ལེགས་བཤད་ལམ་གྱི་རིམ་པའི་འགྲེལ་བ་ལེགས་ཉེས་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།

图片发自简书App


ལེགས་བཤད་ལམ་གྱི་རིམ་པའི་འགྲེལ་བ་ལེགས་ཉེས་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།

ཉག་གཅིག་དོན་རྟོགས་སྟོན་པ་རྫོགས་སངས་རྒྱས། །

བདེན་གཉིས་ཟུང་འབྲེལ་ལུང་རྟོགས་འཕྲུལ་ངག་བོན། །

ས་གསུམ་རིམ་བགྲོད་གཤེན་རབ་སེམས་དཔའ་སྟེ། །

གནས་བཞི་ཀུན་འདུས་བསོད་གཡུང་བླ་མར་བསྟོད། །

འདི་ན་གཤེན་གྱི་ལེགས་བཤད་ལམ་རིམ་གྱི། །

འགྲེལ་བ་ལེགས་ཉེས་གསལ་བའི་མེ་ལོང་ཞེས། །

རང་གཞན་སྐལ་ལྡན་དགྱེས་པའི་གཏམ་བཟང་ཞིག །

སྤྲོ་འདིར་བསྟན་སྲུང་རྒྱ་མཚོའི་སྐྱོངས་ཤིག་ཀྱེ། །

ལེགས་བཤད་དུག་དུ་མཐོང་བའི་རིགས་རྣམས་ལ། །

འཆད་པའི་དགོས་པ་ཉིན་སྐར་དངོས་ཡིན་མོད། །

གང་ཞིག་ལེགས་པའི་ལམ་དུ་འཇུག་འདོད་རྣམས། །

དགའ་དད་མོས་པའི་ངང་ནས་འདིར་འཇུག་འཚལ། །

དེ་ལྟར་ལེགས་བཤད་ལམ་གྱི་རིམ་པ་ཞེས་བྱ་བ་ཚིག་བར་བདུན་ལ་ཤད་བར་དུ་བགྱིས་པ་ཤོ་ལོ་ཀ་དྲུག་ཅུ་རྩ་བརྒྱད་པ་ཞེས་གཞུང་འདིའི་མཚན་སྨོས་ཤིང་།    དེ་ཡང་ལེགས་བཤད་ནི་ལེགས་པར་བཤད་པ་སྟེ་བླང་དོར་གྱི་གནས་མ་འཁྲུལ་བར་འཆད་པའོ།  ལམ་གྱི་རིམ་པ་ཞེས་དོན་གྱི་སྒོ་ནས་བཏགས་པ་སྟེ།    ལེགས་བཤད་འདི་ཉམས་སུ་བླང་བ་ལ་བསྟེན་ནས་འཁོར་བར་ཞེན་པ་ལོག།  ཐར་པར་ངེས་འབྱུང་སྐྱེ།  ཡུལ་ཁྱད་པར་ཅན་ལ་དད་པ་དང་འགྲོ་ལ་སེམས་བསྐྱེད།  བདག་མེད་རྟོགས་པའི་ཤེས་རབ་སོགས་རྒྱུད་ལ་སྐྱེ་ནས་ཐར་པའི་ལམ་བགྲོད་པར་བྱ་བའི་ཕྱིད་དུའོ།  དེ་ལྟའི་ལེགས་བཤད་དེ་ཡང་ཚིག་བར་བདུན་རེ་ལ་ཤད་བར་དུ་བགྱིས་པ་དང་།  ཤད་བར་བཞི་ལ་ཤོ་ལོ་ཀ་རེ་སྟེ་ཤོ་ལོ་ཀ་དྲུག་ཅུ་རྩ་བརྒྱད་པ་ཞེས་གྲངས་ཀྱི་སྒོ་ནས་མཚན་སྨོས་པ་དེ་ཉིད་ལ་འགྲེལ་བ་ལེགས་ཉེས་གསལ་བའི་མེ་ལོང་ཞེས་ཅུང་ཙམ་སྤྲོ་བར་འདོད་པ་ལ།   

དེ་ཡང་སྤྱི་འགྲོས་ལྟར་གཞུང་འདི་ལ་ཡང་གསུམ་སྟེ།  སྔོན་འགྲོ་ཀླད་ཀྱི་དོན་དང་།    དངོས་གཞི་གཞུང་གི་དོན།    རྗེས་བྱ་མཇུག་གི་དོན་ནོ།    དང་པོ་ལ་གསུམ་ལས།      དང་པོ་ལ།

༧ དྲི་མེད་སྐུ་སྟེ་ཤེས་བྱ་མཁྱེན། །

  འཕྲུལ་ངག་བདེན་པའི་ཐར་ལམ་སྟོན། །

  ཉོན་ཤེས་བྱང་སྦྱོང་འགྲོ་ལ་བརྩེ། །

  སྐྱབས་གནས་གསུམ་ལ་ཕྱག་འཚལ་ལོ། །

ཞེས་པ་སྟེ།    ཡེ་ནས་སྐྱོན་དང་དྲི་མ་མེད་པའི་སྐུ་མངའ་ཞིང་ཤེས་བྱ་ཐམས་ཅད་ཇི་ལྟ་ཇི་སྙེད་མཁྱེན་པ་སྟེ་རྫོགས་པའི་སངས་རྒྱས་དང་།      འཕྲུལ་དང་འདྲ་བའི་ངག་འདིས་ནི་བསླུ་བར་མི་འགྱུར་ཞིང་བདེན་པའི་སྒོ་ནས་ཐར་པའི་ལམ་སྟོན་པར་བྱེད་དེ་དེ་ནི་ལུང་རྟོགས་གཉིས་ཀྱི་བསྡུས་པའི་གཡུང་དྲུང་གི་བོན་དང་།

སྒྲིབ་པ་གཉིས་ཏེ་ཉོན་མོངས་པའི་སྒྲིབ་པ་བྱང་ཞིང་ཤེས་བྱའི་སྒྲིབ་པ་སྦྱོང་ཀྱིན་མཆིས་ཤིང་འགྲོ་བ་ལ་སེམས་རབ་ཏུ་བརྩེ་བའི་རྒྱལ་སྲས་གཡུང་དྲུང་སེམས་དཔའི་ཚོགས་སྟེ།    སྐྱབས་གནས་དཀོན་མཆོག་གསུམ་ལ་སྒོ་གསུམ་གུས་པས་སྒོ་ནས་རང་ཉིད་ཀྱི་མ་དག་པའི་སྡིག་སྒྲིབ་ཡོད་དོ་ཅག་ཕྱག་པར་འཚལ་ལོ་ཞེས་

སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པའོ།    དེ་ལྟར་བརྗོད་པ་ལ་དགོས་པ་ཡོད་དེ།    སྐྱབས་གནས་ཀྱིས་རྗེས་སུ་འཛིན་པ།    དམ་གོང་མའི་ལུགས་དང་མཐུན་པ།    བསྟན་བཅོས་རྩོམ་པ་ལ་བར་ཆད་མི་འབྱུང་བ་སོགས་ཡིན་ནོ།

གཉིས་པ་ལ།

༧ བློ་གྲོས་ལྡན་པའི་ཤེས་རབ་ཀྱིས། །

    མི་ཤེས་བློ་མུན་རབ་རིབ་བསལ། །

    སྙན་པའི་ངག་དང་ཚིག་བསྡེབས་ནས། །

    གཞན་ཕན་ཕྱིར་དུ་ལེགས་པར་བཤད། །

ཞེས་པ་སྟེ།      བློ་གྲོས་དང་ལྡན་པའི་གང་ཟག་དེས་རང་ཉིད་ཀྱི་ལེགས་ཉེས་བླང་དོར་ལ་མ་རྨོངས་པའི་ཤེས་རབ་ལ་བསྟེན་ནས།    རང་རྒྱུད་ཀྱི་སྤང་བླང་མི་ཤེས་པའི་བློ་ཡི་མུན་པ་སྟེ་དྲི་མ་དང་འདྲ་བའི་རབ་རིབ་རྣམས་བསལ་བའམ་མེད་པར་བྱེད་པ་ཡིན་ཀྱི།    དེས་ན་ཁོ་བོས་ཀྱང་སྙན་པའི་ངག་དང་ཚིག་ལྷན་དུ་བསྡེབས་ནས།    གཞན་དག་ལ་ཕན་པའི་ཕྱིར་དུ་བླང་དོར་གྱི་གནས་གསལ་བར་ལྟོན་པའི་ལེགས་བཤད་ཅིག་འདི་ནས་འཆད་པའམ་འབྲི་བར་བྱའོ་ཞེས་བཤད་པར་དམ་བཅས་པའོ།      དེ་ལ་ཡང་དགོས་པ་ཡོད་དེ།    བཤད་པ་མཐར་ཕྱིན་པ་དང་།  རྩོམ་པ་ལེ་ལོའི་དབང་དུ་མི་འཆོར་བ།    དགེ་བ་ཡང་དག་འགྲུབ་པ་བཅས་ཡོད་དོ།

གསུམ་པ་ནི།

༧ ཆུ་ཤེལ་ལས་གྲུབ་བསིལ་ལྡན་པས། །

    ཆུ་སྐྱེས་པད་མོའི་ཁ་འབྱེད་ལྟར། །

    སངས་རྒྱས་བཀའ་དང་དམ་པའི་ལུང་། །

    དེས་ནི་བློ་གསལ་ཤེས་རབ་འབྱེད། །

ཞེས་པ་སྟེ།    ཆུ་ཤེལ་ལས་གྲུབ་ཅིང་བསིལ་བ་དང་ལྡན་པ་སྟེ་ཟླ་བའི་མངོན་བརྗོད་དུ་བྱ་ཞིང་།    དེ་འདྲའི་ཟླ་བ་དེ་ཉིད་ཀྱིས་ཆུ་སྐྱེས་ཏེ་མེ་ཏོག་པད་མོའི་ཁ་འབྱེད་པར་བྱེད་པ་ལྟར་དུ།    རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་རྗེས་འཇུག་འཕགས་མཆོག་དམ་པ་དག་གི་ལུང་དེ་དག་གིས་ནི།    བློ་གསར་རྣམས་ཀྱི་བློ་སྒོའམ་ཤེས་རབ་ཀྱི་སྒོ་མོ་འབྱེད་པར་བྱེད་པས།    དེས་ན་ཁོ་བོས་འདིར་ཡང་བློ་གསར་གྱི་ཤེས་རབ་འབྱེད་པའི་བཀའ་ལུང་དག་གི་ཉིང་བཅུད་ལེགས་པར་བཤད་པ་ཡིན་པས།    བློ་གསར་རྣམས་དགའ་དད་མོས་པའི་སྒོ་ནས་འཇུག་པར་ཤིན་ཏུ་གཅེས་པའོ་ཞེས་ཤུགས་ལ་བློ་ལྡན་ཉན་པར་བསྐུལ་བའོ།      དགོས་པ་ནི།    གདུལ་བྱ་ལམ་ལ་འཁྲིད་པ་དང་།    བརྩམ་པ་དོན་ཡོད་འགྱུར་བ་སོགས་ཡོད་དོ།    དོན་དང་པོ་ཀླད་ཀྱི་དོན་བསྟན་པའོ།

གཉིས་པ་གཞུང་གི་དོན་བཅུ་གཉིས་ལས།    དང་པོ་བླ་མ་བསྟན་པ་ལ།

༧  ཆུ་བོ་ཆེན་པོ་བསྟེན་བྱས་ན། །

    སྐོམ་པའི་གདུང་བ་སེལ་བཞིན་དུ། །

    བླ་མ་དམ་པ་བསྟེན་བྱས་ན། །

    གདམས་ངག་འདོད་པའི་གདུང་བ་སེལ། །

ཞེས་པ་སྟེ།    གང་ཞིག་གང་ཟག་སྐོམ་པའི་གདུང་བ་ཞིག་གི།    ཚ་གདུང་སེལ་བར་བྱེད་པའི་ཆུ་བོ་ཆེན་པོ་དེ་བཏུང་བའམ་བསྟེན་པར་བྱས་ན།  ཁ་སྐོམ་པའི་གདུང་བ་དེ་ཉིད་སེལ་བར་བྱེད་པ་ནང་བཞིན་ཏུ།    ངན་སོང་འཁོར་བའི་གནས་ལས་ཐར་ནས་མཐོ་རིས་ཐར་པའི་གོ་འཕངས་ཐོབ་པར་བྱེད་པའི་གདམས་པ་ཟབ་མོ་འདོད་པའི་སྐྱེ་བུ་དེ་ཉིད་ཀྱི།    སྲིད་ཞི་གཉིས་ཀྱི་བླ་རུ་གྱུར་ཅིང་ཁམས་གསུམ་སེམས་ཅན་ལ་མ་ལྟར་བྱམས་པའི་བླ་མ་དམ་པ་དེ་ལ་བསྟེན་པར་བྱས་ན།

གདམས་ངག་ཟབ་མོ་འདོད་པའི་གདུང་བ་དེ་མྱུར་དུ་སེལ་བར་བྱེད་དོ།

༧ ལྗོན་ཤིང་ལ་བསྟེན་དབྱི་མོང་དེ། །

    དེ་ཉིད་གར་སྐྱེས་དེ་ཡིས་སླེབ། །

    བླ་མ་ལ་བསྟེན་གང་ཟག་དེ། །

    ཡོན་ཏན་རིམ་པ་དེ་བཞིན་འབྱུང་། །

ཞེས་པ་སྟེ།    དབྱི་མོང་ངམ་འཁྲིལ་ཤིང་དེ་ཉིད་ཤིན་ཏུ་སྐྱེ་སྟོབས་ཆེ་ན་ཡང་ལྗོན་ཤིང་གཞན་ཞིག་ལ་མ་བསྟེན་ན་སྐྱེ་མི་ཐུབ་ཅིང་།    གལ་ཏེ་གཞན་ཞིག་ལ་བསྟེན་ན་དེ་འདྲའི་དབྱི་མོང་དེ་ལྗོན་ཤིང་གཞན་དེ་གར་ཙམ་སྐྱེས་ཀྱང་དེ་དང་མཉམ་པོར་སླེབ་ཐུབ་པའམ་སྐྱེས་ཐུབ་པ་བཞིན་ཏུ།    བླ་མ་དམ་པ་ལ་བསྟེན་པའི་གང་ཟག་དེ་ཡང་།      ཡོན་ཏན་གྱི་རིམ་པ་ཡང་དམ་པ་དེ་ནང་བཞིན་ཅིག་འབྱུང་ཐུབ་པ་བསྟན་པའོ།

༧ པད་མོའི་ཚོགས་ལ་སྦྲང་རྩི་གནས། །

    མོས་པའི་བུང་བ་དེ་ལ་འཁོར། །

    སྐྱེས་བུ་དམ་པ་ཡོན་ཏན་མཛོད། །

    དད་ལྡན་བློ་གསལ་དེ་ལ་འཁོར། །

ཞེས་པ་སྟེ།    དེ་ཡང་མེ་ཏོག་པད་མོའི་ཚོགས་ལ་རྩི་བཅུད་དམ་སྦྲང་རྩི་གནས་ཤིང་།    རྩི་བཅུད་རྔུབ་པའམ་འཐུང་བར་མོས་པའི་སྦྲང་མའི་ཁྱུ་ཚོགས་པད་མོ་དེ་ལ་ཡང་ཡང་འཁོར་བ་ལྟར་དུ།    སྐྱེས་བུ་དམ་པ་སྟེ་བླ་མ་དེ་ཉིད་ནི་རིག་གནས་ཡོན་ཏན་ཀུན་གྱི་མཛོད་དང་འདྲ་བའི།    ཡུལ་ཁྱད་པར་ཅན་དང་ཐར་ལམ་སྟོན་བྱེད་ཀྱི་གདམས་པ་ཟབ་མོ་དག་ལ་དད་པ་དང་ལྡན་ཞིང་།    ཐོས་བསམ་གྱི་ཤེས་རབ་མངའ་བའི་བློ་གསལ་རྣམས་ནི་མཚན་ལྡན་བླ་མ་དམ་པ་ལ་མོས་ཤིང་འཁོར་བར་གྱུར་ཡོད་པའོ།

༧ དྲི་ཞིམ་སྨན་གྱི་སྡོང་པོ་ལ། །

    དྲི་ངན་ངང་གི་མི་གནས་བཞིན། །

    མཚན་ཉིད་ལྡན་པའི་སྐྱེས་བུ་ལ། །

    གནོད་པ་ངང་གི་མི་གནས་སོ། །

ཞེས་པས་ནི།    དེ་ཡང་དྲི་མ་ཞིམ་པ་ཙན་ཏན་དང་སྨན་གྱི་སྡོང་པོ་ལྟ་བུ་ལ་དྲི་མི་ཞིམ་པ་དང་དྲི་མ་ངན་པ་ངང་ངམ་ཤིག་གི་མི་གནས་པའམ་མེད་པ་ནང་བཞིན་ཏུ།

མཚན་ཉིད་དམ་ཚུལ་དང་ལྡན་པའི་སྐྱེས་བུ་དེ་ལ་ནི།    གདུལ་བྱ་འགྲོ་བ་མཐའ་དག་ལ་གནོད་པའི་བྱ་བ་ཀུན་སློང་དང་བཅས་པ་རང་བཞིན་གྱི་མེད་པ་ཡིན་ནོ་ཞེས་དང་།    དེ་ལ་མཚན་ཉིད་དང་ལྡན་པ་ནི་མདོ་རྒྱུད་དག་ལས་མཚན་ཉིད་བཅོ་ལྔ་དང་མཚན་ཉིད་སུམ་ཅུ་སོགས་བཤད་པ་མང་མོད་ཀྱི།   

སྐབས་འདིར་གོ་བདེ་བའི་དབང་དུ་བྱས་ན།    རྗེ་བཙུན་དམ་པ་དགོང་མཇོད་རི་ཁྲོད་པའི་ཞལ་ནས།  ཐ་ན་སེམས་བསྐྱེད་གཅིག་པུས་ཀྱང་།    གཞན་ལ་འཆད་ཉན་བྱེད་དུ་རུང་།    ཞེས་གསུང་པ་བཞིན་གདུལ་བྱ་སེམས་ཅན་དང་དགོས་སུ་རང་གི་བུ་སློབ་ལ་ཕན་ཐོག་འདོད་ཀྱི་ཀུན་སློང་བཅོ་མ་མ་ཡིན་པ་ཞིག་ཡོད་ན་དེས་ཆོག་པ་ཡིན་ལ།    དེ་ལྟའི་སེམས་བསྐྱེད་དེ་ནི་བོན་འཆད་མཁན་བླ་མ་དེ་ཉིད་ལ་མེད་ན་ཐབས་ཆག།  ཡོད་ན་དེ་གཅིག་པུས་ཆོག་པ་ཡིན་ནོ།

དེ་ལྟར་བླ་མ་བསྟེན་པའི་དགོས་པ་ནི།    རིག་པའི་བློ་སྒོ་འབྱེད་པ་དང་།    ཤེས་རབ་གོང་ནས་གོང་དུ་འཕེལ་བདང་།    ཚེ་འདི་དང་ཕྱི་མ་གཉིས་ཀྱི་དོན་བཟང་འགྲུབ་པ་སོགས་ནི་དགོས་པའོ།    དེ་ལྟར་རང་རྒྱུད་ཀྱི་སྐྱོན་ཟད་ཅིང་ཡོན་ཏན་འཕེལ་བའི་ཐབས་ཁྱད་པད་ཅན་ནི།    དགེ་སྡིག་གི་སློབ་དཔོན་ལ་བསྟེན་ཞིང་དེས་རྗེས་སུ་འཇུག་ནས་བླང་དོར་བྱ་དགོས་ཕྱིར།    གྲོགས་སམ་སློབ་དཔོན་བཟང་པོ་ལ་བསྟེན་པ་གལ་ཤིན་ཏུ་ནས་ཆེའོ།    གཞུང་དོན་དང་པོ་བླ་མ་བསྟན་པའོ།

   

©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 160,585评论 4 365
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 67,923评论 1 301
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 110,314评论 0 248
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 44,346评论 0 214
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 52,718评论 3 291
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 40,828评论 1 223
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 32,020评论 2 315
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 30,758评论 0 204
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 34,486评论 1 246
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 30,722评论 2 251
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 32,196评论 1 262
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 28,546评论 3 258
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 33,211评论 3 240
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 26,132评论 0 8
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 26,916评论 0 200
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 35,904评论 2 283
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 35,758评论 2 274

推荐阅读更多精彩内容