2017-05-24

ས་ཟླའི་བཅོ་ལྔའི་ལྷ་སའི་མཐོང་ཐོས།


ས་ཟླའི་བཅོ་ལྔའི་བོད་ཀྱི་མཐོང་ཐོས།

             __སྨྱུ་གུ

༼༡ ༽དེ་རིང་ས་ཟླའི་ཚེས་པ་བཅོ་ལྔ་རེད།།ལྷ་ལྡན་གྲོང་དུ་འཁྲུག་ཆ་དོད་དུས་རེད།།ད་ནངས་ཆུ་ཚོད་དྲུག་པ་ཕྱེད་ཀ་ནས།།ང་རང་མི་ཚོགས་རྒྱ་མཚོའི་ཀློང་དུ་ཞུགས།།ད་ལྟ་ཕྱི་དྲོའི་ཆུ་ཚོད་བདུན་པ་རེད།།རྔུལ་ནག་ཤིག་སེ་གཞི་ནས་རང་གནས་འབྱོར།།ཆུ་དྭངས་ཕོར་གང་ཐུང་ནས་ངལ་ཞིག་གསོ།།དེ་ནས་དེ་རིང་མཐོང་ཐོས་གཏམ་དུ་བྱ།།༼༢༽འབྲས་སེ་དགའ་གསུམ་ཕོ་བྲང་པོ་ཏཱ་ལ།།བར་སྐོར་གླིང་སྐོར་རྩེ་སྐོར་གཙུག་ལག་ཁང་།།ག་ས་ག་རུ་མི་ཚོགས་འཕྱུར་བའི་དཔེར།།མཁའ་ནས་ཆར་སྤྲིན་སྟུག་པོ་འཁྲིགས་པའམ།།ས་ནས་གཙང་ཆེན་དལ་གྱིས་བཞུར་དང་མཚུང།།༼༣༽མ་དྲིས་གཞན་གྱི་སྐད་ཆ་ཉན་པས་ན།།དེ་རིང་ཁྱད་འཕགས་དུས་ཆེན་རེད་ཟེར་ནས།།ཟ་ཁང་ཚོང་ཁང་ཡོད་ཚད་སྒོ་རྒྱབ་སྐད།།ས་ལས་རྡོ་ལས་ཡོད་ཚད་མཚམས་གཞག་སྐད།།བཟོ་གྲྭ་སློབ་གྲྭ་ཕལ་ཆེར་ངལ་གསོས་སྐད།།འགྲོ་མི་ཐུབ་པའི་ཕ་མ་རྒས་ཁོག་ལ།།དེ་རིང་ཟས་བཅད་སྨྱུང་གནས་བསྲུང་བཅུག་ནས།།བུ་ཕྲུག་ཕྲེང་བ་ཐོགས་ནས་ཆས་ཡོད་སྐད།།ཟུག་ངུ་ནད་ཀྱིས་མནར་བའི་ནད་པ་ལ།།དེ་རིང་སྡུག་རུས་དགོས་ཞེས་བཀའ་བསྒོས་ནས།།ནད་གཡོག་ལག་སྐོར་ཁྱེར་ནས་འདུར་ཡོད་སྐད།།གཞོན་སྐྱེས་དར་གོས་གྱོན་ནས་འཕུར་ཡོད་སྐད།།ལོ་ལོན་མཁར་བར་ཁེན་ནས་ནུར་ཡོད་སྐད།།ཡོད་པོ་རླངས་འཁོར་བསྐོར་ནས་ལྡིང་ཡོད་སྐད།།མེད་པོ་རྐང་ཐང་བང་ཁ་རྫོགས་ཡོད་སྐད།།ཡོད་ཚད་ཕྱག་སྐོར་ལྷ་མཇལ་ཕེབས་ཡོད་སྐད།།ལོ་འཁོར་གཅིག་གི་ཡོང་འབབ་བསྣམས་ཕེབས་སྐད།།༼༤༽ཡར་གྱི་ལྷ་ལ་ཞལ་གསེར་བསྒྲོན་ཡོད་སྐད།།ཇོ་ཤཀ་གསུམ་དང་སེ་རའི་རྟ་མགྲིན་དང་།།པད་འབྱུང་བྱམས་ཆེན་གྲྭ་བཞི་ལྷ་མོ་སོགས།།ངོ་སོ་མཐོ་བའི་ལྷ་སྐུ་འགའ་ཞིག་ལ།།ཕངས་མེད་གསེར་གྱི་ཞལ་བ་བྱུག་དྲག་ནས།།ཤངས་དང་སྤྱན་ལ་སྒང་གཤོང་མེད་སྐད་རེད།།༼༥༽བར་གྱི་དགེ་འདུན་བསྙེན་བཀུར་ཞུས་ཡོད་སྐད།།སྤྱི་སྒོས་བདེ་རྩར་སེམས་མིན་མི་ཤེས་མོད།།ང་ཡིས་སྒོར་ལྔ་ཁོང་གིས་བཅུ་ཉི་ཤུ།།གཞན་དང་གཞན་གྱིས་བརྒྱ་དང་ཉིས་བརྒྱ་བཅས།།དེ་དང་དེ་བཞིན་འགྲན་རྩོད་རླབས་རྩེ་ནས།།གྲྭ་ས་ཁག་ཏུ་སྒོར་མོའི་ཆར་ཕབས་སྐད།།ལྷ་སའི་དགོན་སྡེའི་སྒོར་མོའི་སྤམ་ཁ་དེ།།བོད་ལྗོངས་དངུལ་ཁང་ཁག་ལས་མཐུག་ཡོད་སྐད།།འོན་ཀྱང་དགོན་པའི་སྒོར་མོ་དེ་དག་ནི།།ས་དང་རྡོ་ལ་ཅུང་ཟད་སྟིམས་པ་ལས།།ནད་བཅོས་དམན་སྐྱོབ་སློབ་གསོའི་རོགས་དངུལ་སོགས།།སྤྱི་ཚོགས་ཕན་བདེའི་རྒྱུ་ལ་གཏོང་མེད་སྐད།།༼༦༽མར་གྱི་སྤྲང་ལ་སྦྱིན་པ་གཏོང་ཡོད་སྐད།།སྤྲང་པོས་སྐོར་ལམ་ཕར་ཆེར་འཁོར་ཡོད་སྐད།།སྤྲང་ཕྲུག་དེ་ཚོས་སྒོར་མོ་མི་སྟེར་ན།།སྒོར་ཟུར་མི་ལེན་དམ་བཅའ་བཞགས་ཡོད་སྐད།།སྤྲང་རྒན་དེ་ཚོས་བཅོལ་དངུལ་གསོག་ཚད་ནི།།ལྷ་སའི་འབྱོར་ལྡན་འགའ་ལས་བརྒལ་ཡོད་སྐད།།ད་དུང་བོད་མིའི་སྙིང་རྗེ་ཕྱི་ཤུན་དེ།།མ་རལ་དེ་སྲིད་བཙན་པོའི་ཕྱི་རབས་ཚོས།།བྱིས་པས་སློབ་གྲྭ་དར་མས་བྱ་གཞག་དང་།།རོང་པས་ཞིང་ལས་འབྲོག་པས་དཀར་ལས་སོགས།།ཡོད་ཚད་སྐྱུར་ནས་འབད་བརྩོན་མི་དགོས་པའི།།གཞན་བརྟེན་འཚོ་ཐབས་སྤྲང་ལམ་ཞུགས་འགྲོ་སྐད།།༼༧༽མི་ཡི་ཚེ་སྲོག་སྒོར་ལ་ཐུག་པའི་དུས།།སྲོག་བསླུ་བྱེད་རབས་བོད་ན་མ་གོ་མོད།།དེ་རིང་བྱ་ཉ་སྲོག་བསླུའི་གཏོང་གྲངས་དེ།།སྒོར་མོ་ས་ཡ་བྱེ་བ་བརྒལ་ཡོད་སྐད།།ཉ་ཚོང་རྒས་མོའི་གླུ་ཆུང་ལེན་བཞིན་དུ།།སྒོར་མོ་དངུལ་ཁང་ཕྱོགས་ལ་དབོར་ཡོད་སྐད།།ད་དུང་དེ་ལས་མང་བའི་བྱ་དང་ཉ།།བོད་ན་འདྲེན་རྒྱུའི་མངག་ཐོ་བསྐུར་ཚར་སྐད།།ཚ་ཁུལ་ཆུ་ལ་གནས་པའི་ཉ་ཡི་སྲོག།ཚ་དམྱལ་སྣུམ་སྲེག་ཀློང་ནས་མ་ཤོར་ཀྱང་།།གྲང་ངར་ཆེ་བའི་གངས་ཁྲོད་འཁྱག་ཀླུང་ན།།གྲང་ཤི་མ་ཐེབས་གསོན་པ་གཅིག་ཀྱང་མེད།།༼༨༽ཉིས་བསྟར་སུམ་བསྟར་བསྒྲིག་པའི་མཇལ་པ་ཚོའི།།སྤྱན་བཙུམ་ཐར་སྦྱར་ཚུགས་ཀ་མཛེས་ཡོད་སྐད།།ལག་སྐོར་ཕྲེང་བའི་སྟང་སྟབས་ཡག་ཡོད་སྐད།།གསོལ་བ་སྨོན་པའི་འདོན་དབྱངས་སྙན་ཡོད་སྐད།།འོན་ཀྱང་ཕུད་རྒྱག་ཅུང་ཙམ་ཐེབས་པས་ན།།སྡང་མིག་གློག་དམར་འདྲ་ཞིག་འཁྱུག་ཚར་སྐད།།རྒྱབ་ནས་མཚང་ཁ་ཕྲན་ཙམ་རྒྱབ་པས་ན།།ངར་གཏམ་སེར་བ་འདྲ་ཞིག་ཕབས་ཚར་སྐད།།༼༩༽ཉིན་འདིའི་ཕྱག་སྐོར་མཆོད་མཇལ་ཚར་མ་ཐག།བཙན་པོ་སུ་ཡི་ཁྲིམས་ལས་ཐར་བ་ལྟར།།ཧ་རོ་ཨུ་ཤུ་ས་ཟླའི་ཡར་ཚེས་དེ།།དེ་རིང་གཞི་ནས་རྫོགས་སོང་ད་ཡིན་ན།།ཞོགས་ཉལ་རྒྱག་ཆོག་ཤ་མོག་ཟ་ཆོག་ཟེར།།དགའ་སྤྲོ་སེམས་ལ་མ་ཤོང་ཕྱིར་ལུད་སྐད།།༼༡༠༽གོམས་སྲོལ་གཡམ་རྒྱུག་བོད་མིའི་ཕྱི་ཆོས་འདིས།།ལྷ་ལ་དད་ཀྱང་ལྷ་ཡི་གྲལ་མི་ཚུད།།མི་རུ་སྐྱེས་ཀྱང་མི་ཡི་གྲལ་ནས་འབུད།།འདི་ཕྱི་གཉིས་མེད་གསོན་པོའི་བར་དོ་ནས།།མྱུར་དུ་ཐར་བའི་ལམ་ཞིག་སུ་ཡིས་བསྟན།།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 158,560评论 4 361
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 67,104评论 1 291
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 108,297评论 0 243
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 43,869评论 0 204
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 52,275评论 3 287
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 40,563评论 1 216
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 31,833评论 2 312
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 30,543评论 0 197
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 34,245评论 1 241
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 30,512评论 2 244
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 32,011评论 1 258
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 28,359评论 2 253
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 33,006评论 3 235
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 26,062评论 0 8
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 26,825评论 0 194
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 35,590评论 2 273
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 35,501评论 2 268

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 419评论 0 1
  • རང་ཉིད་རང་གི་མགོན་ཡིན། སྤྱི་ཚོག...
    阿柔零八阅读 336评论 0 0
  • མདང་ནུབ་ངའི་རྨི་ལམ་དུ་ཡང་བསྐྱར་མི་དེ་རྨིས་བྱུང་། ཞོག...
    玛尚卟姆阅读 1,101评论 1 3
  • 01 果儿从来没有想过自己有一天会去相亲,虽然说宿舍里的同学都有男朋友了,自己还单着,那不过是因为追她的男生她都看...
    西丝轩主阅读 586评论 7 4
  • 世界,好繁华,心里,好痛苦。路,走在迷茫中,遗失的方向,迷失了自己。 灯塔,为大海航行的船指明方向,靶子的红点,为...
    月半鸭阅读 179评论 0 0