བསོད་ནམས་རྒྱལ་གྱི་ཟིན་བྲིས།

 

图片发自简书App


                                                                                                ཨ་ལོ།

མི་བུ་ཆེ་ཆུང་ཀུན་གྱིས་སྐྱེས་བུ་སྒེར་གྱི་རིན་ཐང་གླེང་ཞིང་། སྐྱེས་བུ་སྒེར་ལ་གཞན་གྱིས་དྲིང་མི་འཇོག་པའི་བདག་ཉིད་ཀྱི་འདུ་ཤེས་ཁྱད་པར་བ་ཞིག་ཡོད་པར་སྨྲ་བའི་དུས་དེ་ཙམ་ནས།  མི་ཚོས་བདག་ཉིད་གོང་དུ་བཀུར་བའི་དུས་སུ་སླེབས་པ་ཡིན། མི་ཚོས་བདག་ཉིད་གོང་དུ་བཀུར་བའི་དུས་དེ་ཙམ་ནས། མི་གཞི་རིང་ལུགས་ཟེར་བའི་ལྟ་གྲུབ་འདིའི་ཡལ་ག་རྒྱས་ཤིང་ལོ་མ་འབུས་ནས་འབྲས་བུ་སྨིན་པའི་དུས་ལ་སླེབས་པ་ཡིན།དུས་འདིར་མི་ཚོས་སྦྱོར་བ་ཅི་ཞིག་རྩོམ་མིན་དང་ཇི་ལྟར་རྩོམ་མིན་ནི། གཙོ་བོ་རང་གི་བློ་དང་སེམས་ཀྱི་སྒྲ་ལ་ཉན་དགོས་པ་ལས་གཞན་ཞིག་ནས་དྲི་ལན་བཙལ་དུ་མེད་པར་སྨྲ་བར་བྱེད། འོན་ཀྱང་ཧི་ལ་ལིས་ནས་གྲགས་རྩོམ་«མ་འོངས་པའི་ལོ་རྒྱུས་རགས་བསྡུས"ཞེས་པ་རུ། ང་ཚོས་བཙུག་ཏུ་བཀུར་བཞིན་པའི་བདག་ཉིད་འདི་ནི་རྟག་ཅིང་བརྟན་ལ་གཡོ་བ་མེད་པ་ཞིག་ཁྱོན་ནས་མིན་པར་སྨྲ་ཞིང་།དེ་ནི་ངེས་པ་མེད་པ་དང་འགྱུར་བ་སྐྱེན་པའི་ངོ་གཉིས་ཌ་རུ་མགོ་ཞིག་ཡིན་པར་སྨྲ། བདག་ཉིད་ནི་མང་འདུས་ཤིག་ཡིན་པ་ལས་ཚུགས་ཐུབ་ཅན་གྱི་གོང་བུ་ཞིག་མིན་པར་སྨྲ། བདག་ཉིད་ལ་མྱོང་བའི་བདག་ཉིད་དང་དོན་བརྗོད་བདག་ཉིད་ཟེར་བ་གཉིས་སུ་དབྱེ་ཡོད་པར་སྨྲ། དོན་དངོས་ཅི་ཡིན་པ་ཇི་མ་ཇི་བཞིན་མྱོང་མཁན་ནི་མྱོང་བའི་བདག་ཉིད་དང་། དེ་ལྟར་མྱོང་བའི་དགོས་པ་དང་སྙིང་པོ་འདི་དང་དེའོ་སྨྲ་མཁན་ནི་དོན་བརྗོད་བདག་ཉིད་ཡིན་པར་སྨྲ། དེ་བས་མྱོང་བའི་བདག་ཉིད་དང་དོན་བརྗོད་བདག་ཉིད་གཉིས་ཀྱི་དབར་དུ་འགལ་འདུ་སྣ་ཚོགས་འབྱུང་གི་ཡོད་ཅིང་།འགལ་འདུ་ལས་མི་མཐུན་པའི་རྐྱེན་སྣ་ཚོགས་འབྱུང་གི་ཡོད་པར་སྨྲ། དེ་ལྟར་བསམ་ན། བདག་ཉིད་ཟེར་བ་གོར་མོ་རྡོ་ལྟ་བུ་རང་ཚུགས་བརྟན་པའི་མི་གཡོ་བའི་ཕུང་པོ་ཞིག་ག་ལ་ཡིན་ཏེ།དེ་ནི་རྒྱུ་རྐྱེན་དང་དུས་ཚོད་ཀྱི་ཁྱད་པར་ཕྲ་རགས་ཙམ་གྱི་དབར་ནས་གཡོ་ཞིང་མི་གནས་པ་ཞིག་ཡིན་པའོ། དེ་ལྟར་ཚེ། ང་ཚོས་ད་དུང་གཡོ་བའི་རང་བཞིན་ཅན་ཞིག་ལ"བདག་ཉིད་བདག་གི་མགོན་ཡིན་གྱི།གཞན་ལྟ་སུ་ཞིག་མགོན་དུ་འགྱུར"ཞེས་སྨྲ་སྤོབས་སམ། ༢༠༡༧/༩/༩

ཕོ་མོ་གཉིས་ཐོག་མ་མེད་ནས་སུ་མཆོག་སུ་དམན་གྱི་ཀླན་ཀ་འཚོལ་གྱིན་བསྡད་མེད་པར།  རང་རང་སར་ནས་རང་རང་གི་ལེགས་ཆ་དང་ནུས་པ་སྤེལ་ནས་བུ་ཕྲུག་སྙོར་སྐྱོང་དང་ཁྱིམ་ཚང་འཚོ་སྐྱོང་གི་ལས་ཀ་བྱས་ནས་ཡོང་།  ཕོ་མོ་ཟུང་འབྲེལ་བྱེད་དགོས་དོན་ལ་རྒྱུ་མཚན་མང་པོ་ཡོད་པ་ལས་གཅིག་ནི་ཕྱོགས་གཉིས་པོ་ཕན་ཚུན་ཁ་གསབ་དང་ལྷན་ཐབས་ཡིན་པས་རེད།  དེ་ལྟར་ཟེར་དོན་ནི། བུད་མེད་ཀྱི་ཡོན་ཏན་འགའ་ཞིག་སྐྱེས་པ་ཚོས་ཚེ་གཅིག་ལ་ལད་མོ་བྱེད་མི་ཐུབ་ལ། སྐྱེས་པའི་ལེགས་ཆ་འགའ་ཞིག་བུད་མེད་ཀྱིས་མི་ཚེ་གཅིག་ལ་མི་འཇོན།  འོན་ཀྱང་ཕྱོགས་གཉིས་པོས་ཕ་རོལ་པོར་ཁེ་དབང་ཅི་ཡོད་པ་དེ་རང་ལ་དགོས་ཞེས་ཀླན་ཀ་འཚོལ་གྱིན་བསྡད་པ་ལས་ཕ་རོལ་ལ་མེད་པའི་རང་གི་ལེགས་ཆ་དེ་ཉིད་མཐོང་ན་འགྲིག ལེགས་ཆ་དེ་ལས་ཐོབ་པའི་ཁེ་དབང་དེ་ཉིད་མཐོང་ན་ལེགས། རང་གི་ལེགས་ཆ་དེ་ནི་ཕ་རོལ་པོའི་ངོས་ནས་ཁ་གསབ་དང་ལྷན་ཐབས་ཡིན་པ་མ་ཟད། ཏག་ཏག་ཕ་རོལ་པོ་ལ་མེད་པའི་ཆ་ཞིག་ཡིན་ཙ་ན། ཕ་རོལ་པོ་བཅུན་སྡོམ་བྱེད་པའི་ནུས་པ་ཡང་ཡོད་པ་འདི་རྟོགས་ན་འགྲིག ལུས་ཁམས་དང་སེམས་ཁམས་ཀྱི་གྲུབ་ཆ་ཁྱོན་ནས་མི་འདྲ་བ་གཉིས་འཇོན་ནུས་དང་ཁེ་དབང་གཅིག་མཚུངས་སུ་ཡོད་དགོས་ཞེས་རྡོ་ཆག་བཙན་སྒྲིག་བྱེད་ཀྱིན་བསྡད་པ་ལས་ཕྱོགས་གཉིས་པོའི་ལེགས་ཆ་བཀོལ་ནས་ཡིད་སེམས་མཐུན་པོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ན་ལེགས། ངེས་དགོས་པ་ཞིག་ལ། འཇིག་རྟེན་ཐོག་གི་རིན་ཐང་མངའ་བའི་ལེགས་ཆ་མཐའ་དག་ལ་དེ་འཚམ་གྱི་ཐོབ་ཆ་ཞིག་ཡོད་པ་ཡིན་ནོ།།༢༠༡༧/༨/༢༨

གངས་རི་མཐོ་པོ་འདི་དག་མཐོང་དུས་ཁོ་བོ་སྐབས་འགར་དཔའ་ཞུམ་ནས་བག་འཁུམ་པའི་སྤུ་ལོང་གཡོ་བར་བྱེད། རང་ཉིད་ལས་ཟིལ་ཤུགས་ཆེ་བའི་བྱ་དངོས་འདི་འདྲ་བ་མཐོང་ཚེ། མི་ཚོ་ཅི་ཡིན་འདི་ཡིན་མེད་པའི་དད་གུས་དང་འཇིག་སྐྲག་སྐྱེ་བར་བྱེད། དབང་མེད་དུ་པུས་མོའི་ལྷ་ང་ས་ལ་འཛུག་དགོས་པའི་ཚོར་བ་སྐྱེ་བར་བྱེད། འདྲ་མཉམ་དུ་གནས་པ་གཉིས་ཀྱི་དབར་ལ་དད་གུས་ཟེར་བ་ལར་ནས་འབྱུང་རྒྱུ་མེད་ཀྱིཡོད་ན་ནི་ཡིད་ཆེས་ཟེར་བ་དེའོ། འོན་ཀྱང་།  མཐོ་དམའ་ཤོར་བ་གཉིས་ཀྱི་དབར་ལ་དམའ་བས་མཐོ་བར་དད་གུས་དང་འཇིག་སྐྲག་ཅིག་ཅར་དུ་སྐྱེ་བར་བྱེད།"སྐྱབས་སུ་མཆིའོ"སྙམ་པའི་སེམས་ཚོར་ཡང་སྐྱེ་བར་བྱེད། ༢༠༡༧/༨/༡༨

དཔལ་འབྱོར་རིག་པའི་ནང་དུ"ནུབ་པའི་མ་གནས"沉默成本ཟེར་བ་ཞིག་ཡོད་ཅིང་"ནུབ་པའི་མ་གནས་ནི་མ་གནས་མིན"ཟེར་བའི་སྐད་ཆ་ཞིག་ཀྱང་ཡོད། དེ་ནི་ཡལ་ཟིན་ཞིང་སླར་གསོ་བྱེད་མི་རུང་བའི་མ་གནས་དེ་ལ་ཟེར་བ་རེད། འོ་ན་ཚོང་ལས་ཀྱི་སྦྱོར་བ་བརྩམས་ཚེ་གཞི་འཛིན་ས་ཅི་ལྟ་བུ་ལ་བྱེད་དགོས་ཟེར་ན། མུ་མཐའི་མ་གནས་边际成本དང་མུ་མཐའི་ཡོང་སྒོ་边际收益གཉིས་ཀྱི་ཡང་ལྕི་ལ་གཞི་འཛིན་ནས་ཚོང་གི་སྦྱོར་བ་གཉེར་དགོས་པའོ། དེ་ཉིད་འཚོ་བའི་ནང་གི་དཔེ་གཞན་ལ་བཀོད་ན། འགོར་གེགས་བྱུང་བའི་རྨས་མ་ཞིག་གི་ངོས་ནས། འཁོར་གེགས་བྱུང་ནས་རྨས་སྐྱོན་བྱུང་བ་དེ་ཉིད་ད་ནི་བྱུང་ཟིན་ཞིང་ལྡོག་ཏུ་མེད་པ་ཞིག་ཡིན་པས་ནུབ་ཟིན་པའི་མ་གནས་སོ། འོན་ཀྱང་སྨན་བཅོས་ཀྱི་བརྒྱུད་རིམ་དུ་བྱུང་བའི་ན་ཟུག་དང་འགྲོ་སྒོ་སོགས་ནི་མུ་མཐའི་མ་གནས་སོ། རྨས་བཅོས་བྱེད་རིམ་བཞིན་དྲག་སྐྱེད་འགྲོ་བ་དེ་མུ་མཐའི་ཡོང་སྒོའོ། འོན་ཀྱང་།མི་ཚོས་ནུབ་ཟིན་པའི་མ་གནས་ཆེ་ཐག་ཆོད་པས་ད་ནི་རྨས་བཅོས་མི་བྱེད་ནི་མི་ཟེར་བར། མུ་མཐའི་མ་གནས་དང་མུ་མཐའི་ཡོང་སྒོ་གཉིས་བསྡུར་རྗེས། མུ་མཐའི་ཡོང་སྒོ་སྟེ། དྲག་སྐྱེད་འགྲོ་བའི་རེ་བ་ཅུང་ཡོད་ན་སྨན་བཅོས་ཀྱི་ལས་ལ་འཇུག་པར་བྱེད། ༢༠༡༧/༨/༡༤

བརྡ་སྤྲོད་རྒྱུ་ནི་སྐད་ཡིག་གི་ནུས་པ་ཡིན།འོན་ཀྱང་།བརྡ་སྤྲོད་ཐུབ་མིན་ནི་སྐད་ཡིག་ཁོ་ནའི་ལས་ཀ་མིན། ད་དུང་བརྡ་སྤྲོད་སའི་ཡུལ་དེ་ཉིད་ལ་གོ་བ་ལེན་པའི་ནུས་པ་ཡོད་མེད་དང་འབྲེལ་བ་ཡོད་པ་ཡིན། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཟེར་བ། བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་ཟེར་བ། ད་དུང་གསར་དར་གྱི་མིང་ཚིག་སྟེ། འགུལ་སྐྱོད་མཉམ་འབྲེལ་དྲ་བ་移动互联网ཟེར་བ་དང་མིས་བཟོས་རིག་ནུས人工智能་ཟེར་བ།གཞི་གྲངས་དྲ་བ་数据之网ཟེར་བའི་ཐ་སྙད་འདི་དག་གི་མིང་ནས་འབོད་དུས་དེ་འབྲེལ་གྱི་སྣང་བརྙན་ཅི་ཡང་ཀླད་པའི་ནང་དུ་མ་འཆར་ཚེ།སྐད་ཡིག་རང་ངོས་ཀྱི་སྐྱོན་ཆ་རེད་ལབ་དཀའ་རུང་། གོ་བརྡ་སྔར་བཞིན་སྤྲོད་མི་ཐུབ་པ་ཡིན།༢༠༡༧།༧།༡༢

དཔལ་འབྱོར་གྱིས་མིའི་མཁོ་དགོས་བཀང་བའི་ཞོར་དུ་མཁོ་དགོས་གསར་པ་སྣ་ཚོགས་སྐྱེད་བཞིན་ཡོད། མཁོ་དགོས་འགའ་ཞིག་གཞན་དང་མཉམ་སྒྲུབ་གྱིས་མ་གཏོགས་མི་སྒེར་གྱིས་མི་ཡོང་། མཉམ་སྒྲུབ་དགོས་ན་ཐུན་མོང་གི་སྐད་ཆ་共同语言བཀོལ་ནུས་པ་དང་ཤེས་ཚད་མཉམ་བགྲོད་认知同步བྱེད་ཐུབ་དགོས། ཤེས་ཚད་མཉམ་བགྲོད་ཡོང་དགོས་ཚེ་མིའི་ཤེས་པ་རང་འཇགས་དང་སྔར་མུས་སུ་གནས་མི་རུང་། གནས་སྟངས་འདི་འདྲའི་འོག་ཏུ་མིས་རང་གི་ཤེས་པ་ཉིད་མཐོར་འདེགས་认知升级སུ་གཏོང་བའི་ཐབས་ལམ་སྣ་ཚོགས་འཚོལ་སྲིད། བྱ་སྤྱོད་དེ་རིགས་ལ་ཤེས་བྱ་སྦྱོང་བ་དང་ཡང་ན་རིག་གནས་སློབ་པ་ཟེར། ༢༠༡༧།༧།༡༠

ཨ་རིའི་འདྲེ་སྒྲུང་ལ་ལྟ་དུས།འཇིག་རྟེན་འདིར་མི་རིགས་མ་འདྲ་བར་འདྲེའི་བཟོ་ལྟ་ཡང་མི་འདྲ་ཨང་བསམ་པ་ཞིག་ཡོད། ཨ་རི་བའི་འདྲེ་ནི་ཁོ་ཚོའི་ལྟ་བ་མཚོན་པའི་འདྲེའི་གཟུགས་བརྙན་ཏེ། ཕོ་མོའི་དབྱེ་བ་མེད་པ། ལུས་སྟོབས་རྒྱས་པ། དཔྲལ་བའི་དབྱེས་ཆེ་ཞིང་སྣ་ཡི་གཟེངས་མཐོ་བ་ཞིག་ཡོད། དེ་ཚོས་ཉིན་མཚན་གྱི་དབྱེ་བ་མེད་པར་དངོས་རྒོལ་དང་འཇབ་རྒོལ་སྣ་ཚོགས་བྱེད།  ཤར་ཕྱོགས་བའི་འདྲེའི་གཟུགས་བརྙན་ནི་ཕོ་མོ་གཉིས་ལས་མང་ཆེ་མོ་ཡིན་ཞིང་།གཟུགས་བོང་ཆུང་ཞིང་ལྭ་བ་ཟག་ཧྲུལ་དུ་གྱོན་པ། ཅོ་ཏོ་འཛིང་ཞིང་མཐུར་ལ་འཕྱང་བ། ས་མ་རུབ་བར་དུ་གང་ཞིག་ལ་གབ་ནས་སྡོད་པ། མུན་རུབ་མ་ཐག་ཁེར་འགྲོ་བ་དག་ལ་འཇབ་རྒོལ་བྱེད་པ། གདེང་ཚོད་རྙེད་ན་ག་ལེར་དངོས་རྒོལ་བྱེད་ཡོང་བ་ཞིག་ཡོད། མིའི་རིགས་ཞེས་པའི་ཚོ་པ་འདི་རི་མོ་བ་ཞིག་ཡིན་པའི་དབང་དུ་གཏོང་ན། རི་མོ་བ་དེས་རང་གི་འདོད་ཚུལ་མཚོན་པའི་བརྩམས་ཆོས་ཤིག་པིར་གྱིས་ག་ལེར་བྲིས་རྗེས། མཐར་བརྩམས་ཆོས་དེ་ཉིད་ཀྱིས་རི་མོ་བ་ཁོ་རང་དམ་ལ་བཏགས་པ་རེད། ༢༠༡༧།༧།༨

མིའི་ཤེས་ཚད་ཇི་ཙམ་མཐོ་ན་དེ་ཙམ་གྱིས་ཁེངས་སྐྱུང་ལྡན་པ་ཞིག་ཡིན། ཁེངས་སྐྱུང་དང་ལྡན་པ་དེ་ཁོ་ནས་གཞན་གྱིས་མི་ཤེས་པའི་གནས་ལུགས་གཞན་ཞིག་ཤེས་ཡོད། དེ་ནི་གཞལ་བྱ་འཇིག་རྟེན་འདི་ཉིད་ཟབ་ཅིང་དཔག་དཀའ་བ་ཡིན་ཞིང་། འཇལ་བྱེད་ཤེས་པ་འདི་ཉིད་ཉག་ཕྲ་ཞིང་ཚད་ཡོད་པ་དང་ཐ་ན་འགྱུར་སྐྱེན་པ་ཞིག་ཡིན་པ་རྟོགས་པས་ཡིན། ༢༠༡༧།༦།༢༩

མི་ཉིད་སྐྱེས་ནས་བཟུང་། ཐེ་ཚོམ་དང་དོགས་གཞི་སྣ་ཚོགས་ལ་གདོང་གཏད་དགོས་ཀྱི་ཡོད། དྲིས་ལན་ཡང་དག་ཅིག་རྙེད་ན་འཚོ་བའི་གནས་ལུགས་ཤིག་རྙེད་པ་ཡིན་རུང་། མིའི་ཤེས་ཚད་ལ་ཚད་ཡོད་པས་དྲིས་ལན་ཡང་མི་དག་པ་སྣ་ཚོགས་འབྱུང་བར་བྱེད། འོན་ཀྱང་། འཚོ་བའི་ཁྲོད་དུ། གནས་སྐབས་ཀྱི་གཞི་འཛིན་ས་བྱེད་ཆོག་པའི་དྲིས་ལན་ལྟར་སྣང་འགའ་ཡོད་པ་དྲིས་ལན་ཅི་ཡང་མེད་པར་ཁ་རོག་གེར་སྡོད་པ་ལས་ལྡབ་འགའ་ཡིས་ཡག་པས་མི་ཚོས་ཐབས་ཤེས་བྲལ་བའི་ཐབས་ཤེས་དེ་ཉིད་འཚོ་བའི་ལམ་སྟོན་དུ་བྱེད། རྨོངས་དད་ཅེས་པ་འདི་ལྟར་བྱུང་ཞིང་འདི་ལྟར་གནས་པར་གྱུར། རྨོངས་དད་ཅེས་པ་དོར་ཆོག་ཆོག་ཅིག་མིན་ཏེ། གང་ལ་མི་ཡི་འཚོ་གནས་ཡོད་ན་དེ་རུ་རྨོངས་དད་ཀྱི་བསམ་སྦྱོར་སྣ་ཚོགས་ཡོད་སྲིད་དེ། མིའི་ཤེས་ཚད་ལ་མ་གཞི་ནས་ཚད་ཡོད་པས་སོ།།༢༠༡༧/༦/༢

མི་ཚོས་སློང་མོ་བའི་ཡོང་འབབ་ནི་འགྲོ་སྒོ་ཅི་ཡང་མེད་པའི་རིན་མེད་ཀྱི་ཡོང་སྒོ་ཞིག་ཡིན་པར་འདོད་པ་དེ་ནི་གོ་བ་ལོག་པ་ཡིན་སྟེ། སློང་མོ་བས་དངུལ་སློང་བའི་བརྒྱུད་རིམ་དུ་ཡང་འགྲོ་སྒོ་མང་སྟེ། དང་ཐོག་སློང་མོ་བ་དང་སློང་མོ་བའི་དབར་དུ་སློང་སའི་ཡུལ་དང་དུས་ཚོད་སོགས་དངུལ་སློང་བར་རྔོ་ཐོགས་པ་དང་མཐུན་རྐྱེན་དུ་འགྲོ་བའི་ཆ་དེ་དག་ལ་འགྲན་རྩོད་བྱེད་ཅིང་།འགྲན་རྩོད་དེ་དག་གི་ཁྲོད་དུ་འགྲོ་སོང་སྣ་ཚོགས་འབྱུང་གི་ཡོད། ལྷ་སའི་ཁྲོམ་གཞུང་དུ་སློང་མོ་བ་མ་སྨད་གསུམ་ཡོད་པ་བར་སྐབས་ཤིག་ཏུ་གྲགས་ཆེ་ཞིང་ཡུལ་སྐོར་བ་དང་ཆོས་འཇལ་བའི་སྦྱིན་པ་གཏོང་ཡུལ་གཙོ་བོ་ཞིག་ཏུ་གྱུར། བལྟས་ཚོད་དུ།མ་སྨད་གསུམ་པོར་འགྲོ་སོང་མེད་པའི་ཡོང་སྒོ་ཞིག་ཐོབ་ཀྱིན་ཡོད་པ་ལྟ་བུ་ཡོད་རུང་། དོན་དངོས་སུ།འཇིག་རྟེན་འདིར་རིན་མེད་ཀྱི་ཡོང་སྒོ་ཞིག་མེད་དེ། ཨ་མས་དངུལ་ལོར་གྱི་ཡོང་སྒོ་དེ་ཉིད་ཀྱི་ཆེད་དུ། ཧ་ཅང་གཟབ་ནན་གྱིས་ལམ་འགྲོ་བའི་ཡིད་དབང་འགུག་པའི་སྔོན་འགྲོའི་གྲ་བསྒྲིགས་སྣ་ཚོགས་བྱས་ཡོད་པ་དེ་དག་འགྲོ་སྒོ་ཡིན་ཞིང་། རིན་ཐང་བྲལ་བའི་བྱིས་པའི་ནམ་ཟླཡང་སློང་མོ་རྒྱག་རྒྱུ་ཁོ་ནའི་ཁྲོད་དུ་བསྐྱལ་བ་དེ་ཉིད་ཀྱང་འགྲོ་སྒོ་ཡིན། དེ་ལྟར་བསམ་ན་སློང་མོ་བའི་ཡོང་སྒོ་ནི་རིན་མེད་མིན་སྟེ།གཏོང་ལེན་གྱི་རྒྱ་གཞོང་དུ་བཞག་ན། ཡོང་སྒོ་དང་འགྲོ་སྒོ་གཉིས་ལས་གང་ཞིག་མང་བ་སུས་ཀྱང་བཤད་དཀའ། ༢༠༡༧།༥།༣༡

ལོ་གཅིག་གཉིས་ལས་མ་སོན་པའི་བྱིས་པ་འགས"མིན"ཞེས་པའི་སྐད་ཆ་ཞིག་ཚོད་ཚོད་དུ་སྨྲ་ཡི་འདུག  "མིན"ཞེས་པ་ནི་དགག་སྒྲ་ཡིན་ཏེ། དེས་ཕ་རོལ་པོའི་བསླབ་བྱ་དང་སྐུལ་མ་དང་ཁ་ཏ་སོགས་དང་ལེན་བྱེད་མི་འདོད་པའི་བློ་སྟོན་པ་ཡིན། འོ་དྲི་བྲོ་བའི་བྱིས་པ་དེ་ཚོས་མགོ་བོ་འཕྲེད་དུ་གཡུག་གིན་ཁ་ནས"མིན"ཟེར་དུས། ཨ་མའི་རྫོགས་རྒྱུ་མེད་པའི་ཟ་མ་ལྡུད་སྟངས་ཆིག་རྐྱང་བ་དེ་ལ་ཡི་ག་བྲལ་བའི་རྣམ་འགྱུར་བསྟན་པ་དང་། ཡང་ན་ཨ་ཕས་རྒྱུན་དུ་བསླུ་བྲིད་བྱེད་སྤྱད་དུ་སྤྱོད་པའི་རྩེད་ཆས་དཔེ་རྙིང་དེ་དག་ལ་ད་ནི་འཇུག་འདོད་ཀྱི་དང་བ་བྲལ་སོང་བའི་རྣམ་འགྱུར་བསྟན་པ་ཡིན། འོན་ཀྱང་།  མིའི་རིགས་ཀྱིས་དུས་འདི་ཙམ་ནས་ད་གཟོད་གདམ་ག་དང་བླང་དོར་གྱི་སྦྱོར་བ་རླབས་པོ་ཆེ་ཞིག་ལ་འཇུག་མགོ་བརྩམས་སོང་བ་འདྲ། མི་ཉིད་སྲོགས་ཆགས་གཞན་ལས་བརྒལ་བའི་རླབས་ཆེ་བའི་གོམ་པ་གང་འདི་ལྟར་སྤོས་སོང་བ་འདྲ།  ༢༠༡༧།༥།༢༤།

མིའི་ཤེས་ཚོར་ཉིད་གོམས་འདྲིས་ཀྱིས་བསྒྲིབས་འགྲོ་བ་ཞིག་ཡིན་པས།བྱ་དངོས་ཤིག་དང་འགྲོག་ཡུན་རིང་ན། དེའི་ཁྱད་ཆོས་སྔོན་མ་ཇི་བཞིན་མི་ཚོར་བ་ཞིག་རེད། ཡིག་གཟུགས་འགའ་ཞིག་ལ་བསྡུར་བ་བྱེད་ཆེད། མིག་ལ་གོམས་ཚར་བའི་བོད་ཡིག་གི་ཡིག་གཟུགས་འགའ་མགོ་མཇུག་སློག་ནས་བལྟས་པ་ན། ཆ་རྒྱུས་ཅི་ཡང་མེད་པའི་རི་མོ་འགའ་མིག་ལམ་དུ་མངོན་བྱུང་བས་བོད་ཡིག་ཟེར་བ་རི་མོ་འདི་འདྲ་འགའ་ཡིན་པ་འདྲ་ཨང་བསམ་པ་ཞིག་བྱུང་། འོན་ཀྱང་འཚོ་བའི་ཁྲོད་དུ་གོམས་འདྲིས་སུ་སོང་བའི་བྱ་དངོས་དག་ལ་མིག་གསར་པ་ཞིག་གིས་ལྟ་བ་དང་ཟུར་གཞན་ཞིག་ནས་རྟོག་དཔྱོད་བྱེད་པའི་གོ་སྐབས་བྲལ་བས་མཐིལ་རྟོལ་བའི་ཤེས་རྟོགས་ཐུབ་རྒྱུ་ཁག་ཙམ་རེད། ༢༠༡༧།༥།༢༢

རྩི་འཇོག་གི་སྔོན་འགྲོའི་ཆ་རྐྱེན་ནི་བསམ་ཤེས་དང་ལྷག་བསམ་མིན་པར་ཤེས་རྟོགས་དང་རྒྱུས་ལོན་ཡིན། རྒྱུས་ལོན་ཅི་ཡང་མེད་པའི་རྩི་འཇོག་ནི་ཁ་བཤད་ཙམ་ལས་མ་འདས། དཔེར་ན། ང་རང་ཁ་ཆེའི་འདུ་ཁང་ཞིག་ཏུ་ཡོད་ན། ཁོ་ཚོའི་གོམས་སྲོལ་དང་ཆོས་དད་ལ་རྩི་འཇོག་བྱེད་དགོས་རུང་། ངས་ཁོ་ཚོའི་ཆོས་དད་གོམས་སྲོལ་གྱི་སྐོར་ལ་ཅི་ཡང་མ་ཤེས་ན། བྱ་སྤྱོད་འགའ་ཞིག་གིས་ཁོ་ཚོའི་ཆོས་དད་ཀྱི་གོམས་སྲོལ་ལ་རྩི་འཇོག་བྱེད་རྒྱུ་ལྟ་ཞོག ཐ་ན་ཕོག་ཐུག་བཟོ་ཡང་སྲིད།

ཨ་ལོ། ༢༠༡༧/༥/༢༠

ཉིན་ཞིག ཁྱོ་ཤུག་གཉིས་གནམ་མཚོའི་འགྲམ་དུ་ལྗོངས་རྒྱུ་རུ་འགྲོ་བཞིན་པ་དང་འཕྲད་ཅིང་ཁོ་ཚོས་ང་ལ་གོ་མ་མྱོང་བའི་གཏམ་རྒྱུད་ཅིག་བཤད་མྱོང་། ཁོ་ཚོས་ཟེར་ན་ཐང་ལྷ་དང་གནམ་མཚོ་གཉིས་ནི་བརྩེ་བ་ཟབ་པའི་ཁྱོ་ཤུག་གཉིས་ཡིན་ཟེར། གནམ་མཚོ་ཕྱུག་མོ་ནི་རང་གཤིས་འཇམ་པའི་བུད་མེད་ཅིག་ཡིན་ཞིང་། མོས་རང་ཉིད་ཀྱི་གནས་མལ་དང་རྒྱབ་རྟེན་ལྟ་བུའི་ཐང་ལྷ་རི་བོའི་འགྲམ་དུ་ཧ་ཅང་ལྷིང་འཇགས་ཀྱིས་འཁྱིལ་ཡོད་ཅིང་། ཐང་ལྷ་རི་བོ་ནི་གཟུགས་གཏོས་ཆེ་བའི་སྐྱེས་པ་ཞིག་དང་ཧ་ཅང་བརྗིད་ཉམས་ཆེན་པོས་དབྱར་དགུན་སྟོན་དཔྱིད་ཀྱིས་མ་དབྱེ་བར་རང་གི་བུད་མེད་སྲུང་ནས་ཡོད་ཟེར། གོ་མ་མྱོང་བའི་གཏམ་རྒྱུད་འདི་ད་ལྟ་ཡང་ངའི་སེམས་ངོས་སུ་པར་ནས་འདུག  བྱ་དངོས་ཤིག་ལ་ཟེར་སྒྲོས་སམ་འཆར་སྣང་གིས་བཞེངས་པའི་གཏམ་རྒྱུད་ཅིག་གིས་སྤུད་རྗེས་དེ་ལ་སྔར་དང་མ་འདྲ་བའི་འགུག་ཤུགས་གཞན་ཞིག་འདུག་ཅིང་། ཁྱོ་ཤུག་འདི་གཉིས་ཚུད་པའི་ཕྱོགས་བཞིའི་ལྟད་མོ་བ་ཡང་གནམ་སྔོན་པོ་ཞྭ་དང་ས་ཆེན་པོ་ལྷམ་རུ་གྱོན་ནས་ཡོང་དོན་ཡང་བྱ་དངོས་ཤིག་གི་མཛེས་སྡུག་ལ་མ་དམིགས་པར། གཏམ་རྒྱུད་故事ཅན་གྱི་བྱ་དངོས་ཤིག་ལ་དམིགས་ནས་ཡོང་བ་རེད་སྙམ། ༢༠༡༧།༥།༡༩

དང་ཐོག མི་ནི་མ་སྨིན་པའི་འབྲས་བུ་ཞིག་ཡིན། འོན་ཀྱང་།འདས་པ་(དཔེར་ན་གཞན་གྱི་འདས་ཟིན་པའི་དོན་དག་གང་རུང་འགའ་ལས་རང་ལ་ཕན་པའི་ཆ་དག་ཉམས་སུ་ལེན་བཞིན་པ་དེ་དཔེ་ཀློག་ཡིན)དང་ད་ལྟ་(ད་ལྟའི་མིག་མདུན་དུ་ལྷགས་པའི་འཚོ་བའི་གནས་ལུགས་དག་གསོག་འཇོག་བྱེད་པ་འདི་ཉམས་མྱོང་ཡིན)གཉིས་ལ་གཞི་བྱས་ནས་འཁྱར་འཁྱོར་ངང་མ་འོངས་ལ་འགྲོ་བཞིན་པ་འདི་མ་སྨིན་པ་ནས་སྨིན་བཞིནཔའི་བརྒྱུད་རིམ་ཡིན།  2017/5/11

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 159,015评论 4 362
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 67,262评论 1 292
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 108,727评论 0 243
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 43,986评论 0 205
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 52,363评论 3 287
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 40,610评论 1 219
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 31,871评论 2 312
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 30,582评论 0 198
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 34,297评论 1 242
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 30,551评论 2 246
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 32,053评论 1 260
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 28,385评论 2 253
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 33,035评论 3 236
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 26,079评论 0 8
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 26,841评论 0 195
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 35,648评论 2 274
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 35,550评论 2 270

推荐阅读更多精彩内容