མཎ་ནཱ་ལྀ་སཱའི་འཛུམ་མདངས། 蒙娜丽莎的微笑

མཎ་ནཱ་ལྀ་སཱའི་འཛུམ་མདངས།  蒙娜丽莎的微笑

                                    བྷྲ་ཝཎ་ཟྀ་ཡིས་བྲིས་པའི་གསར་གཏོད་རི་མོ།

                                      ——达·芬奇创作绘画

མཎ་ནཱ་ལྀ་སཱ་ནི། ཨེ་ཊ་ལྀའི་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོའི་མཁན་པོ་བྷྲ་ཝཎ་ཟྀ་ཡིས་བྲིས་པའི་གསར་གཏོད་བརྩམ་ཆོས་ཡིན་ཞིང་། ཕཱ་རཎ་སྀའི་ལོ་ཝར་ཕོ་བྲང་རྟེན་མཛོད་ཁང་དུ་བཞུགས་སོ།། རི་མོ་དེའི་ནང་དོན་གཙོ་བོ་ནི། སྐྱེས་མའི་དཔེ་མཚོན་གྱི་འཇམ་ཤས་དང་ཡིད་འོང་གི་ཆ་མཚོན་ཞིང་། མ་རྩ་རིང་ལུགས་ཇེ་མཐོའི་དུས་སྐབས་ཀྱི་གྲོང་ཁྱེར་གྱི་འབྱོར་ལྡན་རིམ་པའི་བུད་མེད་ཀྱི་རྣམ་པ་མཚོན་པའི་རི་མོ་ལེགས་འགྲུབ་བྱུང་ངོ་།།

      《蒙娜丽莎》是意大利文艺复兴时期画家达·芬奇创作的绘画作品,收藏于法国卢浮宫博物馆。 该画作的主要内容,表现了女性的典雅和恬静的典型形象,成功地塑造了资本主义上升时期一位城市有产阶级的妇女形象。

ཕཱ་རཎ་སྀའི་ལོ་ཝར་ཕོ་བྲང་རྟེན་མཛོད་ཁང་། 法国卢浮宫博物馆

མཎ་ནཱ་ལྀ་སཱ་ཡིས་རིག་རྩལ་བསྐྱར་དར་སྐབས་ཀྱི་མཛེས་རིག་ཁ་ཕྱོགས་ཀྱི་འཐུས་ཚབ་བྱས་ཡོད་ཅིང་། བརྩམ་ཆོས་དེས་སྐྱེས་མའི་གདིང་དང་བླ་མེད་ཀྱི་བསམ་པའི་ཀུན་སྤྱོད་མངོན་པ་དང་། རིག་རྩལ་བསྐྱར་དར་སྐབས་སུ་མི་རྣམས་ཀྱིས་སྐྱེས་མའི་མཛེས་སྡུག་ལ་དམིགས་པའི་འདུ་ཤེས་མཚོན་ནོ།།

      《蒙娜丽莎》代表了文艺复兴时期的美学方向;该作品折射出来的女性的深邃与高尚的思想品质,反映了文艺复兴时期人们对于女性美的审美理念和审美追求。


ལོ་རེར་ལོ་ཝར་ཕོ་བྲང་རྟེན་མཛོད་ཁང་དུ། བརྩམ་ཆོས་མཎ་ནཱ་ལྀ་སཱ་མཇལ་མཁན་གྱི་མི་གྲངས་ཕལ་ཆེར་ཁྲི་ ༦༠༠ གཡས་གཡོན་ཡོད་དོ།། ༡༩༥༢ ལོར། བྷྱོ་མཎ་ནྀ་ཡིས་མཎ་ནཱ་ལྀ་སཱའི་སྦྲག་འཛིན་ཐོག་མ་སྤེལ་ལོ།།

        每年到卢浮宫鉴赏《蒙娜丽莎》作品的人数,大约有600万左右。 1952年,德国发行首枚《蒙娜丽莎》邮票。


༡༥༠༤ ལོའི་གཡས་གཡོན་དུ། བྷྲ་ཝཎ་ཟྀ་ཡིས་མཎ་ནཱ་ལྀ་སཱའི་མཛུམ་མདངས་གསར་བྲིས་གནངས་ཤིང་། རི་མོ་དེ་ལ་ཇི་ལྟར་བལྟས་ཀྱང་མོ་དམན་ཞིག་གི་འཛུམ་མདངས་ཡིན་ནའང་། དོན་དུ་དེ་ལྟར་མ་ཡིན་པར་རི་མོ་དེའི་རྒྱབ་ལོག་ཏུ་བཞིན་རས་གཞན་ཞིག་སྦས་ཡོད་པ་རེད། ཚན་རིག་པས་འོད་སྣ་མང་གིས་ཕྱགས་བྲིས་བྱས་པའི་བརྒྱུད་ནས་རི་མོ་མི་འདྲ་བ་གསུམ་མཐོང་ཞིང་། དེ་ཚོ་མཎ་ནཱ་ལྀ་སཱའི་འཛུམ་མདངས་ཀྱི་རྒྱབ་ལོག་ཏུ་སྦས་ཡོད་དོ།། གལ་ཏེ་ང་ཚོས་འདྲ་རིས་དེ་དག་སོར་ལོག་བགྱིས་ན། གཡོ་བའི་རྣམ་པ་ཅན་གྱི་མཎ་ནཱ་ལྀ་སཱའི་འཛུམ་མདངས་ཤིག་མཐོང་ཐུབ་ཅིང་། བྷྲ་ཝཎ་ཟྀ་ཡི་རྣམ་དཔྱོད་ལྡན་པའི་གསར་གཏོད་ལ་ཡི་རང་མི་ཞུ་ཐུ་མེད་རེད་འདུག་གོ།།

      1504年左右 ,达芬奇创造了蒙娜丽莎的微笑,这幅作品咋看是一个女人的微笑,但事实上不是,在这幅画的背后还隐藏着第二张脸,科学家通过多光谱扫描发现了三种不同的绘画,他们就隐藏在蒙娜丽莎的微笑背后。如果我们将这些图像还原,那么就会看到一个动态的蒙娜丽莎的微笑,不得不佩服达芬奇的天才创作。


༡༩༡༡ ལོར་མཎ་ནཱ་ལྀ་སཱའི་འཛུམ་མདངས་རྐུ་ཤོར་ཅིང་། ཝ་ཨེ་ཕེ་ནོ་ཡིས་ཕཱ་རཎ་སྀ་ནས་བརྐུས་ཏེ། ཕྀ་ལུ་ཇཱ་ཡིས་ཨེ་ཊ་ལྀ་ལ་ཚུར་སྤྲད། དངོས་གནས་བྱས་ན། བཙོན་དུ་གཞུག་དགོས་ཀྱང་། ཨེ་ཊ་ལྀ་ཡི་འབངས་མིའི་གོང་བཀུར་དང་སྡོང་གྲོགས་འོག་ཉེས་ཆད་ལྕི་མོ་མ་ཕོག་གོ།།

      《蒙娜丽莎的微笑》在1911年失窃,由瓦尔菲诺在窃出法国,由佩鲁贾交回给意大利,本应坐牢,但是在意大利民众的拥护下并未给予太重的刑罚。


དེ་རྗེས་འབྲེལ་བ་ཐེངས་འགའ་བྱས་རྗེས། ཨེ་ཊ་ལྀ་ཡིས་མཇུག་མཐར་མཎ་ནཱ་ལྀ་སཱ་དེ། ཕཱ་རཎ་སྀ་ལ་ཕར་སྤྲད་དོ།། རི་མོ་གྲགས་ཅན་དེ་ཐོབ་མ་ཐག་ནས། ཕཱ་རཎ་སྀ་ཡིས་དེ་འཕྲལ་དུ་ཁྲིམས་སྲོལ་ཞིག་དོན་པ་དང་། མཎ་ནཱ་ལྀ་སཱ་ནི་རྒྱལ་ཁབ་ཀྱི་ཕ་ནོར་ཡིན་པའི་ཁྱབ་བསྒྲགས་བྱས། རི་མོ་དེའི་རིན་ཐང་གཞལ་དུ་མེད་ཅིང་། གལ་ཏེ་སྐབས་དེ་དུས་ཕཱ་རཎ་སྀ་ཡིས་མཎ་ནཱ་ལྀ་སཱ་ཕར་ཉོ་དགོས་ཐུག་ཡོད་ན། ཕཱ་རཎ་སྀ་ཡིས་མ་མཐའ་ཡང་ཨ་སྒོར་དུང་ཕྱུར་ ༣༤༢ དང་ཁྲི་ ༢༠༠༠ སྤྲད་དགོས་སོ།།

        后来几番交涉,意大利最后把蒙娜丽莎交还给法国。一得到名画,法国立刻出台一条法规,宣布蒙娜丽莎是国宝,它的价值“无可估量”。如果法国当时被迫需要买回蒙娜丽莎,那么法国至少需要支付34亿2000万美元。


བྷྲ་ཝཎ་ཟྀ། 达芬奇


  སྒ་སྐྱེ་རྒུ་མདོ་ནས་ཚེ་ཏན་དོན་གྲུབ་ཀྱིས་ཡོངས་འཛིན་ལས་བཏུས་ཏེ་བོད་བསྒྱུར་བྱས་སོ།།༢༠༡༨/༥/༥

          ——摘自百度 2018年5月5日才旦東珠藏译于玉树市

推荐阅读更多精彩内容