ཡན་ལག་མཐུན་ཚོགས་ཀྱི་ཁ་ཕྱོགས་གཅིག་པའི་རྩོམ།

           བོད་པའི་མ་ཡུམ།

       མོ་ལུས་ནི་མ་ཡུམ་ཞིག་གི་ལས་དབང་རེད།མོ་ལུས་ནི་བུ་ཕྲུག་ཅིག་གི་སྙིང་དུ་སྡུག་པའི་མ་ཡུམ་རེད།མ་ཡུམ་ནི་རླབས་ཆེན་གྱི་ཚེ་སྲོག་སྐྲུན་མཁན་རེད།

      མ་ཡུམ་གྱི་མཚན་བྱང་འདི་ཐོས་མ་ཐག་གོང་དཔོན་པོ་བླ་མ་དང་བར་སྐྱ་སེར་ཕོ་མོ་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་མ་ཡུམ་དྲན་པ་ཙམ་གྱིས་སྙིང་ལ་རླབས་ཆེན་གྱི་མི་སྣ་ཞིག་ཡིན་སྣང་སྐྱེ་ལ་ཁ་ནས་ཡང་དཔེ་འགོད་གཟུགས་འགོད་གང་འཚམ་རེ་བྱས་ཏེ་མི་རིགས་ཤིག་གི་བླ་སྲོག་ལ་གྱུར་བ་ཡོད་ཚད་མ་ཡུམ་གྱི་ཚིག་འབྲི་གཉིས་པོ་འདི་བཀོད་ནས་ཆེ་བརྗོད་བྱེད།ཡིན་ནའང་།དོན་ངོ་མར་བླ་སྲོག་ལ་གྱུར་བའི་མ་ཡུམ་དེའི་བདེ་སྡུག་དང་གུ་དོགས་པའི་བསམ་བློ་ལ་མདུན་སྐྱོད་ཀྱི་མཁའ་དབུགས་ཤིག་བསྐྲུན་རྒྱུ་དང་།མོ་ལུས་ཤིག་ལའང་རླབས་ཆེ་བའི་མ་ཡུམ་ཞིག་གི་ཁྱད་ཆོས་ཡོད་པ་དེ་གོ་རྟོགས་ཡང་དག་ཅིག་བྱུང་ཡོད་དམ།བུ་ཕྲུག་དེ་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་དུ་མ་ཡུམ་ལགས་ཀྱི་བྱམས་བརྩེ་ནི་སུ་ཞིག་གིས་ཀྱང་ཚབ་བྱེད་ཐབས་མེད་པ་ཞིག་དང་།མ་ཡུམ་གྱི་འགྲོ་འདུག་སྤྱོད་གསུམ་ཚང་མ་བུ་ཕྲུག་གིས་ལད་ཟློས་བྱེད་ཀྱིན་ཡོད་ལ།མོའི་གསུངས་ངག་དེས་བུ་ཕྲུག་གི་མི་ཚེའི་ཁ་ཕྱོགས་དང་རྣམ་དཔྱོད་འཕེལ་འགྲིབ་སོགས་ལ་དམ་དུ་འབྲེལ་ཡོད་པ་དེ་དངོས་ཡོད་སྤྱི་ཚོགས་ན་སུ་ཡིས་སྣང་འཇོག་བྱས་ཡོད།

       མ་ཡུམ་ནི་མོ་ལུས་བླངས་པ་ཡོད་ཚད་ཀྱིས་བྱས་ཆོག་ཀྱང་མ་ཡུམ་གྱི་འགན་འཁྲི་ནི་རང་འགར་ན་བ་ཚ་བའི་དཀའ་སྡུག་ལ་བསྲན་ནས་བུ་ཕྲུག་ཅིག་སྐྱེ་རུ་བཅུག་པ་ཁོ་ནས་མ་ཆོག་སྟེ།མོའི་འདུ་ཤེས་ལ་མོ་ལུས་ཤིག་གི་འགན་འཁྲི།ཨ་མ་ཞིག་གི་འགྲོ་འདུག་སྤྱོད་གསུམ།མདོར་ན་ཨ་མ་སྦྲུམ་མ་ཞིག་གི་དབང་བོ་ལྔ་ཡིས་འགུལ་སྤྱོད་ནི།བུ་ཕྲུག་ཅིག་གི་འབྱུང་འགྱུར་གྱི་ཤེས་པ་དང་འཇོན་ཐང་ལ་འབྲེལ་བའི་གོ་རྟོགས་དང་སྨྲ་ཤེས་ཤིང་དོན་གོ་བའི་མི་རིགས་ཤིག་གི་རྨོངས་མུན་སེལ་བའི་སྒྲོན་མེ་ཡིན་པའི་རང་རྟོགས་དགོས།འོན་ཏེ་ང་ཚོའི་རོང་འབྲོག་དམངས་ཚོགས་མང་ཆེ་བ་ད་དུང་ཡིག་རྨོངས་པའི་སྡེ་ན་ལུས་པས།ཁྱིམ་ཚང་ཞིག་གིས་ཨ་མ་སྦྲུམ་མ་ཞིག་ལ་ཧ་ཅང་གི་འགན་ཁུར་བྱས་ཡོད་ན་དེ་ནི་མ་བུ་གཉིས་ལ་བར་ཆད་ལམ་སེལ་གྱི་ཚུལ་དུ་ཆོས་ལུགས་ཀྱི་ཆོ་ག་བསྒྲུབས་ཡོད་པ་རེད།དེ་མིན་སྦྲུམ་མ་ཞིག་ལ་ཆེད་དུ་བསྒྲིགས་པའི་ཁོར་ཡུག་གང་ཡང་མེད་དེ་བྱིས་པ་སྐྱེ་བ་དེ་ཚང་མའི་སྐྱེ་མྱོངས་པའི་འདུ་ཤེས་སུ་བཟུང་སྟེ་སྣང་མེད་དུ་འཇོག་ལ།  བོད་པའི་མ་ཡུམ་ཞིག་གི་འདུ་ཤེས་ངོས་ན་བུ་ཕྲུག་འཚར་སྐྱེ་བྱེད་པ་ནི་བདེ་ཐང་ངང་འཚར་ལོང་བྱུང་པའི་འགན་ཁུར་གཅིག་པོ་མ་གཏོགས།དེ་འབྱུང་འགྱུར་མི་སྣ་ཅི་འདྲ་བ་ཞིག་ལ་སྐྱེད་བསྲིང་བྱེད་དགོས་པ་དང་བུ་ཕྲུག་གི་ཤེས་ཡོན་སོགས་ལ་དམིགས་གཞིའམ་འཆར་གཞི་གང་ཡང་མེད་པ་མ་ཟད།བདེ་ཐང་ཡང་བདེ་ཐང་ཟེར་བ་ཙམ་ལས་དོན་དངོས་ཀྱི་བདེ་ཐང་ཟེར་བ་ག་འདྲ་ཞིག་ཡིན་པ་གཞི་ནས་ཤེས་མ་མྱོང་།མུན་ནག་འཚོོ་བས་མོའི་ལུས་ངག་ཡིད་གསུམ་འཐོམ་སྦྲིད་དུ་བཏང་འདུག གལ་ཏེ་རོང་བའི་ཁྱིམ་ཚང་ངམ་འབྲོག་པའི་ཁྱིམ་ཚང་གང་ཞིག་གི་མནའ་མར་ཆེད་དུ་བྱིས་པའི་འབྱུང་འགྱུར་གྱི་ཤེས་པ་ལ་དམིགས་ཏེ་ཚན་རིག་དང་མཐུན་པའི་སྦྲུམ་མའི་ཁོར་ཡུག་བསྐྲུན་ན།ཕལ་ཆེར་རི་ཁ་ཁྱིམ་མཚེས་ཀྱིས་འཕྱ་བའི་གནས་ལ་འགྱུར་རྒྱུ་རེད།

    རྙིང་ཞེན་གྱི་རྔམ་མཐུག་པ།རིག་གནས་ལ་བརྩི་མཐོང་མེད་པའི་སྤྱི་ཚོགས་ནི་ཁྲིམས་ཁང་ཞིག མཚན་ཆེ་བའི་མ་ཡུམ་ནི་བཙོན་མ་རེད།སྙིང་རྗེ་བའི་དྭ་ཕྲུག་འཁྱམ་པོ་དེ།ད་དུང་སྔར་བཞིན་རང་ཁ་རང་གསོ་ཙམ་ཡང་ཐུབ་རྒྱུ་དཀའ་མོར་སྣང་སྟེ།མི་ཡུལ་ན་་་ལམ་ཁ་ན་་་ར་བཟི་བོར་གྱུར་བ་དེ་སུ་རེད།

                                          མ་བཟང་བུ་མོ་ཡིས།


           

བོད་པའི་མ་ཡུམ།

དཀོན་མཆོག་གསུམ་པོ་གཙུག་ཏུ་བཀུར་ཞིང་།།

མ་ཎི་ཡིག་དྲུག་ངག་ན་མགུར་བ།།

འགྲོ་དྲུག་སེམས་ཅན་དབུས་ན་གསོལ་བའི།།

གཞུང་དཀར་བོད་པའི་མ་ཡུམ་མཆོག་གོ།

གཞན་རྟེན་བསམ་བློའི་རྨུ་ཐག་རིང་བ།།

རང་ལུས་དམན་པའི་འདུ་ཤེས་རྒྱུ་བ།།

རྐང་ལག་གཉིས་ལ་བསྐྱར་འཇུག་གོམས་པ།།

ལས་སྐྱོ་བོད་པའི་མ་ཡུམ་མོ་རེད།།


ཆོས་པའི་དྲུང་གི་འདྲེ་མོ་འདྲ་བོ།།

ཁྱིམ་ཚང་ནང་གི་གཡོག་མོ་འདྲ་བོ།།

སྡེ་ཁའི་ཁྲོད་ཀྱི་དབྱེན་མོ་འདྲ་བོ།།

བསམ་ཞིང་བསམ་ན་བོད་པའི་མ་ཡུམ།།

ཕ་མའི་ཐུགས་ཀྱི་ལས་ངན་ཅན་མ།།

ཁྱོ་ཀའི་རུམ་གྱི་གཉོམ་ཆུང་ནག་མོ།།

བུ་ཕྲུག་འདང་གི་བྱམས་ལྡན་མ་ལོ།།

རང་སྣང་བོར་བའི་མ་ཡུམ་མོ་འོ།།

ཨ་མའི་དྲུང་གི་ལག་ལས་ཅན་མ།།

ཨ་ནེའི་འདང་གི་གཡོ་རྒྱུ་ཅན་མ།།

དབྱངས་གསལ་སོ་བཞིའི་འོད་མདངས་བོར་བའི།།

མཚན་ཆེའི་དོན་ཆུང་བོད་པའི་མ་ཡུམ།།

                                                  མ་བཟང་བུ་མོས།




                                         

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 157,298评论 4 360
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 66,701评论 1 290
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 107,078评论 0 237
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 43,687评论 0 202
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 52,018评论 3 286
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 40,410评论 1 211
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 31,729评论 2 310
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 30,412评论 0 194
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 34,124评论 1 239
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 30,379评论 2 242
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 31,903评论 1 257
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 28,268评论 2 251
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 32,894评论 3 233
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 26,014评论 0 8
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 26,770评论 0 192
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 35,435评论 2 269
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 35,312评论 2 260

推荐阅读更多精彩内容