྱེའོ། །ཟ་འདོད་ཁེ་རྔམ་དྲག་པས་ཡི་དྭགས་དུག་མཚོ་ཁོལ་མའི་གནས་སུ་སྐྱེའོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཇི་ལྟར་བགྱིས་ན་ཐར་པ་ཐོབ་པར་འགྱུར། གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་ཨ་རྃ་མུ་ཏྲི་མུ་ཛ་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་བདུན་བཀླག་ན་བསྐལ་པ་ཆེན་པོ་ཆེན་པོ་གཅིག་དང་ཞག་བདུན་གྱི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་འཚོ་བྱེད་སྨན་པ་རྣམས་ཀྱིས་ཀྱང་སྨན་ལྷ་མ་མཆོད་པས་བདུད་དུ་སྐྱེ་བའི་སྐྱོན་དང་། མཁས་བསླབ་དོན་དུ་མ་ཁྱེར་བས་བྱོལ་སོང་དུ་སྐྱེ་བའི་སྐྱོན་དང་། རྒྱལ་པོས་འཁོར་སྐྱོང་མ་ཤེས་པས་བཅད་གཏུབ་ཏུ་སྐྱེ་བའི་སྐྱོན་དང་། བློན་པོས་ཐོག་ཏུ་མ་ཁྲིད་པས་མུན་ཁང་གླིང་དགུར་སྐྱེ་བའི་སྐྱོན་དང་། རྗེ་བོས་ནད་དྲུག་མ་ཆོམ་པས་དམྱལ་བ་ངུ་འབོད་དུ་སྐྱེ་བའི་སྐྱོན་དང། འབངས་སྦྱོར་སྡེབ་མ་ཤེས་པས་དམྱལ་བ་ཀུ་ཅོའི་གནས་སུ་སྐྱེ་བའི་སྐྱོན་དང་། རིག་ཤེས་སྨན་ལོག་བཏང་བས་ཁྲོ་ཆུའི་གཏུན་བུར་སྐྱེ་བའི་སྐྱོན་དང་། ཟ་འདོད་ཁེ་རྔམ་དྲག་པས་ཡི་དྭགས་དུག་མཚོ་ཁོལ་མའི་གནས་སུ་སྐྱེ་བའི་སྐྱོན་དང་། སྐྱོན་དེ་དག་ཡོད་པས་དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་ཨ་རྃ་མུ་ཏྲི་མུ་ཛ་སྭཱ་ཧཱ། །དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་བདུན་བཀླག་ན་བསྐལ་པ་ཆེན་པོ་གཅིག་དང་ཞག་བདུན་གྱི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་འཚོ་བྱེད་སྨན་པ་རྣམས་ལ་གདམས་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།།  །།གཡུང་དྲུང་ལྷའི་སྐད་དུ་ན། གུ་ཏྲ་གུ་གེ་མུན་ཛ་ཧ་རམ་དུན་སྤུངས་དེ་རྒྱ་ཧོ། བོད་སྐད་དུ། ཕྱི་རབས་ཀྱི་བྲིས་པ་དང་གླེགས་བམ་པ་རྣམས་ལ་སྟོན་པའི་ཐུགས་རྗེས་ཕན་གདགས་པའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་ཆེན་གྲམ་པའི་གླིང་ཕུག་དར་དཀར་གུར་གྱི་ནང་ན་བཞུགས་ཏེ། དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཀྱི་ཧུད་ནག་པོ་ཞེས་བྱ་བ་གླེགས་བམ་དང་བྲིས་ཀྱི་མཁན་པོ། དུང་གི་ཤོག་ཤོག་དཀར་པོ་ལ་གཡུ་ཡི་སྣག་ཚས་བྲིས་པའི་མཁན་པོ་དེ། དམྱལ་བ་ཁྲི་མུན་གྱི་གནས་སུ་སྐྱེས་པ་དེའི་སྐྱོན་ཅི་ལགས། ཞེས་ཞུས་ནས་ལྷ་ཕྱག་ལན་གསུམ་འཚལ། སྐོར་བ་ལན་གསུམ་བྱས་ནས་གསེར་གྱི་ཉ་མོ་ཞིག་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དེའི་སྐྱོན་ནི་འདི་ལྟར་ཏེ། རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །སེམས་བསྐྱེད་མ་བྱས་པས་ལྟུང་བ་ཅན་དུ་སྐྱེ་བའི་སྐྱོན་དང་། གཙང་བཙོག་བསྲེས་པས་དུག་ཆུ་རུ་སྐྱེ་བའི་སྐྱོན་དང་། བགོམ་སྨད་བྱས་པས་ཁྱི་རུ་སྐྱེ་བའི་སྐྱོན་དང་། ཐིག་ཆ་ནོར་བས་དམྱལ་བ་ལམ་རྡུགས་གནས་སུ་སྐྱེ་བའི་སྐྱོན་དང་། དབུ་འགྱོག་མ་གདབ་པས་ཐར་ལམ་འགོག་པ་རུ་སྐྱེ་བའི་སྐྱོན་དང་། མིག་ཆ་ཞར་བས་དམུ་ལོང་ནག་པོར་སྐྱེ་བའི་སྐྱོན་དང་། བསླད་བསྣན་བྱས་པས་སྐྱེ་བ་ཕྱེད་མར་སྐྱེ་བའི་སྐྱོན་དང་། ལུང་ལོག་བྲིས་པས་འདམ་བྱ་ནག་པོར་སྐྱེ་བའི་སྐྱོན་དང་། སེར་སྣ་བཏང་བས་དམྱལ་བ་ཤི་ཁ་རུ་སྐྱེ་བའི་སྐྱོན་དང་། ཐེ་ཚོམ་དུ་བྲིས་པས་གཤེན་རྗེ་རུ་སྐྱེ་བའི་སྐྱོན་དང་། བཀའ་ལུང་བསླད་པས་ཁྲག་མཚོ་རུ་སྐྱེ་བའི་སྐྱོན་དང་། མཐའ་གཤམ་ཆུང་བས་མཐའ་འཁོབ་ཏུ་སྐྱེ་བའི་སྐྱོན་དང་། དྲས་ཡོན་བྱས་པས་དམྱལ་བའི་དྲྭ་སྒོ་རུ་སྐྱེ་བའི་སྐྱོན་དང་། ཕན་ཡོན་མ་བརྗོད་པས་ལྐུགས་པ་རུ་སྐྱེ་བའི་སྐྱོན་དང་། བཀུར་བསྟི་མ་བྱས་པས་རྨོས་གླང་དུ་སྐྱེ་བའི་སྐྱོན་དང་། དམྱལ་བ་ཚ་གྲང་གི་གནས་སུ་སྐྱེས་ནས་བསྐལ་པ་ཆེན་པོ་དགུའི་བར་དུ་ཐར་མེད་དོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཀྱི་ཧུད་ནག་པོ་ཞེས་བྱ་བ་གླེགས་བམ་དང་བྲིས་ཀྱི་མཁན་པོ། དུང་གི་ཤོག་ཤོག་དཀར་པོ་ལ་གཡུ་ཡི་སྣག་ཚས་བྲིས་པའི་མཁན་པོ་དེ། དམྱལ་བ་ཚ་གྲང་གི་གནས་སུ་སྐྱེས་ནས་བསྐལ་པ་ཆེན་པོ་དགུའི་བར་དུ་ཐར་མེད་པ་དེའི་སྐྱོན་ཅི་ལགས། སྟོན་པས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། ཀྱི་ཧུད་ནག་པོ་ཞེས་བྱ་བ་གླེགས་བམ་དང་བྲིས་ཀྱི་མཁན་པོ་དེ་དམྱལ་བ་ཚ་གྲང་གི་གནས་སུ་སྐྱེས་ནས་བསྐལ་པ་ཆེན་པོ་དགུའི་བར་དུ་ཐར་མེད་པ་དེ་ནི། སེམས་བསྐྱེད་མ་བྱས་པས་ལྟུང་བ་ཅན་དུ་སྐྱེའོ། །གཙང་བཙོག་བསྲེས་པས་དུག་ཆུ་རུ་སྐྱེའོ། །བགོམ་སྨད་བྱས་པས་ཁྱི་རུ་སྐྱེའོ། །ཐིག་ཆ་ནོར་བས་དམྱལ་བ་ལམ་རྡུགས་སུ་སྐྱེའོ། །དབུ་འགྱོག་མ་གདབ་པས་ཐར་ལམ་འགོག་པ་རུ་སྐྱེའོ། །མིག་ཆ་ཞར་བས་དམུ་ལོང་ནག་པོར་སྐྱེའོ། །བསླད་བསྣན་བྱས་པས་སྐྱེ་བ་ཕྱེད་མ་རུ་སྐྱེ་བའི་སྐྱོན་དང་། ལུང་ལོག་བྲིས་པས་འདམ་བྱ་ནག་པོར་སྐྱེའོ། །སེར་སྣ་བཏང་བས་དམྱལ་བ་ཤི་ཁ་རུ་སྐྱེའོ། །ཐེ་ཚོམ་དུ་བྲིས་པས་གཤེན་རྗེ་རུ་སྐྱེའོ། །བཀའ་ལུང་བསླད་པས་ཁྲག་མཚོ་རུ་སྐྱེའོ། །མཐའ་གཤམ་ཆུང་བས་མཐའ་འཁོབ་ཏུ་སྐྱེའོ། །དྲས་ཡོན་བྱས་པས་དམྱལ་བའི་དྲྭ་སྒོ་རུ་སྐྱེའོ། །ཕན་ཡོན་མ་བརྗོད་པས་ལྐུགས་པ་རུ་སྐྱེའོ། །བཀུར་བསྟི་མ་བྱས་པས་རྨོས་གླང་དུ་སྐྱེའོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཇི་ལྟར་བགྱིས་ན་ཐར་པ་ཐོབ་པར་འགྱུར། གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་སུ་ཏྲི་རུ་ཏྲི་ཀུ་ཤ་ལ་མ་ཧ་བ་རུ་ན་ཡེ་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་དགུ་བཀླག་ན་བསྐལ་པ་ཆེན་པོ་དགུའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་གླེགས་བམ་དང་བྲིས་ཀྱི་མཁན་པོ་རྣམས་ཀྱིས་ཀྱང་། སེམས་བསྐྱེད་མ་བྱས་པས་ལྟུང་བ་ཅན་དུ་སྐྱེ་བའི་སྐྱོན་དང་། གཙང་བཙོག་བསྲེས་པས་དུག་ཆུ་རུ་སྐྱེ་བའི་སྐྱོན་དང་། བགོམ་སྨད་བྱས་པས་ཁྱི་རུ་སྐྱེ་བའི་སྐྱོན་དང་། ཐིག་ཆ་ནོར་བས་དམྱལ་བ་ལམ་རྡུགས་སུ་སྐྱེ་བའི་སྐྱོན་དང་། དབུ་འགྱོག་མ་གདབ་པས་ཐར་ལམ་འགོག་པ་རུ་སྐྱེ་བའི་སྐྱོན་དང་། མིག་ཆ་ཞར་བས་དམུ་ལོང་ནག་པོར་སྐྱེ་བའི་སྐྱོན་དང་། བསླད་བསྣན་བྱས་པས་སྐྱེ་བ་ཕྱེད་མར་སྐྱེ་བའི་སྐྱོན་དང་། ལུང་ལོག་བྲིས་པས་འདམ་བྱ་ནག་པོར་སྐྱེ་བའི་སྐྱོན་དང་། སེར་སྣ་བཏང་བས་དམྱལ་བ་ཤི་ཁ་རུ་སྐྱེ་བའི་སྐྱོན་དང་། ཐེ་ཚོམ་དུ་བྲིས་པས་གཤེན་རྗེ་རུ་སྐྱེ་བའི་སྐྱོན་དང་། བཀའ་ལུང་བསླད་པས་ཁྲག་མཚོ་རུ་སྐྱེ་བའི་སྐྱོན་དང་། མཐའ་གཤམ་ཆུང་བས་མཐའ་འཁོབ་ཏུ་སྐྱེ་བའི་སྐྱོན་དང་། དྲས་ཡོན་བྱས་པས་དམྱལ་བའི་དྲ་སྒོ་རུ་སྐྱེ་བའི་སྐྱོན་དང་། ཕན་ཡོན་མ་བརྗོད་པས་ལྐུགས་པ་རུ་སྐྱེ་བའི་སྐྱོན་དང་། བཀུར་བསྟི་མ་བྱས་པས་རྨོས་གླང་དུ་སྐྱེ་བའི་སྐྱོན་དང་། སྐྱོན་དེ་རྣམས་ཡོད་པས་དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་སུ་ཏྲི་རུ་ཏྲི་གུ་ཤ་ལ་མ་ཧ་བ་རུ་ན་ཡེ་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་དགུ་བཀླག་ན་བསྐལ་པ་ཆེན་པོ་དགུའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་བྲིས་དང་གླེགས་བམ་གྱི་མཁན་པོ་རྣམས་ལ་གདམས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།།  །།                         


      • གཡུང་དྲུང་ལྷ་ཡི་སྐད་དུ་ན། ཏྲི་བི་སུ་རྒྱ་དེ་མ་པ་ཙ་ཝེར་སྤུངས་དེ་རྒྱ་ཧོ། བོད་སྐད་དུ། ཕྱི་རབས་ཀྱི་མོ་མ་རྣམས་ལ་སྟོན་པའི་ཐུགས་རྗེས་ཕན་གདགས་པའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་ཆེན་གྲམ་པའི་གླིང་ཕུག་དར་དཀར་གུར་གྱི་ནང་ན་བཞུགས་ཏེ། དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། བྱ་ར་མཁན་གྱི་མོ་མ་རྣོ་མཐོང་གི་ཚིག་སྨྲ་ཞིང་བཟང་ངན་གྱི་ཤན་འབྱེད་པའི་མོ་མ་དེ། དམྱལ་བ་བཅད་གཏུབ་ཀྱི་གནས་སུ་སྐྱེ་འདུག་པ་དེའི་སྐྱོན་ཅི་ལགས། ཞེས་ཞུས་ནས་ལྷ་ཕྱག་ལན་གསུམ་འཚལ། སྐོར་བ་ལན་གསུམ་བྱས་ནས་རིན་པོ་ཆེ་དུང་གི་སེན་མོ་ཞིག་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དེའི་སྐྱོན་ནི་འདི་ལྟར་ཏེ། རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །གཤེན་རབ་མ་སྒོམ་པས་མགོན་སྐྱབས་མེད་པའི་སྐྱོན་དང་། རྣོ་མཐོང་ཆུང་བས་མུན་ཁང་ནང་དུ་སྐྱེ་བའི་སྐྱོན་དང་། ཚོགས་དང་ལྟ་བ་ལོག་པས་འཐབ་རྩོད་དུ་སྐྱེ་བའི་སྐྱོན་དང་། བཀྲིད་དྲངས་ཕྱིན་ཅི་ལོག་པས་དམྱལ་བ་བཤའ་ཁྲིད་དུ་སྐྱེ་བའི་སྐྱོན་དང་། སྲོག་ལ་འབགས་པས་བཅད་གཏུབ་ཏུ་སྐྱེ་བའི་སྐྱོན་དང་། མཆོད་པའི་ཞིང་ས་མེད་པས་ན་རག་ཏུ་སྐྱེ་བའི་སྐྱོན་དང་། འཁོར་ཚོགས་མང་བས་དམྱལ་བ་རྒྱོབ་སོད་ཀྱི་གནས་སུ་སྐྱེ་བའི་སྐྱོན་དང་། མི་འགྲོའི་ཡོན་དང་ཡས་སུ་བསྟན་པས་ངན་སོང་གསུམ་གྱི་གནས་སུ་སྐྱེ་བའི་སྐྱོན་དང་། སྡིག་པའི་ལུང་བསྟན་གཞན་འདེབས་བྱས་པས་དམྱལ་བ་ཚ་གྲང་གི་གནས་སུ་སྐྱེ་བའི་སྐྱོན་དང་། གཏོ་དཔྱད་ལོག་པར་བསྟན་པས་ལོག་པར་འཁྲུལ་བའི་གནས་སུ་སྐྱེས་ནས་བསྐལ་པ་ཆེན་པོ་བཅུ་བཞིའི་བར་དུ་ཐར་མེད་དོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། བྱ་ར་མཁན་གྱི་མོ་མ་དམྱལ་བ་བཅད་གཏུབ་ཀྱི་གནས་སུ་སྐྱེས་ནས་བསྐལ་པ་ཆེན་པོ་བཅུ་བཞིའི་བར་དུ་ཐར་མེད་པ་དེའི་སྐྱོན་ཅི་ལགས། སྟོན་པས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། བྱ་ར་མཁན་གྱི་མོ་མ་དམྱལ་བ་བཅད་གཏུབ་ཀྱི་གནས་སུ་སྐྱེས་ནས་བསྐལ་པ་་ཆེན་པོ་བཅུ་བཞིའི་བར་དུ་ཐར་མེད་པ་དེ་ནི། གཤེན་རབ་མ་སྒོམ་པས་མགོན་སྐྱབས་མེད་པའི་གནས་སུ་སྐྱེའོ། །རྣོ་མཐོང་ཆུང་བས་མུན་ཁང་གི་གནས་སུ་སྐྱེའོ། །ཚོགས་དང་ལྟ་བ་ལོག་པས་འཐབ་རྩོད་ལྷ་མིན་གྱི་གནས་སུ་སྐྱེའོ། །བཀྲིད་དྲངས་ཕྱིན་ཅི་ལོག་པས་དམྱལ་བ་བཤའ་ཁྲིད་ཀྱི་གནས་སུ་སྐྱེའོ། །སྲོག་ལ་འབགས་པས་དམྱལ་བ་བཅད་གཏུབ་ཀྱི་གནས་སུ་སྐྱེའོ། །མཆོད་པའི་ཞིང་ས་མེད་པས་ན་རག་གི་གནས་སུ་སྐྱེའོ། །འཁོར་ཚོགས་མང་བས་དམྱལ་བ་རྒྱོབ་སོད་ཀྱི་གནས་སུ་སྐྱེའོ། །མི་འགྲོའི་ཡོན་དང་ཡས་སུ་བསྟན་པས་ངན་སོང་གསུམ་གྱི་གནས་སུ་སྐྱེའོ། །སྡིག་པའི་ལུང་བསྟན་གཞན་འདེབས་བྱས་པས་དམྱལ་བ་ཚ་གྲང་གི་གནས་སུ་སྐྱེའོ། །གཏོ་དཔྱད་ལོག་པར་བསྟན་པས་གསོད་གཅོད་ཀྱི་གནས་སུ་སྐྱེའོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཇི་ལྟར་བགྱིས་ན་ཐར་པ་ཐོབ་པར་འགྱུར། གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་མུན་ཏྲི་ནག་པོ་ཕྲམ་ཙེ་ནན་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་བཅུ་བཞི་བཀླག་ན་བསྐལ་པ་ཆེན་པོ་བཅུ་བཞིའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་མོ་མ་རྣམས་ཀྱིས་ཀྱང་། གཤེན་རབ་མ་སྒོམ་པས་མགོན་སྐྱབས་མེད་པའི་སྐྱོན་དང་། རྣོ་མཐོང་ཆུང་བས་མུན་ཁང་ནང་དུ་སྐྱེ་བའི་སྐྱོན་དང་། ཚོགས་དང་ལྟ་བ་ལོག་པས་འཐབ་རྩོད་དུ་སྐྱེ་བའི་སྐྱོན་དང་། བཀྲིད་དྲངས་ཕྱིན་ཅི་ལོག་པས་དམྱལ་བ་བཤའ་ཁྲིད་དུ་སྐྱེ་བའི་སྐྱོན་དང་། སྲོག་ལ་འབགས་པས་བཅད་གཏུབ་ཏུ་སྐྱེ་བའི་སྐྱོན་དང་། མཆོད་པའི་ཞིང་ས་མེད་པས་ན་རག་ཏུ་སྐྱེ་བའི་སྐྱོན་དང་། འཁོར་ཚོགས་མང་བས་དམྱལ་བ་རྒྱོབ་སོད་ཀྱི་གནས་སུ་སྐྱེ་བའི་སྐྱོན་དང་། མི་འགྲོའི་ཡོན་དང་ཡས་སུ་བསྟན་པས་ངན་སོང་གསུམ་གྱི་གནས་སུ་སྐྱེ་བའི་སྐྱོན་དང་། སྡིག་པའི་ལུང་བསྟན་གཞན་འདེབས་བྱས་པས་དམྱལ་བ་ཚ་གྲང་གི་གནས་སུ་སྐྱེ་བའི་སྐྱོན་དང་། གཏོ་དཔྱད་ལོག་པར་བསྟན་པས་དམྱལ་བ་གསོད་གཅོད་ཀྱི་གནས་སུ་སྐྱེ་བའི་སྐྱོན་དང་། །སྐྱོན་དེ་རྣམས་ཡོད་པས་དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་མུན་ཏྲི་ནག་པོ་ཕྲམ་ཙེ་ནན་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་བཅུ་བཞི་བཀླག་ན་བསྐལ་པ་ཆེན་པོ་བཅུ་བཞིའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་མོ་མ་རྣམས་ལ་གདམས་པའི་ལེའུ་སྟེ་སུམ་ཅུ་པའོ།།  །།
      • གཡུང་དྲུང་ལྷ་ཡི་སྐད་དུ་ན། སུམ་ཏྲི་མུ་ཡེ་ཝེར་སྤུངས་དེ་རྒྱ་ཧོ། བོད་སྐད་དུ། ཕྱི་རབས་ཀྱི་ཆབ་ནག་པ་རྣམས་ལ་སྟོན་པའི་ཐུགས་རྗེས་ཕན་གདགས་པའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་ཆེན་གྲམ་པའི་གླིང་ཕུག་དར་དཀར་གུར་གྱི་ནང་ན་བཞུགས་ཏེ། དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཆབ་ནག་གི་བོན་ལ་སྤྱོད་ཅིང་སྣང་སྲིད་ལྷ་འདྲེ་ལ་གླུད་འཇལ་བའི་བོན་པོ་ཏྲི་ཤ་ནག་པོ་ཞེས་བྱ་བ་དམྱལ་བ་བཙོ་སྲེག་ཐོད་རུས་ཀྱི་མཁར་ནང་ན་སྐྱེས་འདུག་པ་དེའི་སྐྱོན་ཅི་ལགས། ཞེས་ཞུས་ཤིང་ལྷ་ཕྱག་ལན་གསུམ་འཚལ། སྐོར་བ་ལན་གསུམ་བྱས་ནས་རིན་པོ་ཆེའི་རྒྱལ་མཚན་ཞིག་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས་གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དེའི་སྐྱོན་ནི་འདི་ལྟར་ཏེ། རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཏྲི་ཤ་ནག་པོ་ཞེས་བྱ་བ་དམྱལ་ཟངས་ཀྱི་ནང་དུ་འཚོད་པའི་སྐྱོན་དང་། བཞུ་བཏུལ་མེད་པས་ཐར་ལམ་འགོག་པ་རུ་སྐྱེ་བའི་སྐྱོན་དང་། སེམས་བསྐྱེད་མེད་པས་དྲི་གསུར་འཚུབས་པའི་ནང་དུ་སྐྱེ་བའི་སྐྱོན་དང་། དམར་ལ་དད་པས་གཤེན་རྗེའི་ལུས་སུ་སྐྱེ་བའི་སྐྱོན་དང་། སྲོག་ལ་འབགས་པས་དམྱལ་བ་ཁྲག་མཚོ་རུ་སྐྱེ་བའི་སྐྱོན་དང་། སྙིང་རྗེ་མེད་པས་དམྱལ་བ་རྟ་མགོ་ཅན་དུ་སྐྱེ་བའི་སྐྱོན་དང་། སྨེ་ཤ་ཟོས་པས་དམྱལ་བ་ལུག་གི་མགོ་ཅན་དུ་སྐྱེ་བའི་སྐྱོན་དང་། ཐར་ཆ་ལོག་པས་ལྕགས་འཚེར་གྱིས་གཏུབ་པའི་སྐྱོན་དང་། གཡེམ་ཁམས་མང་པོ་འབོད་ཉེས་བྱས་པས་དམྱལ་བ་གླང་གི་མགོ་ཅན་དུ་སྐྱེ་བའི་སྐྱོན་དང་། མར་གླུད་ནོར་བས་ཁྱིའི་མགོ་ཅན་དུ་སྐྱེ་བའི་སྐྱོན་དང་། སྲོག་གླུད་འདོར་བས་ཟ་བྱེད་སྲིན་པོ་རུ་སྐྱེ་བའི་སྐྱོན་དང་། སྲོག་ཆགས་ཤ་ཁྲག་བླངས་པས་ཡི་དྭགས་མགོ་བརྒྱའི་ལུས་སུ་སྐྱེ་བའི་སྐྱོན་དང་། འདོད་ཁམས་མ་བསྐང་བས་ཡི་དྭགས་བཀྲེས་སྐོམ་དུ་སྐྱེ་བའི་སྐྱོན་དང་། གཏོ་དཔྱད་ལོག་པས་ལྕགས་ཁང་འབར་བར་སྐྱེ་བའིི་སྐྱོན་དང་། ཚིག་ཤད་ཡིག་འགོ་ལོག་པས་དམྱལ་བ་གནས་ངན་ལེན་གྱི་ལུས་སུ་སྐྱེས་ནས་བསྐལ་པ་ཉི་ཤུ་རྩ་བདུན་གྱི་བར་དུ་ཐར་མེད་དོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཆབ་ནག་གི་བོན་ལ་སྤྱོད་ཅིང་སྣང་སྲིད་ལྷ་འདྲེ་ལ་གླུད་འཇལ་བའི་བོན་པོ་ཏྲི་ཤ་ནག་པོ་ཞེས་བྱ་བ་བཙོ་སྲེག་ཐོད་རུས་ཀྱི་མཁར་ནང་དུ་སྐྱེས་ནས་བསྐལ་པ་ཉི་ཤུ་རྩ་བདུན་གྱི་བར་དུ་ཐར་མེད་པ་དེའི་སྐྱོན་ཅི་ལགས། སྟོན་པས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། ཆབ་ནག་གི་བོན་ལ་སྤྱོད་ཅིང་སྣང་སྲིད་ལྷ་འདྲེ་ལ་གླུད་འཇལ་བའི་བོན་པོ་ཏྲི་ཤ་ནག་པོ་ཞེས་བྱ་བ་བཙོ་སྲེག་ཐོད་རུས་ཀྱི་མཁར་ནང་ན་སྐྱེས་ནས་བསྐལ་པ་ཉི་ཤུ་རྩ་བདུན་གྱི་བར་དུ་ཐར་མེད་པ་དེ་ནི། ཏྲི་ཤ་ནག་པོ་ཞེས་བྱ་བ་དམྱལ་ཟངས་ནང་དུ་འཚོད་པར་སྐྱེའོ། །བཞུ་བཏུལ་མེད་པས་ཐར་ལམ་འགོག་པའི་སྐྱེ་གནས་སུ་སྐྱེའོ། །སེམས་བསྐྱེད་མེད་པས་དྲི་གསུར་འཚུབ་པའི་གནས་སུ་སྐྱེའོ། །དམར་ལ་དད་པས་གཤེན་རྗེའི་ལུས་སུ་སྐྱེའོ། །སྲོག་ལ་མི་འཛེམས་པས་དམྱལ་བ་ཁྲག་མཚོའི་ནང་དུ་སྐྱེའོ། །སྙིང་རྗེ་མེད་པས་དམྱལ་བ་རྟ་མགོ་ཅན་དུ་སྐྱེའོ། །སྨེ་ཤ་ཟོས་པས་དམྱལ་བ་ལུག་གི་མགོ་ཅན་དུ་སྐྱེའོ། །ཐར་ཆ་ལོག་པས་ལྕགས་འཚེར་གྱིས་གཏུབ་པའི་གནས་སུ་སྐྱེའོ། །གཡེམ་ཁམས་མང་པོ་འབོད་ཉེས་བྱས་པས་དམྱལ་བ་གླང་གི་མགོ་ཅན་དུ་སྐྱེའོ། །མར་གླུད་ནོར་བས་དམྱལ་བ་ཁྱིའི་མགོ་ཅན་དུ་སྐྱེའོ། །སྲོག་གླུད་འདོར་བས་ཟ་བྱེད་སྲིན་པོ་རུ་སྐྱེའོ། །སྲོག་ཆགས་ཤ་ཁྲག་བླངས་པས་ཡི་དྭགས་མགོ་བརྒྱའི་ལུས་སུ་སྐྱེའོ། །འདོད་ཁམས་མ་བསྐང་བས་ཡི་དྭགས་བཀྲེས་སྐོམ་དུ་སྐྱེའོ། །གཏོ་དཔྱད་ལོག་པས་ལྕགས་ཁང་འབར་བར་སྐྱེའོ། །ཚིག་ཤད་ཡིག་འགོ་ལོག་པས་དམྱལ་བ་གནས་ངན་ལེན་གྱི་ལུས་སུ་སྐྱེའོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཇི་ལྟར་བགྱིས་ན་ཐར་པ་ཐོབ་པར་འགྱུར། གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་སད་ནི་འུར་ཆུམ་དུ་ཤག་ཏྲི་དུ་བམ་ཡ་ཐར་ལམ་ཞི་ཞི་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་ཉེ་ཤུ་རྩ་བདུན་བཀླག་ན་བསྐལ་པ་ཆེན་པོ་ཉི་ཤུ་རྩ་བདུན་གྱི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཆབ་ནག་གི་བོན་ལ་སྤྱོད་ཅིང་སྣང་སྲིད་ལྷ་འདྲེ་ལ་གླུད་འཇལ་བའི་བོན་པོ་རྣམས་ཀྱིས་ཀྱང་། ཏྲི་ཤ་ནག་པོ་ཞེས་བྱ་བ་དམྱལ་ཟངས་ཀྱི་ནང་དུ་འཚོད་པའི་སྐྱོན་དང་། བཞུ་བཏུལ་མེད་པས་ཐར་ལམ་འགོག་པའི་སྐྱོན་དང་། སེམས་བསྐྱེད་མེད་པས་དྲི་གསུར་འཚུབ་པའི་ནང་དུ་སྐྱེ་བའི་སྐྱོན་དང་། དམར་ལ་དད་པས་གཤིན་རྗེའི་ལུས་སུ་སྐྱེ་བའི་སྐྱོན་དང་། སྲོག་ལ་འབགས་པས་དམྱལ་བ་ཁྲག་མཚོ་རུ་སྐྱེ་བའི་སྐྱོན་དང་། སྙིང་རྗེ་མེད་པས་དམྱལ་བ་རྟ་མགོ་ཅན་དུ་སྐྱེ་བའི་སྐྱོན་དང་། སྨེ་ཤ་ཟོས་པས་དམྱལ་བ་ལུག་གི་མགོ་ཅན་དུ་སྐྱེ་བའི་སྐྱོན་དང་། ཐར་ཆ་ལོག་པས་དམྱལ་བ་ལྕགས་འཚེར་གྱིས་གཏུབ་པའི་གནས་སུ་སྐྱེ་བའི་སྐྱོན་དང་། གཡེམ་ཁམས་མང་པོ་འབོད་ཉེས་བྱས་པས་དམྱལ་བ་གླང་གི་མགོ་ཅན་དུ་སྐྱེ་བའི་སྐྱོན་དང་། མར་གླུད་ནོར་བས་དམྱལ་བ་ཁྱིའི་མགོ་ཅན་དུ་སྐྱེ་བའི་སྐྱོན་དང་། སྲོག་གླུད་འདོར་བས་ཟ་བྱེད་སྲིན་པོ་རུ་སྐྱེ་བའི་སྐྱོན་དང་། སྲོག་ཆགས་ཤ་ཁྲག་བླངས་པས་ཡི་དྭགས་མགོ་བརྒྱའི་ལུས་སུ་སྐྱེ་བའི་སྐྱོན་དང་། འདོད་ཁམས་མ་བསྐང་བས་ཡི་དྭགས་བཀྲེས་སྐོམ་དུ་སྐྱེ་བའི་སྐྱོན་དང་། གཏོ་དཔྱད་ལོག་པས་ལྕགས་ཁང་འབར་བའི་ནང་དུ་སྐྱེ་བའིི་སྐྱོན་དང་། ཚིག་ཤད་ཡིག་འགོ་ལོག་པས་དམྱལ་བ་གནས་ངན་ལེན་གྱི་ལུས་སུ་སྐྱེ་བའི་སྐྱོན་དང་།  སྐྱོན་དེ་རྣམས་ཡོད་པས་དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་སད་ནི་འུར་ཆུམ་དུ་ཤག་ཏྲི་དུ་བམ་ཡ་ཐར་ལམ་ཞི་ཞི་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་ཉི་ཤུ་རྩ་བདུན་བཀླག་ན་བསྐལ་པ་ཆེན་པོ་ཉི་ཤུ་རྩ་བདུན་གྱི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་ལྷ་འདྲེ་ལ་གླུད་འཇལ་བའི་བོན་པོ་རྣམས་ལ་གདམས་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།།  །།གཡུང་དྲུང་ལྷའི་སྐད་དུ་ན། སད་གྱེར་ཝང་ལ་དུན་གུ་ཧྲུན། པྲ་ཆུ་དེ་བ་ལྷན་ནེ་སུ་རྒྱ་དེ་མ་ཧོ། །བོད་སྐད་དུ། འཁོར་བའི་སེམས་ཅན་སྡིག་པོ་ཆེ་རྣམས་ལ་སྟོན་པའི་ཐུགས་རྗེས་ཕན་གདགས་པའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། མི་ཡུལ་སྐྱི་མཐིང་གི་དབུས་ཤིང་རྡོ་རིན་པོ་ཆེ་སྤུངས་པའི་སྟེང་ན་བཞུགས་ཏེ།དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། འཁོར་བའི་སེམས་ཅན་སྡིག་པོ་ཆེ་རྣམས་དུན་ཏྲི་ནག་པོ་ཞེས་བྱ་བ་དམྱལ་ཟངས་བརྒྱ་ཤོང་གི་ནང་དུ་འཚོད་པ་དེའི་སྐྱོན་ཅི་ལགས། ཞེས་ཞུས་ཤིང་ལྷ་ཕྱག་ལན་གསུམ་འཚལ། སྐོར་བ་ལན་གསུམ་བྱས་ནས་ཤེལ་གྱི་མེ་ཏོག་དགུ་བརྩེགས་ཤིག་སྟོན་པ་ལ་མཆོད་པ་ཕུལ་ལོ། །དེའི་ཚེ་སྟོན་པ་གཤེན་རབ་ཀྱིས། གཤེན་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། དེའི་སྐྱོན་ནི་འདི་ལྟར་རོ། །རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །དུན་ཏྲི་ནག་པོ་ཞེས་བྱ་བ་དམྱལ་ཟངས་བརྒྱ་ཤོང་གི་ནང་དུ་འཚོད་པའི་སྐྱོན་ནི། ཕ་མ་ལ་དྲིན་ལན་མ་བསབ་སྡིག་པ་སྤྱད་པས་དམྱལ་བར་སྐྱེ་བའི་སྐྱོན་དང་། སྐྱབས་སུ་མ་སོང་བས་དམྱལ་བ་མུན་ཁང་གླིང་དགུར་སྐྱེ་བའི་སྐྱོན་དང་། དུག་ལྔ་མ་སྤངས་པས་དམྱལ་བ་བཅད་གཏུབ་ཏུ་སྐྱེ་བའི་སྐྱོན་དང་། མ་བྱིན་པ་བླངས་པས་བསེ་རག་ཏུ་སྐྱེ་བའི་སྐྱོན་དང་། མི་ཚངས་པ་སྤྱད་པས་ཚེར་མའི་འཁོར་ལོར་སྐྱེ་བའི་སྐྱོན་དང་། རྫུན་དུ་སྨྲས་པས་དུག་སྦྲུལ་ནག་པོར་སྐྱེ་བའི་སྐྱོན་དང་། ཕྲ་མ་སྨྲས་པས་རོ་མྱག་གི་འདམ་རྫབ་ཏུ་སྐྱེ་བའི་སྐྱོན་དང་། ཞེ་སྡང་གིིས་སྲོག་བཅད་པས་དམྱལ་བ་བཅད་གཏུབ་ཀྱི་གནས་སུ་སྐྱེ་བའི་སྐྱོན་དང་། འདོད་ཆགས་ཀྱིས་སྲོག་བཅད་པས་མེ་ལྕེའི་འཁོར་ལོར་སྐྱེ་བའི་སྐྱོན་དང་། གཏི་མུག་གིས་སྲོག་བཅད་པས་ལྕགས་ཁང་སྒོ་མེད་ནང་དུ་སྐྱེ་བའི་སྐྱོན་དང་། ཕྲག་དོག་གིས་སྲོག་བཅད་པས་སོག་ལེ་བསྣོལ་མས་དྲ་བའི་སྐྱོན་དང་། ང་རྒྱལ་གྱིས་སྲོག་བཅད་པས་རལ་གྲིའི་སོ་ལམ་དུ་སྐྱེ་བའི་སྐྱོན་དང་། རྐུ་འཕྲོག་བྱས་པས་དམྱལ་དོང་དགུ་བརྩེགས་ནང་དུ་སྐྱེ་བའི་སྐྱོན་དང་། བོན་ལ་ལྟ་ལོག་བྱས་པས་བདུད་སྲིན་རུ་ཏྲའི་ལུས་སུ་སྐྱེས་ནས་བསྐལ་པ་ཆེན་པོ་བརྒྱད་ཅུ་རྩ་ལྔའི་བར་དུ་ཐར་མེད་དོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། འཁོར་བའི་སེམས་ཅན་སྡིག་པོ་ཆེ་རྣམས་དུན་ཏྲི་ནག་པོ་ཞེས་བྱ་བ་དམྱལ་ཟངས་བརྒྱ་ཤོང་གི་ནང་དུ་སྐྱེས་ནས་བསྐལ་པ་ཆེན་པོ་བརྒྱད་ཅུ་རྩ་ལྔའི་བར་དུ་ཐར་མེད་པ་དེའི་སྐྱོན་ཅི་ལགས། སྟོན་པས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། འཁོར་བའི་སེམས་ཅན་སྡིག་པོ་ཆེ་རྣམས་དུན་ཏྲི་ནག་པོ་ཞེས་བྱ་བ་དམྱལ་ཟངས་བརྒྱ་ཤོང་གི་ནང་དུ་འཚོད་པར་སྐྱེའོ། །ཕ་མར་དྲིན་ལན་མ་བསབ་སྡིག་པ་བྱས་པས་དམྱལ་བའི་གནས་སུ་སྐྱེའོ། །སྐྱབས་སུ་མ་སོང་བས་དམྱལ་བ་མུན་ཁང་གླིང་དགུའི་ནང་དུ་སྐྱེའོ། །དུག་ལྔ་མ་སྤང་པས་དམྱལ་བ་བཅད་གཏུབ་ཀྱི་གནས་སུ་སྐྱེའོ། །མ་བྱིན་པ་བླངས་པས་ཡི་དྭགས་བཀྲེས་སྐོམ་གྱི་གནས་སུ་སྐྱེའོ། །མི་ཚངས་པ་སྤྱད་པས་དམྱལ་བ་དུག་ཚེར་གྱི་གནས་སུ་སྐྱེའོ། །རྫུན་དུ་སྨྲས་པས་དུག་སྦྲུལ་ནག་པོའི་ལུས་སུ་སྐྱེའོ། །ཕྲ་མ་སྨྲས་པས་དམྱལ་བ་འདམ་རྫབ་ཀྱི་གནས་སུ་སྐྱེའོ། །ཞེ་སྡང་གིིས་སྲོག་བཅད་པས་དམྱལ་བ་བཅད་གཏུབ་ཀྱི་གནས་སུ་སྐྱེའོ། །འདོད་ཆགས་ཀྱིས་སྲོག་བཅད་པས་དམྱལ་བ་མེ་ལྕེའི་འཁོར་ལོར་སྐྱེའོ། །གཏི་མུག་གིས་སྲོག་བཅད་པས་དམྱལ་བ་ལྕགས་ཁང་འབར་བའི་གནས་སུ་སྐྱེའོ། །ཕྲག་དོག་གིས་སྲོག་བཅད་པས་དམྱལ་བ་སོག་ལེས་དྲ་བའི་གནས་སུ་སྐྱེའོ། །ང་རྒྱལ་གྱིས་སྲོག་བཅད་པས་དམྱལ་བ་རལ་གྲིའི་སོ་ལམ་གྱི་གནས་སུ་སྐྱེའོ། །རྐུ་འཕྲོག་བྱས་པས་དམྱལ་དོང་དགུ་བརྩེགས་ཀྱི་གནས་སུ་སྐྱེའོ། །བོན་ལ་ལྟ་ལོག་བྱས་པས་བདུད་སྲིན་རུ་ཏྲའི་ལུས་སུ་སྐྱེའོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ཇི་ལྟར་བགྱིས་ན་ཐར་པ་ཐོབ་པར་འགྱུར། གཤེན་རབ་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་བསྭོ་རཀྵ་ཁྲི་པར་དུ་ཏྲི་སུ་བྷྱོ་ཡ་བྷ་ལིང་ཐིམ་ཐིམ་ཞི་ཞི་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་བརྒྱད་ཅུ་རྩ་ལྔ་བཀླག་ན་བསྐལ་པ་ཆེན་པོ་བརྒྱད་ཅུ་རྩ་ལྔའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་སེམས་ཅན་སྡིག་པོ་ཆེ་རྣམས་ཀྱིས་ཀྱང་། དུན་ཏྲི་ནག་པོ་ཞེས་བྱ་བ་དམྱལ་ཟངས་བརྒྱ་ཤོང་ནང་དུ་འཚོད་པའི་སྐྱོན་དང་། ཕ་མར་དྲིན་ལན་མ་བསབ་སྡིག་པ་སྤྱད་པས་དམྱལ་བར་སྐྱེ་བའི་སྐྱོན་དང་། སྐྱབས་སུ་མ་སོང་བས་དམྱལ་བ་མུན་ཁང་གླིང་དགུར་སྐྱེ་བའི་སྐྱོན་དང་། དུག་ལྔ་མ་སྤངས་པས་དམྱལ་བ་བཅད་གཏུབ་ཏུ་སྐྱེ་བའི་སྐྱོན་དང་།
      • མ་བྱིན་པ་བླངས་པས་བསེ་རག་ཏུ་སྐྱེ་བའི་སྐྱོན་དང་། མི་ཚངས་པ་སྤྱད་པས་ཚེར་མའི་འཁོར་ལོར་སྐྱེ་བའི་སྐྱོན་དང་། རྫུན་དུ་སྨྲས་པས་དུག་སྦྲུལ་ནག་པོར་སྐྱེ་བའི་སྐྱོན་དང་། ཕྲ་མ་སྨྲས་པས་རོ་མྱག་གི་འདམ་རྫབ་ཏུ་སྐྱེ་བའི་སྐྱོན་དང་། ཞེ་སྡང་གིིས་སྲོག་བཅད་པས་དམྱལ་བ་བཅད་གཏུབ་ཀྱི་གནས་སུ་སྐྱེ་བའི་སྐྱོན་དང་། འདོད་ཆགས་ཀྱིས་སྲོག་བཅད་པས་དམྱལ་བ་མེ་ལྕེའི་འཁོར་ལོར་སྐྱེ་བའི་སྐྱོན་དང་། གཏི་མུག་གིས་སྲོག་བཅད་པས་ལྕགས་ཁང་འབར་བའི་ནང་དུ་སྐྱེ་བའི་སྐྱོན་དང་། ཕྲག་དོག་གིས་སྲོག་བཅད་པས་སོག་ལེ་བསྣོལ་མས་དྲ་བར་སྐྱེ་བའི་སྐྱོན་དང་། ང་རྒྱལ་གྱིས་སྲོག་བཅད་པས་རལ་གྲིའི་སོ་ལམ་དུ་སྐྱེ་བའི་སྐྱོན་དང་། རྐུ་འཕྲོག་བྱས་པས་དམྱལ་དོང་དགུ་བརྩེགས་སུ་སྐྱེ་བའི་སྐྱོན་དང་། བོན་ལ་ལྟ་ལོག་བྱས་པས་བདུད་སྲིན་རུ་ཏྲའི་ལུས་སུ་སྐྱེ་བའི་སྐྱོན་དང་། སྐྱོན་དེ་རྣམས་ཡོད་པས་དུས་གསུམ་གྱི་གཤེན་རབ་ལ་མཆོད་པ་དང་། བསྟོད་པ་དང་། རྣམ་ལྔ་དང་། སྔགས་འདི་བརྗོད་དོ། །ཨཱོྃ་བསྭོ་རཀྵ་ཁྲི་བར་དུ་ཏྲི་སུ་བྷྱོ་ཡ་བྷ་ལིང་ཐིམ་ཐིམ་ཞི་ཞི་སྭཱ་ཧཱ། དེ་ནས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལན་བརྒྱད་ཅུ་རྩ་ལྔ་བཀླག་ན་བསྐལ་པ་ཆེན་པོ་བརྒྱད་ཅུ་རྩ་ལྔའི་སྒྲིབ་པ་ལས་ཐར་པར་འགྱུར་རོ། །རབ་ཏུ་ཐར་པར་འགྱུར་རོ། །ཤིན་ཏུ་ཐར་པར་འགྱུར་རོ། །ཕྱི་རབས་ཀྱི་སེམས་ཅན་སྡིག་པོ་ཆེ་རྣམས་ལ་གདམས་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།གཡུང་དྲུང་ལྷའི་སྐད་དུ་ན། གྱེར་ཞི་ལོ་སྔ་སད་ཏྲ་དྲུང་མུ་ཝེར་སྤུངས་དེ་མ་ཧོ། བོད་སྐད་དུ། སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཤིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་པོ་ཆེ་སྤུངས་པའི་སྟེང་ན་བཞུགས་ཏེ། འཁོར་གྱི་དམ་པ་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་ཐབས་གཅིག་ཏུ་བཞུགས་ནས་དོན་ཟབ་མོ་སྙིང་རྗེ་རྣམ་པར་རོལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །དེའི་ཚེ་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། སེམས་ཅན་གང་ལ་ལ་ཞིག་གིས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལ་ཇི་ལྟར་བསླབ་པར་བགྱི། ཞེས་ཞུས་སོ། །སྟོན་པས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། སེམས་ཅན་གང་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིགས་དྲུག་ཐར་ལམ་གྱི་མདོ་འདི་ལ་བསླབ་པར་འདོད་ན། དུག་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་དུལ་བར་བྱའོ། །སེམས་སྟོང་པ་ཉིད་དུ་ཤེས་པར་བྱའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ཀྱང་སེམས་ཉིད་དོ། །སེམས་ཉིད་ཀྱང་གཟུགས་ལ་བརྟེན་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་ཏེ། རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །བོན་ཐམས་ཅད་སྟོང་པ་ཉིད་དོ། །སེམས་ཉིད་ཀྱང་སྟོང་པ་ཉིད་དོ། །ཚད་མེད་དོ། །མཚན་མ་མེད་དོ། །མཚན་ཉིད་མེད་དོ། །མ་སྐྱེས་པ། མ་འགག་པ། དྲིལ་དུ་མེད་པ། དབྱེར་མེད་པ། བྲིར་མེད་པ། གང་བ་མེད་པའོ། །ཞེས་གསུངས་སོ། །ཡང་གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ་ཞུས་པ། སྟོན་པ་ལགས། ་བོན་དང་གཟུགས་སྟོང་པར་འཛིན་པ་ཅིའི་ཕྱིར་ལགས། སྟོན་པས་འཆི་མེད་གཙུག་ཕུད་ལ་བཀའ་སྩལ་པ། སེམས་ལ་གང་བ་མེད་པས་བོན་ལ་གཟུགས་སུ་མེད། འཆི་མེད་གཙུག་ཕུད་དེའི་ཕྱིར་ན་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་མེད། བོན་མེད། མིག་གི་རྣམ་པར་ཤེས་པ་མེད། རྣ་བའི་རྣམ་པར་ཤེས་པ་མེད། སྣའི་རྣམ་པར་ཤེས་པ་མེད། ལྕེའི་རྣམ་པར་ཤེས་པ་མེད། ལུས་ཀྱི་རྣམ་པར་ཤེས་པ་མེད། ཡིད་ཀྱི་རྣམ་པར་ཤེས་པ་མེད།
      • མིག་གི་འདུས་ཏེ་རེག་པ་མེད་པ་དང་། རྣ་བའི་འདུས་ཏེ་རེག་པ་མེད། སྣའི་འདུས་ཏེ་རེག་པ་མེད། ལྕེའི་འདུས་ཏེ་རེག་པ་མེད། ལུས་ཀྱི་འདུས་ཏེ་རེག་པ་མེད། ཡིད་ཀྱི་འདུས་ཏེ་རེག་པ་མེད། མིག་གི་འདུས་ཏེ་རེག་པ་ཤེས་པའི་རྐྱེན་གྱིས་ཚོར་བ་མེད། རྣ་བའི་འདུས་ཏེ་རེག་པ་ཤེས་པའི་རྐྱེན་གྱིས་ཚོར་བ་མེད། སྣའི་འདུས་ཏེ་རེག་པ་ཤེས་པའི་རྐྱེན་གྱིས་ཚོར་བ་མེད། ལྕེའི་འདུས་ཏེ་རེག་པ་ཤེས་པའི་རྐྱེན་གྱིས་ཚོར་བ་མེད། ལུས་ཀྱི་འདུས་ཏེ་རེག་པ་ཤེས་པའི་རྐྱེན་གྱིས་ཚོར་བ་མེད། ཡིད་ཀྱི་འདུས་ཏེ་རེག་པ་ཤེས་པའི་རྐྱེན་གྱིས་ཚོར་བ་མེད། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མེད། རླུང་གི་ཁམས་མེད། མེའི་ཁམས་མེད། ཆུའི་ཁམས་མེད། སའི་ཁམས་མེད། ནམ་མཁའི་ཁམས་མེད། རྣམ་པར་ཤེས་པའི་ཁམས་མེད། དེའི་ཕྱིར་ན་མ་རིག་པ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེད་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ཡང་མེད་དོ། །དེའི་ཕྱིར་ན། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་དང་། མི་རྟག་པ་དང་། འཁོར་བ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། ཀུན་འབྱུང་བ་ཡང་མེད་དོ། །དེའི་ཕྱིར་ན། སྦྱིན་པའི་བླ་ན་མེད་པར་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་བླ་ན་མེད་པར་ཕྱིན་པ་དང་། བཟོད་པའི་བླ་ན་མེད་པར་ཕྱིན་པ་དང་། བརྩོན་འགྲུས་ཀྱི་བླ་ན་མེད་པར་ཕྱིན་པ་དང་། བསམ་གཏན་གྱི་བླ་ན་མེད་པར་ཕྱིན་པ་དང་། སྟོབས་ཀྱི་བླ་ན་མེད་པར་ཕྱིན་པ་དང་། སྙིང་རྗེའི་བླ་ན་མེད་པར་ཕྱིན་པ་དང་། སྨོན་ལམ་གྱི་བླ་ན་མེད་པར་ཕྱིན་པ་དང་། ཐབས་ཀྱི་བླ་ན་མེད་པར་ཕྱིན་པ་དང་། ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་ཡང་མེད་དོ། །དེའི་ཕྱིར་ན། ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་།  དོན་དམ་པ་སྟོང་པ་ཉིད་དང་།  རང་བཞིན་སྟོང་པ་ཉིད་དང་། རང་བཞིན་མེད་པ་སྟོང་པ་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། བོན་ཐམས་ཅད་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མེད་དོ། །དེའི་ཕྱིར་ན། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་རྣམས་དང་། སྟོབས་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཤེན་རབ་ཀྱི་ལམ་བཞི་དང་། མི་འཇིགས་པའི་སྟོབས་རྣམས་དང་། ཐར་བའི་ལམ་བརྒྱད་དང་། ཕྱིར་མི་ལྡོག་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ཚད་མེད་པ་བཞི་དང་། གཡུང་དྲུང་གི་བོན་ཕྱེ་བ་མེད་པ་ལ་མ་འདྲེས་པ་དགུ་དང། ཡང་དག་པའི་རིག་པ་ཉིད་དང་། གཡུང་དྲུང་གི་ཡན་ལག་དགུ་དང་། གཤེན་རབ་ཀྱི་བདེན་པ་བཞི་དང་། སོ་སོར་ཡང་དག་པའི་རིག་པ་བཞི་དང་། མི་བསྙེལ་བའི་གཟུངས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མཚན་མ་མེད་པ་ལ་སྙོམས་པར་འཇུག་པ་བཞི་དང་། རྒྱུན་དུ་གནས་པའི་ཐུགས་རྗེ་བཞི་དང་། བོན་གཡུང་དྲུང་གི་དབྱིངས་ཐམས་ཅད་དང་། བོན་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ངང་ཉིད་དང་། འཛིན་ཆགས་མེད་པའི་བདེ་བ་དང་། འཁྲུལ་པ་མེད་པའི་གསལ་བ་དང་། དྲི་མ་མེད་པའི་ནོར་བུ་དང་། ཕྱིར་མི་ལྡོག་པའི་འབྲས་བུ་དང་། དྲི་མ་དང་བྲལ་བའི་བོན་ཉིད་དང་། རྟོགས་པ་ཆེན་པོའི་ལྟ་བ་དང་། བསྲུང་དུ་མེད་པའི་དམ་ཚིག་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་། རྣམ་པར་དག་པའི་སྤྱོད་པ་དང་། སྙོམས་པར་གནས་པའི་ངང་ཉིད་དང་། སྒོམ་པ་གསལ་བའི་ཏིང་འཛིན་དང་། འགྱུར་བ་མེད་པའི་སྐུ་དང་། རང་བཞིན་མེད་པའིི་གསུང་དང་། མཉམ་ཉིད་འཁྲུལ་པ་མེད་པའི་ཐུགས་དང་། ལེགས་པར་འབྱུང་བའི་ཡོན་ཏན་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་དང། སོ་སོར་གསལ་བ་རིན་པོ་ཆེ་དང་། ཐར་པ་ཆེན་པོའི་ལམ་དང་། དེ་བཞིན་ཉིད་ཀྱི་བདེན་པ་དང་། གཉིས་སུ་མེད་པའི་ཐིག་ལེ་གཅིག་ལ་བཞག་པར་བྱའོ། །དེའི་ཕྱིར་ན་དམིགས་སུ་མེད་པའོ། །སྟོང་པ་ཉིད་མེད། བོན་དང་སྟོང་པ་ཉིད་ཀྱང་དེ་བཞིན་ནོ། །དེའི་ཕྱིར་ན། སེམས་ཉིད་ཀྱང་དེ་བཞིན་ནོ། །མིག་གི་ཁམས་མེད། བོན་གྱི་ཁམས་མེད། ཡིད་དང་བོན་ཡང་དེ་བཞིན་ནོ། །རིག་པ་མེད། མ་རིག་པ་མེད། མ་རིག་པ་ཟད་པའི་བར་དུ་མེད། མ་རིག་པ་དང་བོན་ཡང་དེ་བཞིན་ནོ། །རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་བོན་ཡང་དེ་བཞིན་ནོ། །ཤེས་པ་དང་མ་རིག་པ་ཡང་དེ་བཞིན་ནོ། །རྒྱུ་དང་འབྲས་བུ་ཡང་དེ་བཞིན་དུ་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་དྲུག་ཐར་ལམ་གྱི་མདོ་འདི་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྐྱེ་བ་མེད་པས་བོན་ལ་འགག་པ་མེད། སེམས་ལ་དམྱལ་བ་མེད་པས་བོན་ལ་མཐོ་རིས་མེད། དེའི་ཕྱིར་ན། དུས་གསུམ་དུ་བཞུགས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱང་། རིགས་དྲུག་ཐར་ལམ་གྱི་མདོ་འདི་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བསླབ་བོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྙིང་པོ་ནི། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་ས་ལེ་འོད་ཁྲི་དུར་རུ་ཏྲ་ནག་པོ་ཞི་ཞི་སྭཱ་ཧཱ། སེམས་ཅན་མ་སྨིན་པ་རྣམས་སྨིན་པའི་སྔགས། དུག་ལྔ་མ་གྲོལ་བ་རྣམས་གྲོལ་བའི་སྔགས། ཐར་པ་མ་ཐོབ་པ་རྣམས་ཐོབ་པའི་སྔགས། སྡུག་བསྔལ་བ་རྣམས་བདེ་གནས་རྙེད་པའི་སྔགས། རིགས་དྲུག་ཐར་པར་འདྲེན་པའི་སྔགས། བླ་ན་མེད་པའི་གོ་འཕང་མངོན་དུ་སྒྲུབ་པའི་སྔགས། ཤིན་ཏུ་སྡིག་པོ་ཆེ་རྣམས་འདྲེན་པའི་སྔགས་སོ། །ཞེས་གསུངས་སོ། །གཤེན་འཆི་མེད་གཙུག་ཕུད་ཀྱིས་སྟོན་པ་ལ། ལེགས་སོ། །ལེགས་སོ། །རབ་ཏུ་ལེགས་སོ། །ཤིན་ཏུ་ཡང་ལེགས་སོ། །ངས་ཀྱང་ཕྱི་རབས་ཀྱི་སེམས་ཅན་རྣམས་དེ་བཞིན་དུ་བཀྲིད་དྲང་བྱའོ། །ཞེས་སྟོན་པ་ལ་བསྟོད་པ། མ་རྨོངས་ཐུགས་ལ་གསལ་བའི་སྟོན་པ་ལགས། །སེམས་ཅན་ཉོན་མོངས་རྣམས་ཀྱིས་གསོལ་བ་འདེབས། །བདག་ཀྱང་ཁྱེད་ཀྱི་བཀའ་བཞིན་བགྱིད་པ་ལགས། །ཐམས་ཅད་མཁྱེན་པའི་སྟོན་པ་ཁྱེད་ལ་བསྟོད། །ཅེས་གུས་ཕྱག་ལན་གསུམ་ཕུལ་ནས་ཕྱོགས་གཅིག་ཏུ་འདུག་གོ །དེའི་ཚེ་འཁོར་གྱི་དམ་པ་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་། ལྷ་གཤེན་བརྒྱ་དང་། ལྷ་མོ་སུམ་བརྒྱ་དང་། ཡེ་གཤེན་གཡུང་དྲུང་སེམས་དཔའ་བཅུ་གསུམ་དང་། རིགས་དྲུག་འདུལ་བའི་གཤེན་དྲུག་དང་། ཐར་ལམ་འབྱེད་པའི་ལྷ་རྣམས་དང་། དེ་ལ་སོགས་ཏེ། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་སྟོན་པས་གསུངས་པ་ལ་མངོན་པར་བསྟོད་དོ། །རིགས་དྲུག་ཐར་ལམ་གྱི་མདོ་རྫོགས་སོ།།  །།

རིགས་དྲུག་ཐར་ལམ་གྱི་མདོ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་ལ། ཞུ་འཁོར་འཆི་མེད་གཙུག་ཕུད་དང་། ཚངས་པ་གཙུག་ཕུད་དང་། ཉན་འཁོར་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་། གཤེན་ཕྲན་ལྔ་སྟོང་ལྔ་བརྒྱ་དང་། དད་འཁོར་དང་སྦྱིན་འཁོར་དང་བཅས་པ་རྣམས་ཀྱིས་ཞུས་ནས། དེས་སྟོད་ཀྱི་བླ་མ་ཆེ་དྲུག་ལ་རིམ་བཞིན་བརྒྱུད། དེས་བར་གྱི་གདུང་བརྒྱུད་བཅུ་གསུམ་ལ་རིམ་པར་བརྒྱུད། དེས་སྨད་ཀྱི་མཁས་པ་མི་བཞི་ལ་རིམ་པར་བརྒྱུད། དེས་མཁས་པ་ཉི་ཤུ་རྩ་ལྔ་ལ་རིམ་པར་བརྒྱུད། དེས་སྒྲུབ་གཤེན་མཁས་པ་བཞི་བཅུ་ཞེ་བརྒྱད་ལ་རིམ་བཞིན་བརྒྱུད། དེ་རྣམས་ཀྱི་རིང་ལ་ཕྱི་དུས་བསྟན་པ་དར་བའི་སྨོན་ལམ་བཏབ་ནས་གཙང་པོ་ནུ་མའི་བྲག་ལ་གཏེར་དུ་སྦས། ཕྱིས་སུ་སྨོན་ལམ་སྟོབས་ཀྱིས་ཡེ་ཤེས་དབལ་མོས་ལུང་བསྟན་ནས། གཉེན་སྟོན་ཤེས་རབ་རྡོ་རྗེས་གཏེར་ཞལ་ཕྱེས་ཤིང་གདན་དྲང་ནས་རིམ་པར་བརྒྱུད་པའོ། །  ཞུས་བསྒྲིགས་ཚན་པའི་གསལ་བཤད།  བླ་ཁྲི་ལྷ་སྡེའི་ནང་གི་གཟའ་མི་གང་རུང་འཆི་ཚེ་ཡུལ་མི་ཐུན་མོང་གིས་ཐར་སྐྱེ་གྲོལ་གསུམ་རྡོ་ལ་བརྐོ་རྒྱུའི་ལུགས་སྲོལ་ཡོད་པས། ཐར་མདོའི་རྡོ་དཔེ་དག་པོ་མེད་པར་བརྟེན། ད་ལན་ངེད་བླ་ཁྲི་བཤད་གྲྭའི་དགེ་སློབ་འགའ་ལ་དག་བཅོས་དགོས་པའི་རེ་བཅོལ་བཞིན།  ཁྱེའུ་གཉེན་འཐིང་གིས་གཏེར་ཞལ་ཕྱེས་པའི་རིགས་དྲུག་ཐར་ལམ་གྱི་མདོ་དང་།  གཡུ་ལོ་དཀར་པོས་གཏེར་ཞལ་ཕྱེས་པའི་རིགས་དྲུག་ཐར་ལམ་གྱི་མདོ་གཉིས་ཡོད་པ་ལས།  འདིར་ཁྱེའུ་གཉེན་འཐིང་གི་གཏེར་མ་རིགས་དྲུག་ཐར་ལམ་གྱི་མདོ་ཉིད་མ་དཔེ་མི་འདྲ་གསུམ་ཙམ་རྙེད་སོན་བྱུང་བ་ལ་དཔེ་ཁྲིད་དང་འཆད་ཚོགས་ཀྱི་བར་གསེང་གི་དུས་ཚོད་རྣམས་བེད་སྤྱད་དེ་དག་བཅོས་དང་ཞིབ་བསྡུར་གང་ལེགས་བྱས་ཡོད་པའི་ཁུལ་ཡིན་ཀྱང་། ད་དུང་མིག་བར་ནས་ལྷག་ལུས་ཤོར་བ་དང་། མ་རྟོགས་པའི་དབང་གིས་ནོར་འཆུག་ཅི་རིགས་ཡོད་སྲིད་པས་དེ་ལུགས་མཁྱེན་ལྡན་རྣམས་ཀྱིས་དག་བཅོས་དང་ལམ་སྟོན་གནང་རོགས་ཞུ་རྒྱུ་དང་། མ་ཟད་ན་གཞོན་ལྷག་བསམ་དང་ཤེས་ཡོན་ཅན་གསང་སྔགས་བསྟན་འཛིན་གྱིས་རྩིས་འཕྲུལ་ནང་ཡི་གེ་བཏགས་རྒྱུ་དང་དཔེ་བསྡུར། པར་བསྐྲུན་གྱི་ཕྱག་ལས་གནང་བ་སོགས་ལ་བླ་ཁྲིའི་མི་མང་གི་ཚབ་བྱས་ཏེ་ཁོང་ལ་ཐུགས་རྗེ་ཆེ་ཞུ་ཞུ། ། ༢༠༡༧ ༡༡  ༡༨  བླ་ཁྲི་མི་མང་གིས་འགྲོ་གྲོན་གཏོང་སྟེ་ཚར་གྲངས་༢༠༠ ཐམ་པ་པར་བསྐྲུན་ཞུས་པའོ། །བླ་ཁྲི་ལྷ་སྡེའི་ནང་གི་གཟའ་མི་གང་རུང་འཆི་ཚེ་ཡུལ་མི་ཐུན་མོང་གིས་ཐར་སྐྱེ་གྲོལ་གསུམ་རྡོ་ལ་བརྐོ་རྒྱུའི་ལུགས་སྲོལ་ཡོད་པས། ཐར་མདོའི་རྡོ་དཔེ་དག་པོ་མེད་པར་བརྟེན། ད་ལན་ངེད་བླ་ཁྲི་བཤད་གྲྭའི་དགེ་སློབ་འགའ་ལ་དག་བཅོས་དགོས་པའི་རེ་བཅོལ་བཞིན།  ཁྱེའུ་གཉེན་འཐིང་གིས་གཏེར་ཞལ་ཕྱེས་པའི་རིགས་དྲུག་ཐར་ལམ་གྱི་མདོ་དང་།  གཡུ་ལོ་དཀར་པོས་གཏེར་ཞལ་ཕྱེས་པའི་རིགས་དྲུག་ཐར་ལམ་གྱི་མདོ་གཉིས་ཡོད་པ་ལས།  འདིར་ཁྱེའུ་གཉེན་འཐིང་གི་གཏེར་མ་རིགས་དྲུག་ཐར་ལམ་གྱི་མདོ་ཉིད་མ་དཔེ་མི་འདྲ་གསུམ་ཙམ་རྙེད་སོན་བྱུང་བ་ལ་དཔེ་ཁྲིད་དང་འཆད་ཚོགས་ཀྱི་བར་གསེང་གི་དུས་ཚོད་རྣམས་བེད་སྤྱད་དེ་དག་བཅོས་དང་ཞིབ་བསྡུར་གང་ལེགས་བྱས་ཡོད་པའི་ཁུལ་ཡིན་ཀྱང་། ད་དུང་མིག་བར་ནས་ལྷག་ལུས་ཤོར་བ་དང་། མ་རྟོགས་པའི་དབང་གིས་ནོར་འཆུག་ཅི་རིགས་ཡོད་སྲིད་པས་དེ་ལུགས་མཁྱེན་ལྡན་རྣམས་ཀྱིས་དག་བཅོས་དང་ལམ་སྟོན་གནང་རོགས་ཞུ་རྒྱུ་དང་། མ་ཟད་ན་གཞོན་ལྷག་བསམ་དང་ཤེས་ཡོན་ཅན་གསང་སྔགས་བསྟན་འཛིན་གྱིས་རྩིས་འཕྲུལ་ནང་ཡི་གེ་བཏགས་རྒྱུ་དང་དཔེ་བསྡུར། པར་བསྐྲུན་གྱི་ཕྱག་ལས་གནང་བ་སོགས་ལ་བླ་ཁྲིའི་མི་མང་གི་ཚབ་བྱས་ཏེ་ཁོང་ལ་ཐུགས་རྗེ་ཆེ་ཞུ་ཞུ། ། ༢༠༡༧ ༡༡  ༡༨  བླ་ཁྲི་མི་མང་གིས་འགྲོ་གྲོན་གཏོང་སྟེ་ཚར་གྲངས་༢༠༠ ཐམ་པ་པར་བསྐྲུན་ཞུས་པའོ། །

2EE30AA1-7BC4-45A3-911C-CF09DC378142-1-2048x1536-oriented.png

©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 159,117评论 4 362
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 67,328评论 1 293
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 108,839评论 0 243
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 44,007评论 0 206
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 52,384评论 3 287
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 40,629评论 1 219
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 31,880评论 2 313
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 30,593评论 0 198
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 34,313评论 1 243
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 30,575评论 2 246
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 32,066评论 1 260
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 28,392评论 2 253
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 33,052评论 3 236
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 26,082评论 0 8
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 26,844评论 0 195
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 35,662评论 2 274
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 35,575评论 2 270

推荐阅读更多精彩内容